བླ་རུ་ཚང་།

                                                                              ཨ་ཀུན་གསལ་ཟླ་བའི་ཟིན་བྲིས།

 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

ཕ་དང་མེས་པོའི་ངོ་སོ་དགུང་ལ་བསྟོད།།

སྐད་དང་ཡི་གེ་རང་གི་སྲོག་ལས་གཅེས།།

ལས་དང་རླུང་རྟ་དར་བའི་བྱ་བཞག་ལ།།

ཞི་བདེའི་ཁ་གཡང་སྒྲོགས་དང་གངས་ཅན་པ།།

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 20
  • དཔྱད་བརྗོད། 54
  • ཆེམས། 0
  • ཀློག་གྲངས། 7731


 
ཤིས་ཚིག་མེ་ཏོག་ཕྲེང་བ།
[ 2012/12/1 17:03:00 | By: ཨ་ཀུན་གསལ་ཟླ་བ། ]
 

ཤིས་ཚིག་མེ་ཏོག་ཕྲེང་བ།

ཁག་གཉིས།

རྒྱལ་ཀུན་གསང་བའི་སྒྱུ་འཕྲུལ།།

གངས་ཅན་འགྲོ་བའི་མགོན་པོ།།

 མདོ་སྔགས་བསྟན་པའི་མངའ་བདག།

བྲུ་འཛིན་རྒྱལ་བ་གཉིས་པ།།

རྗེ་གཅིག་མཉམ་མེད་མཁྱེན་ནོ།།

 

ཤར་ཕྱོགས་རྫ་རིའི་ཁྲོད་ན།།

གདོས་ལུས་དོད་སྐུར་བཞེས་པའི།།

སྙིགས་མའི་གསང་བསྟན་རྒྱལ་པོ།།

རྫོགས་ཆེན་དགོངས་རྒྱལ་རང་གྲོལ།།

གྲུབ་དབང་ཤར་རྫར་ན་མོ།།

 

བརྩེ་ཆེན་ཉི་ཟླའི་གུར་ཁྱིམ།།

རིགས་གསུམ་གངས་ལ་ཕོག་པའི།།

གཤེན་ཆེན་གསང་འདུས་རྣམ་སྤྲུལ།།

འགྲོ་མགོན་གསང་བདག་རྒྱལ་བ།།

ནམ་མཁའ་ཡེ་ཤེས་འདུད་དོ།།

གནས་མཆོག་སྲིད་པའི་རྩེ་མོ།།

ཞང་བོད་གངས་ཀྱི་ཡུལ་གྲུ།།

རྔུ་རྫ་ཟབ་མོའི་སྒང་རྒྱུད།།

ཉག་ཤོད་ཨ་འཛི་ལུང་ལ།།

བཀྲ་ཤིས་དུས་བཟང་ཚེས་སོང་།།

 

ཨེ་མ་དེ་རིང་བཀྲ་ཤིས།།

ཡེ་ཤེས་སྤོས་མདུད་དགོན་ནས།།

བོན་ཆོས་ཉི་ཟླ་ཁ་སྦྱོར།།

དར་སྤེལ་མཛད་འཕྲིན་འོད་སྣང་།།

འཛམ་བུ་གླིང་ལ་ཁྱབ་སོང་།།

 

གདུལ་བྱ་འགྲོ་བའི་བསོད་ནམས།།

མ་བགོས་སྤྱི་ལ་ཤར་བའི།།

རྒྱལ་བསྟན་ནམ་མཁའི་ནོར་བུ།།

ནུབ་མེད་སྲིད་པའི་མཐའ་ལ།།

དར་ཞིང་རྒྱས་པའི་བཀྲ་ཤིས།།

 

 

ཁམས་ཉག་རོང་ཡེ་ཤེས་དགོན་དུ་རིག་གཞུང་དར་སྤེལ་འཚོགས་སྐབས་སུ་དགོས་མཁོར་དམིགས་ཏེ་བྲིས།

 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.