སེམས་ཀྱི་དག་ཞིང་།༼ ཞར་བཀོད ༽
སྙུག་སྟོབས་བདེ་གྲོལ།
ནག་ཡུག་ཡུག་གི་འཇིག་རྟེན་འདི་བསྐྱུར་ནས།
སངས་རྒྱས་ཀྱིས་གླེགས་བམ་དུ་གསུངས་བའི་དག་ཞིང་དེར་འཇུ་འདོད།
ངས་ཉིན་མཚན་ལ་དབྱེ་བ་མེད་པར་དག་ཞིང་དེ་ཇི་ལྟར་སྒོམས་ཀྱང་།
མིག་མདུན་དུ་མཛའ་མོའི་ངོ་གདོང་གསལ་ལེར་འཆར་བཞིན་འདུག
སྒོམས་སྒོམ་པའི་དག་ཞིང་ཆེས་མཛེས་ཤོས་དེ་ག་རེ་རེད།
སུ་ཞིག་གིས་ཀྱང་མི་མཐོང་བའི་འཆར་ཡན་གྱི་དག་ཞིང་དེ་ཡིན་ནམ།
དགའ་སྐྱོ་འབྲེལ་མའི་མི་ཡུལ་འདི་ཡིན།
སེམས་ངོགས་མུན་པས་བསྒྲིབ་དུས།
ཁ་སང་གི་དགའ་སྟོན་གྱི་བདེ་སྐྱིད་ཚོར་ཐུབ་པ།
སེམས་ངོས་སུ་ཁ་ཆར་མ་འཚུབ་པའི་སྔ་རོལ་དུ་བདེ་སྐྱིད་ཞེས་པ་ཞིག་ཚོར་སྲིད་དམ།
སེང་གེར་སྤྲུལ་བའི་ཝ།
སྙུག་སྟོབས་བདེ་གྲོལ།
ཁང་བ་བརྗིད་ཉམ་ཅན་གྱི་ནང་ན་སེང་གེར་སྤྲུལ་བའི་ཝ་ཞིག་འདུག
ངའི་ཨ་ཕ་ནི་ས་བརྡུལ་ལ་འཐམ་ནས་འཚོ་བར་རོལ་མཁན་ཞིག་ཡིན།
མནོ་བསམ་ཇི་ལྟར་གཏང་སྟེ་ཁང་བ་དེའི་ནང་འཛུལ་ཐབས་བྱས་ཀྱང་སྒོ་སྲུང་དམག་མི་
དག་གིས་ཕྱིར་བུད་བྱེད།
ཁྱིམ་མཚེས་ཀྱི་འབྱོར་ཅན་ཁོ་ནམ་ཡང་ཚད་བཀག་མེད་པར་འཛིག་ཉམ་དང་བཅས་འགྲོ་
བཞིན་འདུག
ཅི་ཞིག་གིས་ཡིན་ནམ།
གྱོན་གོས་ཀྱིས་བྱས་པ་ཡིན་ནམ། སྒོར་མོས་བྱས་པ་ཡིན།
ཀྱེ་མ། ངའི་ཨ་ཕས་སྒོ་གང་ནས་འཛུལ་དགོས་སམ།
ཞིང་གྲོང་གི་སྙན་གི་མཛེས་པ།
སྙུག་སྟོབས་བདེ་གྲོལ།
སྙེ་མས་མགོ་ལྕོག་ལྡེམ་ཞིང་།
ཞིང་པ་རྒན་མོས་འཛུམ་ཚེར་མཐོང་སྐབས།
ངའི་སེམས་ཁོངས་སུ་དྲོད་ལམ་ལམ་གྱིས་ཉི་འོད་ཅིག་ཕྲོས་ཏེ།
གླུ་ཆུང་ཞིག་དབང་མེད་དུ་ཤོར་བྱུང་།
སྙེ་མར་ལག་པས་རེག་རེག་བྱེད་ཀྱིན།
བཀའ་དྲིན་ཆེ།
སང་ལོ་ཡང་འདི་ལྟར་བྱེད་དགོས་ཞེས་བཀའ་ཞིག་ཕབས་པ་ཡིན།
བཀའ་དེ་ཕབས་རྗེས།
བྱེའུ་ཆུང་གིས་སྤྲོ་གླུ་དང་མཉམས་དུ་ཇོ་མོ་གླང་མའི་རི་རྩེར་འཕུར་སྟེ།
