ལྷ་གཡག་དར་མའི་ལྷས་ར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

རྙེད་པར་དཀའ་བ་དལ་འབྱོར་མི་ལུས་ཐོབ། །

སྐྱེས་པར་དཀའ་བ་གངས་རིའི་ལྗོངས་སུ་སྐྱེས། །

འཕྲད་པར་དཀའ་བ་གཡུང་དྲུང་བོན་བསྟན་འཕྲད།།

ཚེ་སྔོན་ལས་བཟང་བསཌ་པའི་འབྲས་བུ་ལགས།  



 

བཏགས་མིང་།  བསྟན་འཛིན་ཡེ་ཤེས།

ཞང་སྐད།  ཤེལ་ཞིན་ཧ་ར།

དྲྭ་མིང་། ལྷ་གཡག་དར་མ།

སྐྱེ་ཡུལ།  ཁྱུང་པོ་སྟེང་ཆེན།

གླེང་མོལ། 958233818

 ལག་ཐོག་ཁ་པར།

13659513796

 ཡིག་སྒྲོམ།

 dingqingdanzeng@163.com

ངས་རྩོམ་ཡིག་འབྲི་མི་ཤེས། འོན་ཀྱང་སེམས་ནང་གི་

དགའ་སྐྱོ་ཆགས་སྡང་དག་ཡིག་ཐོག་ཏུ་འཕབ་རྒྱུ་ངའི་གཤིས་ཀ་རུ་གྲུབ། 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 127
  • དཔྱད་བརྗོད། 407
  • ཆེམས། 3
  • ཀློག་གྲངས། 44954


 
གླུ་གར་ཁང་གིས་སྤྲད་པའི་ཚོར་སྣང་དུམ་བུ།
[ 2013/1/14 21:44:00 | By: ལྷ་གཡག་དར་མ། ]
 
 
གླུ་གར་ཁང་གིས་སྤྲད་པའི་ཚོར་སྣང་དུམ་བུ།
དེང་དུས་དར་སྲོལ་ཆེས་ཆེ་བའི།།
རྒན་གཞོན་དར་གསུམ་འདུ་བའི་གླིང་།། 
ནང་མ་ཁང་ཞེས་བྱ་བའི་ནང་།།
ཕྱིན་པའི་སྣང་ཚུལ་ཅུང་ཙམ་གླེང་།།
 
 གྲོགས་པོ་འགའ་ཡི་འདོད་མོས་ལྟར།།
གླུ་གར་ཁང་ནང་མཉམ་དུ་ཕྱིན།། 
ན་གཞོན་ཕོ་མོ་འགའ་ཞིག་གིས །།
བརྩེ་བའི་ལས་ལ་རོལ་བཞིན་གདའ།།
 
གློག་འོད་དཀར་དམར་རྒྱག་སྟངས་ལེགས།།
དེང་དུས་བྱུག་རྫས་སྦྱོར་སྡེ་བཟང་།། 
འཁྲབ་སྟོན་པ་ཚོའི་གཟུགས་བྱད་ནི།།
རིས་མོ་མཁས་པས་བྲིས་འདྲ་འགི །
 
 དབྱར་རྩ་དགུན་འབུའི་བཀའ་དྲིན་ཀྱིས།།
ཕ་ཡུལ་ཁྱུང་པོ་སྟེང་ཆེན་དུ།། 
ང་འདྲའི་རྣམ་གཡེང་རོལ་གནས་སྟེ།།
གླུ་གར་ཁང་ཡང་ལྔ་ཙམ་མཆིས།།
 
 གལ་སྟེགས་སྟེང་གི་འཁྲབ་སྟོན་པས།།
བསྐྱར་གླུ་འགའ་ཤས་ཤིན་ཏུ་སྙན།།
 མཛེས་མ་དེ་ཚོའི་ཉམས་འགྱུར་ནི།།
དྲེན་བྱེད་མིག་གི་དགའ་སྟོན་བཤམས།། 
 
སྐད་ངག་སྙན་མིན་ཡོད་ཀྱང་རུང་།།
གདོང་དམར་བོད་ཀྱི་རྒྱུད་ཡིན་ཟེར།།
 རང་རིགས་ཤ་ཞེན་ཡོད་དགོས་ལབ།།
ཀ་ཁ་སུམ་ཅུ་ཤེས་དགོས་ཟེར།། 
 
དུས་ཚོད་རིན་ཐང་འཛིན་དགོས་ཟེར།།
ཤེས་རིག་ཡོན་ཏན་སྦྱོང་དགོས་ཟེར།། 
ཆང་རག་དུ་བ་མི་བྱེད་ཟེར།།
ཕ་མའི་དྲིན་ལན་འཇལ་དགོས་ཟེར།།
 
ལྷ་དང་བླ་མ་དཀོན་མཆོག་ལ།། 
སྐྱབས་ཡུལ་དམ་པ་ཡིན་ནོ་ཟེར།།
ལག་གཉིས་སྙིང་ཁར་སྦྱར་བཞིན་གདའ།། 
མིག་གཉིས་བཙུམ་བཙུམ་བྱས་ནས་ཐལ།།
 
སེམས་ཆུང་ང་འདྲའི་རྣ་ལམ་དུ།། 
སྐད་ཆ་དེ་ཚོ་ཤིན་ཏུ་སྙན། །
བསམ་བློ་ཞིབ་ཅིང་བཏང་བའི་ཚེ།། 
དེ་ནི་དབུགས་ཀྱི་འབྱིན་རྔུབ་ཙམ།།
 
