ལྷ་གཡག་དར་མའི་ལྷས་ར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

རྙེད་པར་དཀའ་བ་དལ་འབྱོར་མི་ལུས་ཐོབ། །

སྐྱེས་པར་དཀའ་བ་གངས་རིའི་ལྗོངས་སུ་སྐྱེས། །

འཕྲད་པར་དཀའ་བ་གཡུང་དྲུང་བོན་བསྟན་འཕྲད།།

ཚེ་སྔོན་ལས་བཟང་བསཌ་པའི་འབྲས་བུ་ལགས།  



 

བཏགས་མིང་།  བསྟན་འཛིན་ཡེ་ཤེས།

ཞང་སྐད།  ཤེལ་ཞིན་ཧ་ར།

དྲྭ་མིང་། ལྷ་གཡག་དར་མ།

སྐྱེ་ཡུལ།  ཁྱུང་པོ་སྟེང་ཆེན།

གླེང་མོལ། 958233818

 ལག་ཐོག་ཁ་པར།

13659513796

 ཡིག་སྒྲོམ།

 dingqingdanzeng@163.com

ངས་རྩོམ་ཡིག་འབྲི་མི་ཤེས། འོན་ཀྱང་སེམས་ནང་གི་

དགའ་སྐྱོ་ཆགས་སྡང་དག་ཡིག་ཐོག་ཏུ་འཕབ་རྒྱུ་ངའི་གཤིས་ཀ་རུ་གྲུབ། 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 127
  • དཔྱད་བརྗོད། 407
  • ཆེམས། 3
  • ཀློག་གྲངས། 44947


 
མི་ལོ་ཉེར་ལྔའི་དུས་སྟོན། ༼ འོས་སྦྱོར༽ 
[ 2012/12/9 22:23:00 | By: ལྷ་གཡག་དར་མ། ]
 

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་མི་ལོ་ཉེར་ལྔ་འཁོར་བའི་དུས་སྟོན་གྱི་སྔོན་འགྲོའི་མཛད་སྒོ་དབུ་འཛུགས་གནང་བ།

དེ་ཡང་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཕྱི་ལོ་(1987)བོད་རབ་གནས་མེ་ཡོས་ལོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུ་གནས་ཆེན་འཕགས་པ་ཤིང་ཀུན་དང་ཉེ་བའི་སར་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གདན་ས་འདི་བཞིན་གསར་བཞེངས་མཛད་ནས་རིམ་བཞིན་དགོན་པའི་ཕྱི་ནང་རྟེན་དང་བརྟེན་པ་སྐལ་ལྡན་དྭངས་པ་འདྲེན་པའི་ཞིང་དུ་བསྐྲུན་ཞིང་ད་ལྟའི་ཆར་ལམ་བསླབ་པ་རྣམ་པ་གསུམ་ལ་གཞི་བྱས་ཏེ་མདོ་སྔགས་སེམས་གསུམ་ཐུན་མོང་རིག་གནས་དང་བཅས་པར་གསན་བསམ་ཉམས་ལེན་ལྷོད་མེད་གནང་བའི་འདུས་གྲྭ་ཉིས་བརྒྱར་ཉེ་བ་འདུས་སྡོད་ཀྱི་དགོན་སྡེ་ཞིག་ཆགས་ཡོད་པའི་གྲགས་སྙན་ནི་ཀུན་གསལ་ལྟར་རོ།

