ཡེ་རིག་སྟོང་པའི་ལྷ་ལམ་ལས།།
འགག་མེད་རྫོགས་པའི་གཞའ་སྤྲིན་འཁྲིགས།།
སྤྲུལ་པ་སྲིད་པའི་སྤྱན་གཉིས་མཛེས།།
སྐུ་གསུམ་དད་པས་བསུ་ལ་སྤྲོ།།
དུས་མཐའ་ཟེར་ཡང་ཉེར་གཅིག་འདིར།།
ཨ་མའི་བུ་ཚོའི་བསོད་སྐལ་ལས།།
གྱེར་བསྟན་དར་ཆེན་སླར་གསོ་བའི།།
རྣལ་འབྱོར་རིག་པའི་དཔའ་བོ་འཁྲུངས།།
མཁྱེན་ལྡན་རྒྱལ་བ་གཉིས་པ་ཡི།།
ཟབ་གསུངས་འཕྲུལ་སྒྲོན་རྒྱ་མཚོ་ལ།།
འཆད་ཉན་ཉ་མོའི་འཁྱུགས་རྩལ་དེའི།།
ངལ་གསོའི་དུས་ཚིག་ཉིན་འགའ་ལ།།
སི་ཁྲོན་སྡེ་དགེའི་མངའ་ཁོངས་སུ།།
བན་རྙིང་ཨེ་ཝམ་དགོན་ཆེན་དུ།།
ཁོད་པོ་གཏད་སྤྲུག་ཆེན་མོ་ཡི།།
བཅའ་བཀོད་རིམ་པ་ཚུལ་བཞིན་བྱས།།
ཆག་ཐིག་ཚོན་སྦྱོར་རབ་གྲུབ་ནས།།
བདུད་འདུལ་སྤྲུལ་པའི་སྐུ་མཆོག་གིས།།
མཛད་པའི་ལག་ལེན་ལྡེ་མིག་གིས།།
བསྙེན་སྒྲུབ་ལས་ཀྱི་སྒོ་མོ་ཕྱེས།།
ས་བདག་ཁོན་པ་རྒན་པོ་ཡི།།
ཕྲག་དོག་རུ་ངའི་འབན་རིང་ལ།།
བདག་ཉིད་དབལ་གསས་སྐུ་སྒོམ་ནས།།
སྦྱོར་སྒྲོལ་མདའ་མོ་ལན་གཅིག་རྒྱབ།།
ཨེ་དབྱིབས་གནམ་གྱི་མར་ཞབས་དང་།།
ཝཾ་དབྱིབས་ས་ཡི་ཡངས་སྟེང་དུ།།
སྤྲུལ་པའི་སྐུ་མཆོག་རིག་འཛིན་གྱིས།།
འདུས་སྡེའི་སྐར་ཚོགས་ཐང་མར་བདལ།།
སྨན་ལྗོང་གཡུ་ལོའི་ཐང་སྟོད་ནས།།
ནོར་ནག་ངུར་སྒྲ་སྒྲོགས་དང་ལྷན།།
རང་སེམས་ལུག་གུ་མེ་ཏོག་གི།
དགའ་བའི་འདབས་སྟོང་ཕྱོགས་བཅུར་བཞད།།
- ཟིན་ཐོ་གོང་མ།ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
- ཟིན་ཐོ་འོག་མ།བགྲོ་གླེང་།།
བན་དགོན་དེར་བོན་སྒྲུབ་དགོས་པའི་རྒྱུ་མཚན་ནི་སེམས་ཅན་ཅི་འདྲ་ཞིག་ཡིན་ན་ཕན་ཐོག་བྱུང་ན་བཀའ་བན་བོན་གང་སར་སྒྲུབ་ན་ཁྱད་པར་ཅུང་མེCད་དམ་སྙམ། གཡག་ནས།<div class="quote"><strong>གཤམ་དུ་དྲེ་བཙུན་སྦྱིན་པ།་ལགས་ཀྱིས་ལན་སློག་པ་ནི་</strong><br> གཡག་གིས་གསུངས་པའི་བརྗོད་བྱ་ལ་བདེན་ཁ་ཆེ།། མ་འོངས་ན་མཐུད་ནས་ཕེབ་ཤོག</div>
གཞན་ནད་ཟློག་དུ་བཏབ་པ་ནི། རང་རྒྱུད་སྙིང་རྗེ་ཡོད་པར་མཚོན།
སླད་མེད་གངས་དཀར་སེམས་པ་གིས། བན་བོན་ཁྱད་པར་མ་འབྱེད་ན།
ད་ལྟའི་བོད་ཁུལ་འདིའི་ནང་དུ། གསེར་ལས་ལྷག་པའི་མཐུན་སྒྲིལ་པ།
རྒན་ཁྱེད་དེར་ཕེབས་དུས་ཐུགས་སྤྲོ་པོ་རེད་ཡོད་རྒྱུ་རེདསེམས་་་
བན་དགོན་དེར་བོན་འདི་འདྲ་སྒྲུབ་དགོས་དོན་ཅི་རེད།
དགོན་དེའི་སྤྲུལ་སྐུ་ཚེ་དབང་རིག་འཛིན་མཆོག་སྙུང་གཞི་གཏུག་ཙམ་ལྕི་བས་ཁོང་གི་སྤུན་མཆེད་འཇིག་དགའ་རིན་པོ་ཆེ་མཆོག་ནས་རྣལ་འབྱོར་པ་ཀུན་བཟང་བསྟན་འཛིན་ལ་མོ་ཞིག་གཟིགས་རོགས་ཞུས་པའི་ཁོད་པོ་གཏད་སྤྲུག་ཐོན་གསུངས་སིག དེ་ནས་རང་དགོན་བླ་མ་མཆོག་ལ་འཇིག་དགའ་རིན་པོ་ཆེས་བཅའ་འདོན་བྱེད་རོགས་གསུངས་པ་ལྟར། དགོན་ལས་འཛིན་རྣམ་པའི་བཀའ་མངག་ལྟར་དེ་གར་ངལ་གསོའི་སྐབས་སུ་སོང་ནི་ཡིན།། དྲྭ་གྲོགས་ལགས།། གཞན་པ་འདྲ་གསུང་རྒྱུ་ཡོད་པས།།
གཡག་གིས་གསུངས་པའི་བརྗོད་བྱ་ལ་བདེན་ཁ་ཆེ།། མ་འོངས་ན་མཐུད་ནས་ཕེབ་ཤོག
ཡ་གྲོགས་པོ་ལགས་བོན་སྨྱུག་ལ་ཞུས་པ་བཞིན་ཡིན་མ་འོངས་པ་ཁྱེད་ངོ་ཤེས་འདྲ་བྱུང་སོང་ན་ཞུ་གི་ཡིན།། རྗེས་སུ་ཨུ་ཡེ་ན་ཕེབ་ན་ཚུར་བྱོན་ཤོག་ཨ།
ང་ད་ལྟ་ཁོམ་པ་འདྲ་བྱུང་མ་སོང་། རྗེས་སུ་ཁྱེད་རྣམ་པ་མཇལ་རྒྱུ་འདྲ་བྱུང་ན་ཞུ་ཆོག་པ་གྱིས།། ཟིན་བདག་ནས།།