ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བརྡ་དག་ལ་དོ་སྣང་དགོས་འདུག
[ 2013/1/22 12:12:00 | By: ཁྱུང་གསེར་ཞུན། ]
 

                 ༄༅།། བརྡ་དག་ལ་དོ་སྣང་དགོས་འདུག།

   

སྤྱིར་ན་མཁས་པ་རྣམས་ཀྱིས་བོད་ཀྱི་ཡི་གེ་འདི་ནི་འཛམ་གླིང་ཐོག་ལུགས་གཉིས་ཆར་བཀོལ་ཐུབ་པའི་སྔོན་ཐོན་གྱི་ཡིག་རིགས་ཤིག་ཏུ་ངོས་འཛིན་གནང་བཞིན་ཡོད་མོད་ཀྱང་། དར་ཁྱབ་ཀྱི་དབང་དུ་བྱས་ན་གཙོ་བོ་བོད་ཁུལ་ཙམ་ལས་འཛམ་གླིང་ཐོག་ཁྱབ་རྒྱ་ཆེ་བའི་ཡི་གེ་ཞིག་ཏུ་གྱུར་ཐུབ་མེད་པ་འདྲ། དེའི་རྒྱུ་རྐྱེན་མང་དུ་ཡོད་མཆི་བ་ལས་གཙོ་བོ་ཞིག་ནི་སྔོན་ནས་ད་བར་གྱི་རང་རེའི་མཁས་པ་མང་པོ་ཞིག་ནས་ཡི་གེ་འདི་ཉིད་དང་ཐོག་བོན་གྱི་སྟོན་པ་གཤེན་རབ་ཀྱིས་མཛད་པའམ་ཡང་ན་ཐུ་མིས་ཕྱིས་སུ་མཛད་པར་འདོད་པའི་ལུགས་གཉིས་བྱུང་ཞིང་དེའི་སྐོར་དགག་སྒྲུབ་གྱི་རྩོད་རྙོགས་རྒྱུན་མར་བྱུང་བ་ལས།  སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་པའི་ཡི་གེ་དེ་ཡང་བཀོལ་སྤྱོད་བྱེད་ཚུལ་དང་ཡོངས་ཁྱབ་རང་བཞིན་གྱི་སློབ་སྦྱོང་ཚད་ལྡན་ཞིག་མ་བྱུང་བས་ལན་པ་ཡིན་ནམ་སྙམ།  དེ་ཙམ་མ་ཟད་ད་སྐབས་བོད་ཁུལ་དུ་ཡང་གཙོ་བོ་དགོན་གྲོང་གསེབ་ཏུ་འཆད་རྩོམ་དང་ཆོ་ག་ཀློག་འདོན་སྐབས་སུ་བེད་སྤྱོད་ཡོད་པ་ཕུད་གཞན་གྲོང་ཁྱེར་གྱི་ལས་ཁུངས་སམ་དྲྭ་རྒྱ་སོགས་སུ་ཡིག་རིགས་གཞན་མཚུངས་ཀྱི་གོ་ས་ཟིན་ཐབས་མེད་པའི་མཚམས་སུ་སླེབས། བེད་སྤྱོད་བྱེད་པ་དག་ལ་མཚོན་ན་ཡང་ཚད་གཞི་ངེས་ཅན་ཡོད་པའི་སྤྱི་སྒེར་གྱི་རྩོམ་རིགས་དང་ཐ་ན་ཚོང་ཁང་སོགས་ཀྱི་སྒོ་བྱང་དང་མིང་ཙམ་ལ་ཡང་ལྷག་ཆད་དམ་གོ་འཛོལ་ཡོང་བའི་ཡི་གེ་ཅི་རིགས་ཐོན་བཞིན་པ་ལས་དཔེར་མཚོན་རེ་ཟུང་ཙམ་ཞིག་བཀོད་ན།  ༼སྨན་ཚོང་ཁང་༽ལ་སྨད་ཚོང་ཁང་དང་།  ༼མགྲོན་ཁང་༽ལ་འབྲོང་ཁང་།  ༼བོད་ཐུག་༽ལ་པོད་ཐིག   ༼རྒྱ་ཐུག་༽ལ་རྒྱ་ཐིག   ༼ཤ་མོག༽ལ་ཤ་མོ་མོ།  ༼སྦུ་སིབ་ཁུ་ནག་༽ལ་བེ་ཧྲི་གོ་ལོག   ༼སློབ་གྲྭ་༽ལ་སློང་གྲྭ    ༼འཛིན་གྲྭ་༽ལ་འཛོན་གྲྭ   ༼སྒྲིབ་པ་༽ལ་སྒྲུབ་པ། ༼དུས་རབས་ཉི་ཤུ་༽ལ་དུས་རབས་བཅུ་དགུ།  ༼ཁྱུང་དཀར་༽ལ་ང་དཀར།   ༼ལྕགས་དམར་༽ལ་ལྕག་དམར།  ༼གནད་ཁེལ་༽ལ་གནད་ཁེར།  ༼རྩོམ་པ་པོ་༽ལ་བརྩམས་པ་པོ།  ༼ཞང་བོད་ཚིག་མཛོད་༽ལ་ཞང་བོ་ཚིག་མཛོད།  ༼གཅིན་པ་༽ལ་སྐྱིན་པ་ལྟ་བུ་ང་ཚོའི་མིག་ལམ་དུ་ཡ་མཚན་པའམ་ཡི་མུག་པ་ཅི་རིགས་ཤིག་ཐོན་ཡོང་གི་འདུག དེ་དག་ལས་འགའ་ཞིག་ནི་རྩ་བའི་བོད་ཀྱི་ཡི་གེ་ཇི་བཞིན་མ་ཤེས་པ་དང་།  འགའ་ཞིག་ནི་ཤེས་ཀྱང་དོ་སྣང་མ་བྱས་པ།  ཡང་ལ་ལ་ནི་དོ་སྣང་བྱས་ཀྱང་འབྲི་བ་དང་སྒྲིག་པའི་སྐབས་མིག་བར་ནས་ཤོར་བའི་སྐྱོན་ཡིན་པ་འདྲ།  རྒྱུ་མཚན་དེ་རིགས་ལ་བསམ་ན་མི་རིགས་ཤིག་གི་ཟུངས་ཁྲག་ཏུ་གྱུར་པའི་ཡི་གེ་འདི་དང་འདིའི་བརྡ་དག་སྐོར་ལ་སེར་སྐྱ་རྒན་གཞོན་ཚང་མས་དོ་སྣང་དང་ལྷག་པར་བེད་སྤྱོད་བྱེད་སྐབས་སུ་ལྷོད་གཡེང་དང་སྣང་ཆུང་མ་ཤོར་བ་བྱེད་རྒྱུ་ནི་གལ་ཆེན་ཞིག་ཏུ་མཐོང་།      འོན་ཏེ་འདི་ནི་མི་གཅིག་གི་མཐོང་ཚུལ་དང་བསམ་ཚུལ་ཙམ་ཞིག  བླུན་པོས་ཚིག་གཅིག་མ་སྨྲས་ན་མཁས་པས་བློ་མི་རྙེད། ཅེས་པའི་དཔེ་ལྟར་གང་དྲན་ཡིག་ཐོག་ཏུ་བཀོད་པ་ལས་བླང་དོར་ཇི་བཞིན་བྱེད་ཐབས་རྒྱ་ཆེའི་བློ་གྲོས་ཀྱི་སྤྱན་ལྡན་རྣམས་ཀྱིས་དགོངས་དཔྱད་ཡོང་བར་མཁྱེན་ཞུ།

