བླ་རུ་ཚང་།

                                                                              ཨ་ཀུན་གསལ་ཟླ་བའི་ཟིན་བྲིས།

 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཟུར།  ཁག་བཞི་བ།
[ 2012/12/30 11:17:00 | By: ཨ་ཀུན་གསལ་ཟླ་བ། ]
 

ཟུར། 

ཁག་བཞི་བ།

ནམ་ཟླ་མཚན་ཐུན་ཞིག་ལ།།

ཤུགས་རིང་བརྩེ་བ་ནར་མོ།།

སེམས་ཀྱི་མེ་ལོང་ཆག་རོར།།

དྲན་པ་ཟ་རེ་ཟི་རེ།།

 

ལག་སོར་བར་ན་འཁྱུག་པའི།།

བརྩེ་བའི་ཡིག་འབྲུ་ཁ་ཤས།།

ཤོག་དཀར་སྤང་ཐང་གཤར་བ།།

ལས་འཕྲོ་གསང་བའི་རི་མོ།།

 

མིག་ཟུང་སྒྲོག་གིས་གཅུར་བའི།།

ཀུན་སྤངས་གྲྭ་རྐྱང་སྐམ་པོར།།

རྟོག་པ་ཐོལ་ཐོལ་འབྲུག་པ།།

ཚོགས་དྲུག་ཡུལ་ལ་འཇུག་པ།།

 

འདུན་པ་ལྗོན་ཤིང་རྩེ་མོར།།

དམིགས་པ་འབྲས་བཟང་སྨིན་དུས།།

ད་དིར་སྙན་ངག་སྡེབ་པ།།

གསེར་གྱི་སྦྲང་ཆུང་ཆ་གཅིག།

 

ཐོལ་བྱུང་བརྩེ་བའི་སྤང་ལ།།

ཤེས་རིག་མེ་ཏོག་རང་བཞད།།

ཡ་རབས་ཨ་མར་འཕྲད་པ།།

ཚེ་སྔོན་ལས་ཀྱི་འབྲས་བུ།།

 

ཕྱི་རོལ་ནམ་ཟླ་འཁྱག་པ།།

སླེབས་པ་དགུན་གྱི་རང་མདངས།།

མི་སེམས་ནང་ནས་གྲང་བ།།

འཚོ་བ་རང་ལ་འགྱུར་རྟགས།།

 

ས་མཐའི་མི་རྐྱང་ལག་གི།

ཇ་དམར་ཤིང་ཕོར་ཁ་ན།།

རླངས་པ་ལྷོག་ལྷོག་འཕྱུར་དུས།།

དུས་ཀྱི་དགུན་ཁ་འདི་ཡིན།།

 

མི་ལ་རང་གི་ཡུལ་ཡོད།།

བྱ་ལ་ཤིང་ཁའི་ཚང་ཡོད།།

སྐྱིད་སྡུག་གང་ལ་འཕྲད་ཀྱང་།།

བརྗེད་ཐབས་ཡོད་ས་མ་རེད།།

 

 

                ༢༠༡༢ལོའི་ཟླ་༡༢པའི་ཚེས་༢༩་ཉིན་ཕ་ཡུལ་དྲན་ཙམ་གྱིས་ཐོལ་བྱུང་དུ་བྲིས།།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.