སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྗེ་ཙོང་ཁ་བ།  ཐུགས་སེམས་མ་སྐྱོ །
[ 2015/11/15 18:54:00 | By: ཁ་བ་རྐང་གླིང་། ]
 

རྗེ་ཙོང་ཁ་བ། ཐུགས་སེམས་མ་སྐྱོ །

ལ་སྟོད་ཚེ་རིང་།

 

ལོ་ཡི་འཁོར་མོ་བརྒྱ་ཁྲག་མང་པོའི་སྔ་རོལ་དུ། བསིལ་ལྡན་ལྗོངས་འདིར་འཕགས་ཆེན་ཞིག་ བྱོན་མྱོང་བཞིན། བོད་གངས་ཅན་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་ལས། རིག་གནས་ཏེ། ཆེས་གལ་འགངས་ཆེ་ཤོས་སམ། འཛམ་གླིང་གི་ཡུལ་གྲུ་གང་སར་རིན་བྲལ་གྱི་ནོར་བུར་རྩི་བའི་ཤེས་རིག་འདི་ དར་ཞིང་འཕེལ་བར་མཛད་དོ།།

 

དུས་རབས་ཉེར་གཅིག་པ་ནི་དཔལ་འབྱོར་གྱི་དུས་རབས་སམ་བརྡ་འཕྲིན་གྱི་དུས་རབས་སུ་སླེབས་པའི་དུས་འདིར། ཁ་བ་གངས་ཅན་གྱི་བོད་མི་རྣམས། མེས་པོའི་བློ་གྲོས་ལ་སླབས་པ་གནང་རྒྱུ་རྒྱང་སྐྱུར་ཏེ། ཁོང་ཚོའི་མཛད་བཟང་རི་ཀླུང་ཐང་གསུམ་དུ་མ་ལུས་པར་ངག་གི་དབྱངས་སུ་སྒུག་ཤེས་པ་ཙམ་ལས། དཀའ་ངལ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་སེམས་སུ་ངེས་ནས། ལག་ཏུ་བླངས་ཏེ། འཕེལ་རྒྱས་དང་གསར་གཏོད་ཅེས་པ་ནི་ཡིད་ལ་ཡང་མི་དྲན་པ་འདྲ།།

 

ཀྱེ་ཀྱེ། གངས་ཅན་གྱི་སྐྱེས་ཆེན་ལགས། ཁྱེད་རང་ཙོང་ཁ་ཞེས་པའི་ཡུལ་གྲུ་ནས་ཁ་ཆར་བུ་ཡུག་ལ་མ་འཛེམས་པར། གོམ་པའི་འདེགས་འཇོག འུ་ཚོས་སེམས་ཁོང་ནས་རྩི་བའི་དག་ཞིང་སྟེ། ནུབ་ཕྱོགས་ཆུ་ལྷའི་ཕང་བ་དབུས་ཉི་མ་ལྷ་སའི་ཕྱོགས་སུ་ཆས་བཞིན། གངས་ཅན་ལྗོངས་སུ་མཛད་འཕྲིན་ཉི་མ་དང་མཉམ་པའི་སྐྱེས་ཆེན་མང་པོའི་ཞབས་ལ་གཏུག་ནས་སྐུ་ཉིད་ཀྱི་ཤེས་རིག་ཡར་ངོའི་ཟླ་བཞིན་འཕེལ་བ་ཞིང་དུས་ག་ཙམ་ཞིག་གི་རྗེས་སུ་མཚན་སྙན་གྱི་གྲག་པའི་སྲིད་གཞིའི་མཐའ་ལ་འཁྱབ་ཅིང་རྒྱལ་བ་གཉིས་པའི་མཚན་སྙན་ངང་གི་ཐོབ།།

 

ང་ཚོ་སྟེ། སིལ་ལྡན་ལྗོངས་ཀྱི་རྗེས་འཇུག་པ་ཚོས། ཉིད་ཀྱི་བློ་རྩལ་ཡོད་དགུ་རྩལ་དྲུག་ལས་འཁྲུངས་བཞིན། ཕྱུག་གི་སྨྱུག་རྩེ་ལས་ཐོན་པའི་ལམ་རིམ་ཆན་མོ་དང་སྔགས་རིམ་ལ་སོགས་པའི་ལྗག་རྩོམ་རྣམས་ལ་བློ་ཞིབ་མོའི་འབད་ངེས་ལ། ང་ཚོས་འཛམ་གླིང་གི་ཡུལ་གྲུ་བརྒལ་ཏེ། དེ་དག་ལ་ཟུར་རྒྱན་གྱི་མེ་ཏོག་རེ་ཡང་འདོག་པར་བྱེད་ངེས།།

མཉམ་མེད་རྒྱལ་བ་ཙོང་ཁ་བ། དུས་ད་ནས་བཟུང་ང་ཚོ་སྟེ། བོད་གངས་ཅན་ལྗོངས་ཀྱི་ན་གཞོན་ཚོར་༼ཨ་ཡོད་ནང་གི་ད་ཡོད་༽དེ་རིག་གནས་ཡིན་པ་ངོ་འཕྲོད་བྱུང་བས། གདུ་བུའི་ཁྲིག་མའི་དབྱངས་རྟ་ཡིད་ལ་ངེས་ནས་དུས་ཚོད་ཀྱི་འཁོར་བགྲོས་སེམས་སུ་བཟུང་སྟེ། ཤེས་རིག་ཞེས་པ་དེ་སེམས་པའི་གཏིང་རུམ་དུ་བཀོད་རྒྱག་ཅིང་། འབས་བརྩོན་ཞེས་པ་སྐེ་ལ་འདོགས་པར་བྱེད་དོ།།

 

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.