ལྷ་གཡག་དར་མའི་ལྷས་ར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

རྙེད་པར་དཀའ་བ་དལ་འབྱོར་མི་ལུས་ཐོབ། །

སྐྱེས་པར་དཀའ་བ་གངས་རིའི་ལྗོངས་སུ་སྐྱེས། །

འཕྲད་པར་དཀའ་བ་གཡུང་དྲུང་བོན་བསྟན་འཕྲད།།

ཚེ་སྔོན་ལས་བཟང་བསཌ་པའི་འབྲས་བུ་ལགས།  



 

བཏགས་མིང་།  བསྟན་འཛིན་ཡེ་ཤེས།

ཞང་སྐད།  ཤེལ་ཞིན་ཧ་ར།

དྲྭ་མིང་། ལྷ་གཡག་དར་མ།

སྐྱེ་ཡུལ།  ཁྱུང་པོ་སྟེང་ཆེན།

གླེང་མོལ། 958233818

 ལག་ཐོག་ཁ་པར།

13659513796

 ཡིག་སྒྲོམ།

 dingqingdanzeng@163.com

ངས་རྩོམ་ཡིག་འབྲི་མི་ཤེས། འོན་ཀྱང་སེམས་ནང་གི་

དགའ་སྐྱོ་ཆགས་སྡང་དག་ཡིག་ཐོག་ཏུ་འཕབ་རྒྱུ་ངའི་གཤིས་ཀ་རུ་གྲུབ། 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 127
  • དཔྱད་བརྗོད། 407
  • ཆེམས། 3
  • ཀློག་གྲངས། 45310


 
མཐུན་སྒྲིལ་བྱོས།   ༼  འོས་སྦྱོར ༽
[ 2012/7/27 21:35:00 | By: ལྷ་གཡག་དར་མ། ]
 
 

བོད་ཀྱི་གཅེན་གཅུང་གཉིས་མཐུན་སྒྲིལ་བྱོས།
25-07-2012

རྩོམ་པ་པོ། ས་འཛིན་དཀར་པོ།


ཁ་བ་ར་བས་བསྐོར་བའི་བསིལ་ལྗོངས་ཡུལ།།
གཤེན་རབ་མེས་པོའི་མུ་ཐག་གསེར་ཕྲེང་དང་།།
ཆོས་རྒྱལ་མེས་གསུམ་འདྲེན་པའི་ཤཱཀྱའི་བརྒྱུད།།
སྡེ་གཉིས་ཆོས་ཀྱི་འོད་མདངས་བོད་ཁམས་རྒྱས།།

གནའ་བོའི་གཤེན་རབ་ཆོས་ལ་མ་སྡང་བར།།
འཕགས་པའི་ཤཱཀྱའི་ཆོས་ལ་མ་བརྙས་དགོས།།
བན་བོན་བདེ་སྡུག་གངས་ཅན་ཡུལ་ནས་ཚར།།
ནང་དམེར་མ་སྦྱོར་ཆིག་སྒྲིལ་མདུན་སྐྱོད་བསྒྱུར།།

གནའ་བོ་མེས་པོའི་རང་གདོང་རྟོགས་དཀའ་ཡང་།།
ཉེ་དུས་མེས་པོའི་གཤིས་ལུགས་ཉམས་མེད་དགོས།།
ཡར་སྟོད་གཤེན་བརྒྱུད་བོད་ཁམས་བཙན་པོ་ཡོད།།
བར་ཁམས་བན་སྡེའི་རྒྱལ་ཁམས་བཙན་པོ་འཁྲུངས།།

བོད་ཁམས་ཟུང་གིས་ལྷད་མེད་ཞབས་རྗེས་ཡོད།།
སྡེ་གཉིས་མ་འཁྲུགས་གངས་ཅན་བདེ་སྡུག་ལྟོས།།
ལ་བ་གདོང་དམར་རང་གཤིས་གནས་ལུགས་དེ།།
ནམ་ཡང་མ་དོར་བྱམས་པའི་བརྩེ་སེམས་སྐྱོང་།།

འདས་པའི་ཡབ་མེས་ལོ་རྒྱུས་ལེགས་ཉེས་གཉིས།།
ཀླད་རྙིང་སྒེར་སྤྱོད་རིང་ལུགས་ཡོངས་སྤོང་ནས།།
དཀྱེལ་ཡངས་འདྲ་མཉམ་མི་ཡི་ཚོར་ཤེས་དགོས།།
སྦྲ་ནག་ཁྱིམ་གཞིའི་བརྒྱུད་པའི་བན་བོན་གཉིས།།

