བླ་རུ་ཚང་།

                                                                              ཨ་ཀུན་གསལ་ཟླ་བའི་ཟིན་བྲིས།

 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྲི་ཆེན་བླ་མའི་མཆོད་སྤྲིན།
[ 2012/11/30 21:36:00 | By: ཨ་ཀུན་གསལ་ཟླ་བ། ]
 

ཁྲི་ཆེན་བླ་མའི་མཆོད་སྤྲིན།

 

ཀྱེ་ཀྱེ་བཀྲ་ཤིས་ལོ་གཡང་སྐྱ་རེངས་ཤར་རིའི་རྩེ་ནས་བཀྱགས་བྱུང་བས།།

གཡས་འཁྱིལ་དུང་དཀར་སྨིན་གྲོལ་རི་ལ་ཁྲི་ཆེན་ཉིན་བྱེད་དགའ་སྟོན་འཛུམ།།

འཇམ་དབྱངས་མཁྱེན་རབ་རིག་པའི་རྒྱ་མཚོ་བགྲང་བྱ་བཅུ་ཕྲག་བརྒྱད་སོན་པར།།

གུས་པའི་སེམས་ནས་དད་པའི་ངག་གིས་དབྱངས་ཀྱི་ལྷ་དར་སྐྱེམས་སུ་གསོལ།།

 

ཨེ་མ་མདོ་སྨད་གཤེན་བསྟན་གླིང་དུ་གྲུབ་དབང་བསྟན་པའི་རྒྱལ་མཚན་འཛིན།།

རླབས་ཆེན་བསྟན་དོན་བདག་གིར་བགྱིས་ཤིང་སྙིགས་མའི་འགྲོ་རྣམས་བརྩེ་བས་བཅིངས།།

རིག་གསར་དུས་ངན་ར་ཧུའི་ཁ་རུ་བསླབ་ཁྲིམས་ཟླ་བའི་དཀྱིལ་འཁོར་མཛེས།།

ཁྱེད་ནི་ཁ་མིན་དོན་གྱི་དགེ་བའི་བཤེས་གཉེན་ཁྲི་གཙུག་རྒྱལ་བའི་མཚུངས་ཟླར་ཉིད།།

 

དེ་བཞིན་ལྟོས་བཅས་འགྲོ་བའི་མོས་ངོར་རྨད་བྱུང་ངུར་སྨྲིག་ཚུལ་བཟུང་ཞིང་།།

ལུང་རྟོགས་ཡོན་ཏན་ཁུད་ཀྱིས་དུད་ཅིང་ལང་ཚོ་སྒྱུ་མ་བགྲེས་སོང་ཡང་།།

སྐུ་ཡི་མཛད་འཕྲིན་གསུང་གི་མན་ངག་ཐུགས་ཀྱི་དགོངས་རྟོགས་ལང་ཚོ་འབར།།

ཇི་སྲིད་འཁོར་བ་དོ་མ་སྤྲུག་བར་དེ་སྲིད་ཁྱེད་ནི་བཞུགས་སུ་གསོལ།།

 

 

               ༢༠༡༢ལོའི་ཟླ་༦པའི་ཚེས་༥ཉིན་ཤར་བྱང་ཞི་བདེའི་མཚོ་ཁ་ནས་བྲིས།།

 

 
 
Re:ཁྲི་ཆེན་བླ་མའི་མཆོད་སྤྲིན།
[ 2012/12/2 10:17:08 | By: བོན་ཕྲུག་ནས།(སྐུ་མགྲོན) ]
 
བོན་ཕྲུག་ནས།(སྐུ་མགྲོན)དགའ་བསུ་ཞུ་ཡག་པོ་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.