ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་སྐོར་གླེང་བ།
[ 2012/3/9 20:06:00 | By: ཁྱུང་གསེར་ཞུན། ]
 

༄༅།།  ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་སྐོར་གྱི་ངོ་སྤྲོད་མདོར་བསྡུས།།

                      དེ་ཡང་སྤྱིར་ཁམས་ཀྱི་ས་ཆ་ལ་ཆུ་བཞི  སྒང་དྲུག  ཤོད་ཆེན་བཅོ་བརྒྱད་སོགས་ཀྱི་བཤད་པ་བྱུང་བ་ལས་འདིར་ཤོད་ཆེན་བཅོ་བརྒྱད་སྐོར་ཞིག་ཞུ་བ་ལ།  དེ་ཡང་ཤོད་ཅེས་པའི་དོན་རོང་ངམ་ལུང་གཤོང་དུ་གོ་བ་ནི་ཁང་པའི་ཐོག་ཤོད་དང་།  རི་བོའི་ཀླུང་ཤོད་ལྟ་བུས་ཤེས་ཐུབ་ལ་དེ་ལྟ་བུའི་ཤོད་ཆེན་པོ་བཅོ་བརྒྱད་འདི་དག་གང་དང་གང་ཞིག་ཡིན་པའི་སྐོར་ལ་མཁས་རྣམས་ཀྱི་བཞེད་ཚུལ་དུ་མ་ཞིག་ཡོད་པར་ངེས་ཀྱང་འདིར་རང་གི་མཇལ་ཚོད་ཙམ་ཞིག་དཔྱད་གཞིར་བཀོད་པ་ལ་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས།  མདོ་ཁམས་གླིང་གི་གླིང་ཁམས་ན།  །ཤོད་ལ་ལ་༼ལ་འདི་ལྷག་པ་མིན་ནམ་བརྟག༽ཆེན་པོ་བཅོ་བརྒྱད་ཡོད།  །ནག་༼གཞན་དུ་ནགས་ཞེས་འབྲི་བ་ཡང་འདུག༽ཤོད་དང་ནི་སོགས་༼གཞན་དུ་སོག་ཅེས་འབྲི་བ་ཡང་སྣང་།༽ཤོད་གཉིས།  །ལྕི་ཤོད་དང་ནི་སུམ་ཤོད་བཞི།  །དཀར་ཤོད་དང་ནི་དམར་ཤོད་དྲུག  །གཉི་ཤོད་དང་ནི་ཟླ་ཤོད་བརྒྱད།  །སྐྱི་ཤོད་ཡུག་ཤོད་གཉིས་དང་བཅུ།  །དམེ་ཤོད་འཇག་ཤོད་བཅུ་གཉིས་སོ།  །སྟག་ཤོད་འབྲི་ཤོད་བཅུ་བཞི་འོ།  །འདན་ཤོད་རྨ་ཤོད་བཅུ་དྲུག་གོ  །དྲེ་ཤོད་ཉག་ཤོད་བཅོ་བརྒྱད་དོ།  །ཞེས་གསལ།   ཡང་མེས་པོའི་བྱུང་བ་ཞེས་པའི་དེབ་ལས།  ༡ ནགས་ཤོད།  འབྲི་རུ་རྫོང་ཁོངས་ཀྱི་ས་ཆ་ཕལ་ཆེ་བ།  ༢ སོག་ཤོད།  སོག་གཡག་ལའི་ཁུལ།  ༣ དཀར་ཤོད།  སོག་རྫོང་ཁོངས།  ༤རེ་ཤོད།  སོག་རྫོང་ཁོངས།  ༥ རྒྱ་ཤོད།  སྟོད་འབྲི་རུ་དང་སྨད་དཔལ་འབར།  ༦ ས་ཤོད།  དཔལ་འབར་རྫོང་ཁོངས།  ༧ དཔའ་ཤོད།  དཔལ་འབར་རྫོང་ཁོངས།  ༨ རྒྱང་ཤོད།  སྟེང་ཆེན་རྫོང་ཁོངས།  ༩ གྱིམ་ཤོད།  སྟེང་ཆེན་རྫོང་ཁོངས།  ༡༠ རྟ་ཤོད།  སྟེང་ཆེན་རྫོངས་ཁོངས།  ༡༡ གཡི་ཤོད་དམ་གཡང་ཤོད་ནི་རི་བོ་ཆེའི་རྫོང་ཁོངས།  ༡༢  དངུལ་ཤོད།  ལྷོ་རོང་རྫོང་ཁོངས།  ༡༣  རྔོད་ཤོད།  མཛོ་སྒང་རྫོང་ཁོངས།  ༡༤  ཟླ་ཤོད།  ཆབ་མདོ་རྫོང་ཁོངས།  ༡༥ ངོམས་ཤོད།  ཆབ་མདོ་རྫོང་ཁོངས།  ༡༦རྨེ་ཤོད།  སྡེ་དགེ་རྫོང་ཁོངས།  ༡༧ སྨར་ཤོད།  གོ་འཇོ་རྫོང་ཁོངས།  ༡༨  ཀྲེ་ཤོད།  དཀར་མཛེས་རྫོང་ཁོངས།   ཞེས་གསལ།  དེ་གཉིས་ཀར་རྩ་བའི་ཤོད་ཆེན་བཅོ་བརྒྱད་གྲངས་འདྲེན་ཙམ་འདྲ་ཡང་གྲངས་སོ་སོར་བགྲང་ཚེ་འདྲ་དང་མི་འདྲ་བ་འགའ་ཞིག་འདུག་ཅིང་ཕྱི་མ་དེ་གཙོ་བོ་ད་སྐབས་ས་ཆ་གང་ཞིག་ལ་ཡོད་པའི་ངོས་འཛིན་མཛད་པ་ནི་ཅུང་གོ་སླ་བ་འདུག   འོན་ཏེ་གོང་མ་ལྟར་གྱི་ད་ལྟའི་ས་ཆ་གང་ཞིག་ལ་ཡོད་པའི་ངོས་འཛིན་དང་དེ་ལས་གཞན་ཞལ་གསལ་བའི་དཔེ་ཆ་གང་ཡོད་ཁོ་བོས་ད་ལན་མ་ཤེས་ཀྱང་མཁྱེན་ལྡན་རྒྱུས་མངའ་ཅན་ཡོད་ན་རིམ་པས་གསལ་བཤད་གནང་བར་ཞུ་ཞུ། 

གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས། པོད། ༦༥ ཤོག་ངོས། ༥༤ལས་གསལ།

མེས་པོའི་བྱུང་བ།  འགོམ་བསྟན་འཛིན་ཆོས་དབྱིངས་ཀྱིས་བརྩམས། ཤོག་ངོས།  ༨༦ ལས་གསལ།

 
 
Re:ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་སྐོར་གླེང་བ།
[ 2017/2/22 0:10:38 | By: ལྡོང་ངག་དབང་ཕུན་ཚོགས(སྐུ་མགྲོན) ]
 
ལྡོང་ངག་དབང་ཕུན་ཚོགས(སྐུ་མགྲོན)སྨར་ཁམས་ཀྱི་སའི་ཆར་གཏོགས་ནུབ་ཕྱོགས་སུ་རུ་ཤོད་ཅེས་པའི་ས་ཆ་ཞིག་ཡོད་རེད། ཟླ་ཆུ་ལ་ཐུག་ཡོད་རེད། དེ་ལ་སྐབས་རེ་སྨར་ཁམས་རུ་ཤོད་ཅེས་པ་ཚིག་བསྡུས་སུ་སྨར་ཤོད་ཅེས་བྲིས་པར་སྣང་ངོ་། དེ་དང་འཁྲུགས་མིན་ནམ། གང་ལྟར་ཁུངས་གཏུག་སའི་ཆོས་འབྱུང་ལོ་རྒྱུས་སོགས་གང་ཡིན་མཚན་དང་ཤོག་ངོས་ཨང་གྲངས་བཅས་པ་གསུང་རོགས་གནང་།།
 
 
Re:ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་སྐོར་གླེང་བ།
[ 2016/9/16 3:23:01 | By: དོན་འགྲུབ་ཚེ་རིང་(སྐུ་མགྲོན) ]
 
དོན་འགྲུབ་ཚེ་རིང་(སྐུ་མགྲོན)སྨར་ཤོད་གོ་འཇོ་ཡིན་པའི་སྒྲུབ་བྱེད་གང་དུ་ཡོད་མེད་གསལ་པོ་གསུང་རོགས།
 
 
Re:ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་སྐོར་གླེང་བ།
[ 2016/9/16 3:21:28 | By: དོན་འགྲུབ་ཚེ་རིང་(སྐུ་མགྲོན) ]
 
དོན་འགྲུབ་ཚེ་རིང་(སྐུ་མགྲོན)སྨར་ཤོད་གོ་འཇོ་རྫོང་ལ་གོ་དགོས་པའི་སྒྲུབ་བྱེད་ལོ་རྒྱུས་གང་ལ་ཁུངས་གཏུགས་པ་ཡིན་ནམ། ཁུངས་གཏུགས་སའི་ལོ་རྒྱུས་བྲིས་པ་པོ་དང་དུས་རབས་ག་དུས་ཡིན་པར་ཁ་གསལ་ཁུངས་ལྡན་ཞིག་འབྲི་རོགས། ངས་རེ་སྒུག་ཞུ་དེ་ཡོད། དོན་འགྲུས་ཚེ་རིང་ནས་ཕྱི་ལོ་༢༠༡༦་ཟླ་བ་༩་ཚེས་༡༥་ལ་ཕུལ།
 
 
Re:ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་སྐོར་གླེང་བ།
[ 2012/12/21 21:58:44 | By: སྐུ་མགྲོན་t8Ob61(སྐུ་མགྲོན) ]
 
སྐུ་མགྲོན་t8Ob61(སྐུ་མགྲོན)དཔའ་ཤོད་ཟེར་བ་འདི་དཔལ་ཤོད་རྫོང་མ་རེད་དམ།་་་
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
སྤྱིར་དེང་སྐབས་ཚ་རོང་དཔའ་ཤོད་ཟེར་བའི་སར་རང་ཉིད་འགྲོ་མྱོང་མོད་ཀྱང་དེ་ལ་དཔལ་ཤོད་ཟེར་མིན་གསལ་བར་མ་ཤེས། ཡུལ་གྱི་སྐད་ལུགས་སུ་དཔའ་ཤོད་ཀྱི་སྒྲ་ལས་དཔལ་ཤོད་ཟེར་བའི་གདངས་མི་འདུག་སྙམ། ཁྱེད་ཀྱིས་དཔལ་འབར་རྫོང་ཁོངས་སུ་ཡོད་པའི་རྒྱུ་མཚན་གྱིས་དཔལ་ཤོད་ཟེར་བར་འདོད་དམ་གཞན་པའི་རྒྱུ་མཚན་གང་ལགས་གསལ་བཤད་གནང་རོགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.