 

 
 
Re:བརྡ་དག་ལ་དོ་སྣང་དགོས་འདུག
[ 2013/2/8 12:54:22 | By: སྐུ་མགྲོན་H41Ogs(སྐུ་མགྲོན) ]
 
སྐུ་མགྲོན་H41Ogs(སྐུ་མགྲོན)རྒན་བསྟན་འཛིན་རྣམ་རྒྱལ་གྱིས་ཡག་པོ་གསུང་འདུག།། མ་འོངས་པ་་
ཁྱེད་ཀྱིས་མཛད་འཕྲིན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞུ།།
གྲྭ་བཀྲ་ཚུལ་ནས།།་
 
 
Re:བརྡ་དག་ལ་དོ་སྣང་དགོས་འདུག
[ 2013/2/3 18:30:37 | By: སྐུ་མགྲོན་rwm8QD(སྐུ་མགྲོན) ]
 
སྐུ་མགྲོན་rwm8QD(སྐུ་མགྲོན)ཁྱེད་ཀྱིས་འདས་ཟིན་པའི་ལོ་ཟླའི་ཁྲོད་དུ་བརྩམས་དེབ་ལེགས་གྲུབ་བྱུང་བར་
ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་མར་དཔེ་ཚོང་ཁང་དུ་བཞག་ཐུབ་པའི་རེ་བ ་
ཞུ་ཞུ།། །། ཡོན་ཏན་གཙུག་ཕུད་ནས།།
 
 
Re:བརྡ་དག་ལ་དོ་སྣང་དགོས་འདུག
[ 2013/1/23 18:47:28 | By: སྐུ་མགྲོན་0FVi84(སྐུ་མགྲོན) ]
 
སྐུ་མགྲོན་0FVi84(སྐུ་མགྲོན)༼ཁྱུང་དཀར་༽ལ་ང་དཀར། ཧཧཧཧཧཧཧཧཧཧ
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
སྐུ་མགྲོན་ལགས་ནས་དཔྱད་གླེང་གནང་བར་གུས་འདུད་དང་བཅས། མ་འོངས་ཧ་ཧ་ཧོ་ཧོའི་དགྱེད་མཆོད་འབུལ་མི་དགོས་པར་མི་རིགས་རང་གི་སྐད་ཡིག་གཉིས་ལ་སྲི་ཞུ་བླ་མེད་རེ་ཞུ་རྒྱུའི་རེ་བ་ཆེ།
 
 
Re:བརྡ་དག་ལ་དོ་སྣང་དགོས་འདུག
[ 2013/1/23 12:29:36 | By: སྐུ་མགྲོན་8CSf73(སྐུ་མགྲོན) ]
 
སྐུ་མགྲོན་8CSf73(སྐུ་མགྲོན)ཁོང་གིས་གསུངས་པ་ནི་བོད་མི་རིགས་ཀྱི་བླ་སྲོག་ལ་ཐུག་པའི་སློབ་གསོ་རུ་སྣང་བས་བོད་ཡིག་སྤྱོད་མཁན་ཚོས་བརྡ་དག་ལ་ཡིད་གཟབ་མཛད་གལ་ཆེ། ད་ལྟ་བོད་ཁུལ་གྱི་སྒོ་བྱང་ཁ་ཤས་མཐོང་དུས་དངོས་གནས་ངུ་བྲོ་ཞིག་ཡོང་གི།
 
 
Re:བརྡ་དག་ལ་དོ་སྣང་དགོས་འདུག
[ 2013/1/22 19:26:34 | By: སྐུ་མགྲོན་Gkb4Fr(སྐུ་མགྲོན) ]
 
སྐུ་མགྲོན་Gkb4Fr(སྐུ་མགྲོན)ངོ་མ་སློབ་གསོ་ཡག་པོ་གནང་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.