འདི་ལོ་བོད་རབ་མཛོད་ཆུ་འབྲུག་སྟེ་ཕྱི་ལོ་༢༠༡༢་ཟླ་༡༢ཚེས་༩ཉིན་ནས་དགོན་སྡེ་འདི་བཞིན་ཕྱག་བཏབ་ནས་བགྲང་བྱ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་བཞིན་ཡོད་པ་དང་། དེ་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་རང་ཅག་བོན་འབངས་སྤྱི་དང་ལྷག་པར་འབྲེལ་ཡོད་བལ་ཡུལ་རྒྱལ་ཁོངས་ཀྱི་བོན་འབངས་ཡོངས་ལ་བཀའ་དྲིན་ཚད་མེད་ གནང་བར་རྗེས་དྲན་ཞུ་བ་དང་། ༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དབུས་སངས་རྒྱས་གྱི་བསྟན་འཛིན་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་པ་དང་། འཛམ་གླིང་ཡངས་པའི་ས་ཁྱོན་ཀུན་ཏུ་ས་ཡོམ་དང་ཆུ་ལོག་སོགས་རང་འབྱུང་ཁམས་ཀྱི་གནོད་འཚེ་མཐའ་དག་ཞི་ཞིང་ནད་མུག་མཚོན་འཁྲུགས་ཀྱི་འཇིགས་པ་ཀུན་དང་བྲལ་ནས་ཞི་བདེའི་དཔལ་ཡོན་རྒྱས་པ་དང་། ༧འདུས་སྡེ་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་མཐུན་སྦྱོར་རོགས་རམ་གནང་མཁན་དད་སྦྱིན་སྤྱི་སྒེར་ཤི་གསོན་རྣམས་ཀྱིས་གཙོས་སེམས་ཅན་ཐམས་ཅད་ཀྱི་འདི་ཕྱིའི་འཕྲལ་རྐྱེན་བར་ཆད་ཞི་ཞིང་མཐར་ཐུག་བདེ་ཆེན་གྱི་གོ་འཕང་རིན་པོ་ཆེ་ཐོབ་པ་བཅས་ཀྱི་ཆེད་དམིགས། བོད་ཟླ་༡༡ཚེས་༡སྟེ་ཕྱི་ཟླ་༡༢ཚེས་༡༤ནས་བོད་ཚེས་༡༥ཕྱི་ཚེས་༢༨བརསྤྱི་སྤུངས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོ་འཚོགས་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ཁྲོ་བོའི་སྒྲུབ་པ་དང་བླ་ཆེན་དྲན་པའི་འབུམ་ཚོགས། དེ་བཞིན་སྔགས་འཆང་རྣམས་ཀྱི་བླ་ཆེན་དྲན་པའི་སྒྲུབ་པ་བསྐྱང་རྒྱུ་དང་།

སྨན་སྒྲུབ་དབུ་མ་ཚུགས་པའི་སྔོན་དུ་ཕྱི་ ཟླ་༡༢ཚེས་༩ནས་༡༡བར་ཉིན་གསུམ་རིང་བོད་དང་བོན་གྱི་ཆོས་རིག་གི་བརྗོད་གཞིའི་ཐོག  རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་གྲགས་ཅན་མཁས་དབང་ཁག་གཅིག་གིས་བོན་གྱི་སྐོར་བགྲོ་གླེང་ཉིན་གསུམ་རིང་གནང་རྒྱུ་དང

དེ་རྗེས་ཁྲི་བརྟན་ནོར་བུ་རྩེའི་བླ་གྲྭ་དགེ་བཤེས་རྣམ་པས་སྨན་སྒྲུབ་ཀྱི་ཉམས་ལེན་དང་ཕན་ཡོན་སྐོར་ལ་བོན་ཁྲིད་བྱ་རྒྱུ།  ཕྱི་ཚེས༡༢ནས་སྒྲུབ་ཆེན་དབུ་འཛུགས་ཞུ་རྒྱུ་ཡིན་པ་དང་།  སྒྲུབ་ཆེན་གྲུབ་རྗེས་ཕྱི་ཚེས་༢༩ནས་༣༡བར་ཉིན་གསུམ་རིང་བཀའ་ རབས་པ་རྣམ་པའི་དགེ་བཤེས་དམ་འཇོག་གནང་རྒྱུ། ཕྱི་ལོ༢༠༡༣གསར་ཚེས་ཉིན་དགེ་བཤེས་རྣམ་པའི་བཀྲ་ཤིས་དམ་བཅའ་དང་སྨན་སྒྲུབ་ཀྱི་བཀྲ་ཤིས་དང་སྨན་འགྱེད་བཅས་ཀྱིས་དངོས་གཞིའི་མཛད་སྒོ་གྲུབ་རྒྱུ་དང་། ཕྱི་ཟླ་དང་པོའི་ཚེས་༢ཉིན་གཏང་རགས་དགའ་སྟོན་ཆེན་མོ་བཅས་ཀྱི་སྒོ་ནས་ཉེར་ལྔའི་དུས་དྲན་གྱི་མཇུག་བསྡོམས་མཛད་སྒོ་སྤེལ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་རགས་བསྡུས་ཙམ་མོ།།