རི་རྩེའི་ཉི་འོད་དང་འབྲེས་ནས་ཕ་ཡུལ་ལ་རྒྱང་ལྟ་བྱེད་བཞིན་ཡོད།
ནམ་ཞིག་རི་རྩེར་ཉི་མ་འཆར་གོང་ནས་ཕ་ཡུལ་དུ་ཤར་བ་ཞིག་ཟོ་ཐུབ་བམ།
དེ་དུས་ངའི་ཡོད་ཚད་བསྒྲུབ་ཚར་བ་ཡིན།
ཁྱེད་ལ་ཁ་པར་གཏོང་ཐེངས་རེ་རེ།
སྙུག་སྟོབས་བདེ་གྲོལ།
མཚན་རིག་གིས་བཀའ་དྲིན་གྱིས་ངེད་གཉིས་ཀྱི་བརྩེ་གཏམ་བར་མེད་དུ་གླེང་རྒྱུ་བྱུང་།
ཁྱེད་ཀྱིས་ཆེས་སྙན་པའི་སྐད་ཆས་ངའི་ལུས་སེམས་ཚ་གསོབ་གསོབ་དུ་ཟོས་ཏེ།
ངས་ཁ་པར་ལ་འོ་ཞིག་བྱས་པ་ཡིན།
ཁྱེད་དང་མཉམ་དུ་འདུག་དུས་སུ་ངས་བཤད་མི་ཐུབ་པའི་སྐད་ཆ་མང་བོ་ཞིག་ཀྱང་བཤད་ནས།
ངའི་སེམས་པ་དམར་རྗེན་དེ་ཁྱེད་ཀྱིས་མདུན་དུ་བཀྲམ་ཡོད།
ཁ་པར་གྱིས་འུ་གཉིས་ཀྱིས་བརྩེ་དུངས་ཇེ་གཟབ་ནས་ཇེ་གཟབ་དུ་གཏང་སྟེ།
ལག་འཇུ་གློད་ཐབས་མེད་པ་ཞིག་སྐྲུན་པས།
ངས་ནམ་ཡང་མཚན་རིག་ལག་རྩལ་ལ་དགའ་གུས་བྱེད་བཞིན།
ནམ་ཞིག་འུ་ཚང་ཀྱང་ལག་རྩལ་པར་གྱུར་བར་རེ་སྨོན་བྱེད་བཞིན་ཡོད།
ཉི་འོད་མེད་པའི་ཉིན་མོ།
སྙུག་སྟོབས་བདེ་གྲོལ།
ཉི་འོད་ཤིན་ཏུ་ཚེར་ཀྱང་།
ངའི་མདུན་ངོས་མུན་ནག་གིས་ཁེངས་འདུག
གཟུགས་ཀྱི་ཕུང་བོ་དང་།
འཕར་ལྡིང་མེད་ཆད་ལ་ཉེ་བའི་སྙིང་དམར་འདི་དག་ཀྱང་དྲག་ལྷགས་གིས་ཤིན་དུ་ནས་
གཙེས།
དེ་ནི་སུ་ཞིག་ལའང་བརྗོད་ཐབས་མེད་པའི་སྙིང་ནད་ཅིག་ཡིན།
ཡབ་ཡུམ་གཉིས་ལ་བཤོད་ཐབས་བྲལ།
ཆུ་མ་ལའང་དེ་ལྟར་རེད།
ངས་བརྗོད་ཐབས་མེད་པའི་སྐད་ཆ་དག
ཁ་བས་ཟིན་པའི་ལྩང་མའི་སྟེང་གི་བྱེའུ་ཤོག་ཟད་དེར་བཤོད་བཞིན་ཡོད།
ཟླ་བ་དང་ལོ་ངོ་ག་ཙམ་ཞིག་ནས།
ང་དག་ཞིང་ཁྲིད་བྱུང་།
ཁྱེད་རང་དག་ཞིང་ལས་སྐྱིད་པའི་དག་ཞིང་ཞིག་ཏུ་སྐྱེ་བའི་སྨོ་ལམ་འདེབ་ཞིང་ཡོད།
༼རྨི་ལམ་དུ་ཚེ་ལས་འདས་པའི་ཨ་ཁུ་ཚེ་རྨིས་པས་ཤ་མར་འདི་ལྟར་བྲིས་པ་ཡིན།༽