བཟའ་ཚང་སྣང་མཐོ་ཁ་ཤས་ཀྱིས།།
 ལོ་གསུམ་མ་ལོན་བུ་ཕྲུག་ཡང་།།
ཟིང་ཆ་ཆེ་བའི་གནས་འདི་རུ།།
མཉམ་དུ་ཡོད་པ་དགོད་རེ་བྲོ།། 
 
དབུ་སྐྲ་ཕལ་ཆེར་གངས་ལྟར་གྱུར།།
ཁ་སོ་སུམ་ཅུའི་གྲལ་དེ་ཞིག ། 
མི་ཚེ་སྐྱིད་སྣང་ལྡན་དགོས་ཞེས།།
རྒན་གོག་སྣང་འཁྲུལ་འགའ་ཞིག་མཆིས།།
 
 གླུ་གར་ཁང་གི་འཁྲབ་སྟོན་པ།།
ན་ཚོད་དར་བའི་གཞོན་ནུ་དག ། 
བློ་རིག་གསལ་བའི་རིག་རྒོད་དངོས།།
རྣམ་གཡེང་ལས་འདི་སེམས་རེ་ཕམ།། 
 
ན་གཞོན་འཁྲབ་སྟོན་དེ་ཚོ་ཡིས།།
ཟས་བརྗེད་གཉིད་ཆགས་འདི་ལྟ་བུའི།།
 རིག་པའི་གནས་ལ་འབད་པ་ན།།
ཇི་འདྲའི་དགའ་བ་འོས་པ་ཞིག །
 
དར་མའི་དུས་བཟང་འདི་ལ་ཡང་།། 
གླུ་ལེན་ཞབ་བྲོས་སྤྲོ་བ་སྟེར།།
ལོ་ན་མཐོ་རུ་འགྲོ་བའི་དུས།།
 ཇི་ལྟར་བྱ་ཞེས་ཁེར་ལབ་བྱས།།
 
མི་རིགས་ཤིག་གི་རྒྱུན་འཛིན་རེད།། 
མ་འོངས་མེས་རྒྱལ་བདག་པོ་རེད།།
དུས་ཚོད་གཅེས་འཛིན་ལེགས་བྱས་ཏེ།། 
དོན་ཡོད་ལས་ལ་འབད་པར་ཞུ།།
 
མྱི་བུ་སེམས་ཆུང་ཡིན་ཀྱང་ཆོག ། 
དོན་མེད་ཇུས་ཏོག་ཡིན་ཡང་སྲིད།།
སེམས་འཚོར་ཅུང་ཙམ་བྲིས་པ་འདི།། 
རྩམ་ཟན་ཞིག་གིས་ཁེར་གཏམ་ལགས།།
 
2013.1.11དགོང་མོའི་ཆུ་ཚོད་3པར་བྲིས། 
 
 
Re:གླུ་གར་ཁང་གིས་སྤྲད་པའི་ཚོར་སྣང་དུམ་བུ།
[ 2013/1/18 21:52:05 | By: danzengyixi ]
 
danzengyixi


གོང་གི་དྲྭ་གྲོགས་རྣམ་པ་ཕེབས་པར་དགའ་བསུ་ཞུ་བ་ཡིན།
མ་ཟད་རྩོམ་དེ་ཚོའི་ནང་ནོར་འཁྲུལ་རྣམས་མ་གསང་ལྷུག་པོར་གསུངས་རོགས། བཀའ་དྲིན་ཆེ།
 
 
Re:གླུ་གར་ཁང་གིས་སྤྲད་པའི་ཚོར་སྣང་དུམ་བུ།
[ 2013/1/15 22:33:46 | By: སྐུ་མགྲོན་vBRd7H(སྐུ་མགྲོན) ]
 
སྐུ་མགྲོན་vBRd7H(སྐུ་མགྲོན)ཐེངས་གཅིག་བཀླགས་ནས་བུད་སོང་། ཡག་པོ་འདུག
རེབ་སྐྱིད་ཡར་འཕེལ་ནས།
 
 
Re:གླུ་གར་ཁང་གིས་སྤྲད་པའི་ཚོར་སྣང་དུམ་བུ།
[ 2013/1/15 11:07:37 | By: སྐུ་མགྲོན་wb61Ui(སྐུ་མགྲོན) ]
 
སྐུ་མགྲོན་wb61Ui(སྐུ་མགྲོན)ཟིན་གྲོགས་དམ་པ་ལྷ་གཡག་དར་མའི་རྩོམ་ལ་རོལ་མྱོང་བྱས་ཚར། ངོ་མ་འཚོ་བ་དངོས་མ་ཞིག་དཔར་བཞག་ཡོད་ཀི ཆེད་དུ་ཟིན་མཆན་འདི་བཞག་པ་ཡིན། བླ་རུ་ཚང་ནས།
 
 
Re:གླུ་གར་ཁང་གིས་སྤྲད་པའི་ཚོར་སྣང་དུམ་བུ།
[ 2013/1/14 22:38:56 | By: bonnaktwang ]
 
bonnaktwangབཀླགས་པ་ཡིན། འདི་ལྟར་རིམ་པས་རྩོམ་ལ་ཡར་རྒྱས་ཡོང་བའི་དགའ་བསུ་ཡོད། གྲོགས་ཁྱུང་གསེར་ཞུན་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.