སྔོན་འགྲོའི་ཉིན་གྱི་མཛད་རིམ། ༢༠༡༢།༡༢།ཉིན།

༡༽ ཆུ་ཚོད།༩།ཐོག་ནས་སེར་སྐྱ་མི་མང་རྣམས་དགོན་པར་ཕེབས་ཏེ་མཛད་སྒོའི་ཚོགས་ཆེན་དུ་འཛོམས་ཏེ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུ་བ་དང་བསྟུན། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཉེར་ལྔའི་དུས་དྲན་གོ་སྒྲིག་འབྲེལ་མཐུད་པས་མཛད་རིམ་ངོ་སྤྲོད་ཀྱི་གསུངས་བཤད་དང་འབྲེལ་མཛད་རིམ་དབུ་འཛུགས་ཞུ་རྒྱུ།
༢༽ ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་བལ་རྒྱལ་སྤྱི་ཚོགས་བདེ་དོན་བློན་ཆེན་བྷ་དྲི་པྲ་སཱད་ནེའུ་པ་ནེ(Bhadri Prasad Neupany) རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་བལྟམས་བཞིན་འདུས་ཚོགས་ཀུན་གྱིས་བདག་ཅག་གི་སྟོན་པའི་གསོལ་འདེབས་སྟོན་པའི་རྒྱལ་པོ་གསུངས་རྒྱུ།
༣༽ ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་མཆོག་ནས་བྱོན་པ་ལེགས་གསོལ་གྱི་གསུང་བཤད་དང་འབྲེལ་ཉེར་ལྔའི་དུས་དྲན་གྱི་མཛད་སྒོ་ངོ་སྤྲོད་གནང་རྒྱུ།

༤༽བལ་རྒྱལ་སྤྱི་ཚོགས་བདེ་དོན་བློན་ཆེན་བྷ་དྲི་པྲ་སཱད་ནེའུ་ནེ(Bhadri Prasad Neupany) མཆོག་ནས་གསུང་བཤད་གནང་རྒྱུ།

༥༽ བལ་ཡུལ་བློན་ཟུར་སྐུ་ཞབས་ན་ར་བྷཱ་འདུར་བྷུ་ར་ཐོ་ཀི་ལགས་ནས་གསུང་བཤད་གནང་རྒྱུ།
༦༽ ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚབ་༧དཔལ་གཤེན་བསྟན་ སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་མཆོག་ནས་གསུང་བཤད་གནང་རྒྱུ།
༧༽ ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ།
༨༽དཔལ་ལྡན་ཁྲི་བརྟན་ནོར་རྩེའི་དཔོན་སློབ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཚོགས་ཞུགས་སེར་སྐྱ་མི་མང་ཡར་བཞེངས་ཏེ་བསྟན་རྒྱས་སྨོན་ལམ་གསུང་སྟེ་ཉེར་ལྔའི་དུས་སྟོན་དབུ་འབྱེད་ཀྱི་མཛད་རིམ་མཇུག་གྲོལ་རྒྱུ་ཡིན་པ་བཅས་སོ།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:མི་ལོ་ཉེར་ལྔའི་དུས་སྟོན། ༼ འོས་སྦྱོར༽
[ 2012/12/9 22:31:24 | By: danzengyixi ]
 
danzengyixi

ཟུར་དུ་ཞུ་རྒྱུར་གོང་གི་གསར་འཕྲིན་དེ་གཡུང་དྲུང་བོན་དྲྭ་བ་ལས་ནང་འདྲེན་བྱས་པ་ཡིན། དོ་དམ་པར་དགོངས་དག་ཞུ་བ་ཡིན།
ལྷ་གཡག་དར་མས།
 
 
Re:མི་ལོ་ཉེར་ལྔའི་དུས་སྟོན། ༼ འོས་སྦྱོར༽
[ 2012/12/9 22:30:00 | By: danzengyixi ]
 
danzengyixi

ཟུར་དུ་ཞུ་རྒྱུར་གོང་གི་གསར་འཕྲིན་དེ་གཡུང་དྲུང་བོན་དྲྭ་བ་ལས་ནང་འདྲེན་བྱས་པ་ཡིན། དོ་དམ་པར་དགོངས་དག་ཞུ་བ་ཡིན།
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.