བླ་རུ་ཚང་།

                                                                              ཨ་ཀུན་གསལ་ཟླ་བའི་ཟིན་བྲིས།

 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཟུར།  ཁག་གསུམ་པ།
[ 2012/12/18 11:43:00 | By: ཨ་ཀུན་གསལ་ཟླ་བ། ]
 

ཟུར།

ཁག་གསུམ་པ།

སྲོད་ཀྱི་འཆར་ཀའི་རྩེ་མོར།།

ཞེད་སྐྲག་ནུར་མོ་ཞིག་གིས།།

སྐྱིད་ཀྱི་རྨི་ལམ་ཆག་འཕྲོ།།

མལ་ས་གྲུ་བཞིར་དབོ་ཐལ།།

 

ལྷ་རི་ཟུར་གསུམ་གན་ན།།

མཐུ་སྡོངས་མེ་ཆ་འགས་འགས།།

ཕ་མྱེས་དོམ་རྒན་འདྲ་བོ།།

སེམས་ཀྱི་རྒྱབ་རི་ཡིན་ནམ།།

 

ལན་ཆགས་གཏོར་མ་འགམ་བའི།།

བསེར་རག་ཡི་དྭགས་ཁ་ལ།།

དངོས་གྲུབ་སྒྲོ་བ་གང་བོ།།

བགེགས་སེལ་ཟོར་དུ་བསྟབས་བཞག།

 

ཕ་ས་རྫ་འཕྲང་གསེང་ནས།།

ཕྱི་མིག་ལན་གཅིག་བལྟ་དུས།།

སྐར་ངན་དུ་བ་མཇུག་རིང་།།

ད་དུང་མཐོང་བ་མ་བྱུང་།།

 

ལས་ལ་བཟང་ངན་ཡོད་པར།།

ལམ་ལ་རིང་ཐུང་ཡོད་རེད།།

ས་ནག་གཏམ་གྱི་ང་རོ།།

བསྒྲགས་པ་སྔར་བ་མིན་ནམ།།

 

ང་ཡི་མེས་པོའི་ཕྱག་རྫས།།

འུར་རྡོ་ཆུ་མིག་དགུ་བསྒྲིལ།།

ལོ་རབས་སྟོང་གི་དབྱིངས་ལ།།

འཕེན་པ་དོན་དང་ལྡན་དགོས།།

 

བརྡ་འཕྲིན་ལྕགས་ཀྱི་ཁ་པར།།

གོ་ལ་གཡས་བསྐོར་གཡོན་བསྐོར།།

ནང་ཆོས་མར་ཁུ་འདྲ་བོ།།

ཤིང་ཕོར་ཁ་ན་འཁྱིལ་ལེ།།

 

དམར་པོ་ཁ་ན་འུར་བའི།།

ལྟས་ངན་ཨག་སྐད་ཟ་ཟི།།

ཐོ་རངས་རྨི་ལམ་ཡོངས་རྫོགས།།

རྨིས་པ་དེ་ག་རང་རེད།།

 

༢༠༡༢ལོའི་ཟླ༡༢པའི་ཚེས་༡༨ཀྱི་ཞོགས་པར་བྲིས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.