ཞལ་འཛུམ་ངོ་གཉིས།
ཚབ་བྲིས་རྩོམ་ཡིག
སེམས་ཀྱི་བརྩེ་བ་ནང་གི་དྲོད།།
དུངས་བ་བསླུ་བྲིད་ཕྱི་ཡི་རླུང་།།
དགའ་སྡུག་བར་མའི་སོ་མཚམས་ནས།།
སྣང་བའི་གཞི་ལ་གར་གྱིས་བྲན།།
ལས་ཀྱི་ཆང་ཁང་འདུ་བའི་གྲོང་།།
མཛའ་བ་བསླུ་བྲིད་ནས་ཀྱི་ཆང་།།
མི་ཚོགས་བརྒྱ་དང་བརྒྱད་ཅུའི་ཁྲོད།།
བཅོས་མའི་ཞལ་འཛུམ་གསང་བས་བཀྱཊ།།
ལས་སྣང་འཁོར་བའི་འཁོར་ཕྱོགས་ཤིག།
སེམས་ཀྱི་ཉི་ཟླ་ལྷན་འཛོམས་བྱུང་།།
དེ་དུས་ཉིད་ཀྱི་མངོན་སྣང་ལ།།
ཚོར་བའི་མངོན་དགའ་ཡོད་ཨེ་མྱོང་།།
རྒྱ་ཁང་གྲུ་བཞིའི་ནང་རོལ་ཀྱི།།
རྒྱ་ཟས་མང་པོའི་སྡེར་ཁ་ནས།།
འདས་དོན་དྲན་ཤེས་ཐུར་མ་ཡིས།།
མྱངས་བའི་ལོངས་སྤྱོད་སེམས་ཀྱིས་ཟ།།
གསང་མིག་འཁྱུག་པའི་སྣེ་རྩེ་ན།།
གདུང་བའི་འོད་དག་ཐོད་དུ་གཏུག།
ཕན་ཚུན་བཟུར་མའི་གྲལ་དབུས་སུ།།
ནང་གི་རོ་དག་ལོངས་སུ་སྤྱོད།།
སྤྲོ་འཛུམ་གདོང་བ་ཟོལ་གྱིས་ཤན།།
བརྩེ་དགོད་མིག་མདོག་སྐྱོ་བས་འཐུང་།།
མདོར་ན་ཐམས་ཅད་གཡོ་མའི་འཕྲུལ།།
ད་ནི་ངར་མེད་ཡིད་ཆེས་སོ།།
༡༠༡༣་༡་༣༠འི་ཕྱི་དྲོར་བྲིས།