དུས་རབས་ཉི་ཤུར་གཅིག་འགྲོགས་གཤེན་སངས་གཉིས།།
གངས་ཅན་བསིལ་ལྗོངས་ཁ་དབུགས་གཅིག་ལས་བྱུང་།།
འབྱུང་བཞིའི་ཕུང་པོའི་རིགས་བརྒྱུད་གཅིག་ལས་མཆེད།།
གངས་ལྗོངས་ཡབ་མེས་ཟུངས་ཁྲག་བསླད་མེད་གཉིས།།

བན་བོན་གཉིས་ཀྱིས་ཆོས་གཤིས་བདེའི་དོན་བརྗོད།།
གངས་དཀར་གདོང་དམར་རང་གཟུགས་སྙིང་རྗེ་ཡོད།།
ཡབ་མེས་སྦྲ་ནག་གཅིག་མཆེད་གཅེན་གཅུང་གཉིས།།
རྣམ་ཀུན་མཐུན་སྒྲིལ་མ་གཏོར་གངས་ཕྲུག་གཉིས།།

གསལ་བཤད། མཚོ་སྔོན་བོད་ཡིག་ཟིན་བྲིས་ས་འཛིན་དཀར་པོའི་ཟིན་བྲིས་ལས་ནང་འདྲེན་བྱས།

འདིར་དྲྭ་གྲོགས་རྣམས་པས་མྱི་གཞི་ལ་དམའ་འབེབ་དང་ཟུར་ཟ་བྱེད་རྒྱུའི་ཡིག་སྙིགས་སྤུང་མ་ཡོང་རོགས།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:མཐུན་སྒྲིལ་བྱོས།   ༼  འོས་སྦྱོར ༽
[ 2012/7/30 18:33:24 | By: txlm ]
 
txlmལེགས་སོ་ལེགས་སོ།
 
 
Re:མཐུན་སྒྲིལ་བྱོས།   ༼  འོས་སྦྱོར ༽
[ 2012/7/30 10:31:07 | By: སྐུ་མགྲོན་s8OAr1(སྐུ་མགྲོན) ]
 
སྐུ་མགྲོན་s8OAr1(སྐུ་མགྲོན)གྱེར་བསྟན་གཤེན་གྱི་བསྟན་པ་འདིར།
ལྷག་བསམ་གྱིས་ནི་སྤྱི་བོར་བཏེགས།
གཞན་གྱི་ཆོས་ལུགས་ཐ་དག་ཀུན།
མཐུན་སྒྲིལ་བྱེད་པ་ལ་རྒྱ་ཡིན།
བལ་པོ་ནས་སྦྲ་ཆེན་བས།
 
 
Re:མཐུན་སྒྲིལ་བྱོས།   ༼  འོས་སྦྱོར ༽
[ 2012/7/29 10:37:12 | By: སྐུ་མགྲོན་806Fvi(སྐུ་མགྲོན) ]
 
སྐུ་མགྲོན་806Fvi(སྐུ་མགྲོན)དུས་རབས་ཉེར་གཅིག་སེམས་ཁམས་ཡར་རྒྱས་ཅན། བན་བོན་མཐུན་སྒྲིལ་གསུང་བ་དགོས་ པའི་གནད། ལ་རྒྱ་སེམས་ལ་ཡོད་པའི་དན་རྟགས རེད། དེ་འདྲའི་བུ་རབ་བདག་གི་སྤྱི་བོར་བཀུར།
སྦྲ་ཆེན་བས
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
གུས་པའི་ཟིན་བྲིས་སུ་ཕེབས་ནས་བཀའ་སློབ་གནང་བ་དང་ཁ་པར་བརྒྱུད་ནས་གུས་པར་སྐུལ་མ་གནང་བར་བཀའ་དྲིན་ཆེ།
རེད་ཡཱ། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ནས་རང་སྐད་རང་རང་ཡིག་སྤྱོད་གང་ཐུབ་དང་། གྲུབ་མཐའ་ཕན་ཚུན་བར་མཐུན་སྒྲིལ་ལག་ཟུང་མཉམ་དགོས་འདུག
 
 
Re:མཐུན་སྒྲིལ་བྱོས།   ༼  འོས་སྦྱོར ༽
[ 2012/7/28 2:10:25 | By: སྐུ་མགྲོན་0eu2Xl(སྐུ་མགྲོན) ]
 
སྐུ་མགྲོན་0eu2Xl(སྐུ་མགྲོན)དངོས་གནས་དོན་མཐུན་གྱི་འབོད་པ་འདི་ལ་ཡིད་རང་དང་ནང་འདྲེན་པ་ཁྱེད་ལ་བཀའ་དྲི་ཆེ་ཞུའོ།བྱང་རྩ་ཐང་གྲོང་ནས་གཙང་ཚའི་མི་ཆུང་གིས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.