བོད་ཀྱི་བུ་མོའི་ལས་དབང་།
མེ་འབར།
འཆར་འཕྲིན་གྱི་དུས་རབས་སུ་བསླེབས་ཟིན་ཀྱང་། ང་ཚོའི་ཕ་ཡུལ་
འདི་ཕྱོགས་བཞི་རི་བོས་བསྐོར་བས་ཡིན་ནམ། ཡང་ན་འཛམ་གླིང་ཡངས་རྩེ་
ཡིན་པས་ཡིན་ངས་གསལ་པོར་ཤེས་མ་བྱུང་། གང་ལྟར་ཀྱང་། ང་ཚོ་བོད་ཀྱི་
བུ་མོ་མང་པོ་ཞིག་ནི་ད་དུང་ཡང་། ཁྱོ་བོས་གང་བཤད་ལ་ཉན་པ་མ་ཟད་འགའ་
རེས་ཉེས་བརྡུང་དྲག་པོ་བཏང་ཀྱང་། ཁོ་མོ་ཚོས་འདི་ནི་ཚེ་སྔོན་མའི་ལས་ངན་
བསག་པའི་འབྲས་བུ་རེད་ཅེས་ཟེར།།
དོན་དམ་ཁོ་མོ་ཚོ་དེ་འདྲའི་སྡུག་བསྔལ་གྱི་རྒྱ་རུ་བཅུག་མཁན་ནི་རང་རེའི་
ཕ་མ་ཚོ་མ་ཡིན་ནམ། གང་ལགས་ཞེས་ན། རང་རེའི་ཕ་མ་ཚོས་འདི་འདྲ་
གནང་བཞིན་འདུག ཁོ་རང་གཉིས་མོས་མཐུན་ཡོད་མདེ་འདྲི་རྒྱུ་ཕར་ཞོག་
མཐོང་མྱོང་ཙམ་ཡང་མེད་པར། ཁོ་གཉིས་བག་ཉལ་ཡིན་ཞེས། ཆང་གི་བཟ་
བར་ཟོས་ནས། བཙན་གྱི་ཁོ་གཉིས་ལ་འདོད་ཆགས་བསླངས་ཏེ། སྙིང་པོ་མེད་
པའི་བཟའ་ཚང་ཞིག་དུ་གྱུར་བ་རེད། །
ངོ་མ་ང་ཚོའི་མི་རིགས་འདི་ནི་ངོ་ཚར་ཤིན་ཏུ་ནས་འཛེམ་པའི་མི་རིགས་
ཤིག་རེད། ཡིན་ནའང་རང་དོན་གྱི་ཆེད་དུ་ངོ་ཚ་ཞེས་པའང་སྤང་ནུས་པ་
འདིར་བལྟས་ན། ནམ་ཞིག་རང་གི་བུ་མོ་ཡི་སྡོམ་ལ་ཡང་ལྟ་བའི་ངེས་
པ་མིན་འདུག་ལ། རིག་གསར་སྐབས་སུ་རིག་དངོས་རྩ་མེད་གཏོང་མཁན་
དེ་ཡང་ང་ཚོ་རང་ཉིད་མ་རེད་ཅེས་ཁ་ཚོན་གཅོད་པར་དཀའ། །
དེ་འདྲའི་གནས་ཚུལ་གྱི་རྐྱེན་པས། བོད་མོ་ཚོ་ནམ་ཡང་མགོ་བོ་ཡར་
ལ་སྒྱེ་མི་ཐུབ་ཅིང་། མང་མང་ཞིག་བཅར་བརྡུང་གི་ཁ་ནས་ཐར་གྱིན་མེད་པ་རེད།
རང་རེའི་ཡབ་ཆེན་ཡུང་ཆེན་ཚོས་མནོ་བསམ་གྱི་སྐུད་སྣེ་ཁབ་མིག་ནང་རྒྱུ་བ་ལྟར་
བསམ་བློ་རེ་ཐོང་དང་། མེ་རེ་རེའི་བདེ་སྐྱིད་འཚོལ་སྟངས་ཆ་མ་རེད་ལ། དེ་བས་
མི་གཉིས་མཉམ་མཐུན་གགྱི་བདེ་སྐྱིད་ཅིག་སྐྲུན་དགོས་ན། མ་མཐར་དེ་གཉིས་
དུས་ཡན་ག་ཙམ་གཅིག་མ་གཤིབས་ཚེ་ཇི་ལྟར་བདེ་སྐྱིད་ལྡན་མིན་ཤེས་སམ། །
རང་རེའི་ཕ་མ་ཚོས་རང་གི་ཕྲུ་གུའི་བདེ་སྐྱིད་ཀྱི་ཆེད་དུ་མནོ་བསམ་ལེགས་
པོར་གཏོང་གནང་ཡོད་པར་མཁྱེན་མཁྱེན།།