འགྱོད་པའི་མེ་ཏོག
ཟླ་བའི་ངུ་སྐད་ལྷོ་ལ་འཁོར།།
རི་ཆུ་དབྱར་གྱི་སྤང་ལ་ཞོགས།།
དགེ་བའི་མེ་ཏོག་གྲི་ཡིས་བཞོག།
འགྲོ་བའི་གཤེར་གཟུགས་ཀྱེ་མ་ཧུད།།
སེམས་ཀྱི་གཙང་ཆེན་གྲུ་ཡིས་གཤར།།
སྒལ་ཚིགས་ཉེར་བརྒྱད་མདུང་གིས་བཅད།།
བློ་རིག་གཙང་མ་དུག་གིས་བཀྲུས།།
ཁ་ནག་རང་འཁོར་ཀྱེ་མ་ཧུད།།
བགེགས་རིགས་རྦད་གཏོང་ལས་ལ་ཟབ།།
བྱད་མ་བདུད་བཞི་འཚུབ་གྱི་ལེར།།
རང་གཤེད་རང་གིས་སྲོག་ལ་དབབ།།
མི་རྐྱང་ཁྲེལ་པོ་ཀྱེ་མ་ཧུད།།
ཁ་སྦུབས་ལྟ་བ་ཟས་སུ་བསྟེན།།
མུ་འབྱམས་སྒོམ་པ་རྐམ་ལ་སྲེད།།
བླ་བརྡོལ་སྤྱོད་པ་ཀློང་དུ་རྡོལ།།
མགོ་རིལ་སྐྱ་སྟོང་ཀྱེ་མ་ཧུད།།
༡༠༡༣་༡་༢༤་དགོང་མོར་བྲིས།