ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/1/28 10:12:00 | By: ཁྱུང་གསེར་ཞུན། ]
 

གོ་ལྡེ་འཕགས་པའི་རྣམ་ཐར་ཡུལ་མིའི་ངག་སྒྲོས།

སྤྲུལ་པའི་གཏེར་སྟོན་ཆེན་པོ་རྒྱལ་སྲས་གོ་ལྡེ༼གོ་ལྡེ་ཞེས་པ་ཁོང་འཁྲུངས་ཡུལ་གྱི་གྲོང་པ་ཞིག་གི་མིང་ཡིན་འདུག་ཅིང་སྤྱིར་གྲོང་སྡེའི་སྡེ་ལ་ས་སྡེ་འབྲི་སྲོལ་འདུག་རུང་འདིར་ལ་ལྡེ་འབྲི་བ་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ཡིན༽འཕགས་པའམ་གཤེན་སྲས་ལྷ་རྗེ་མཆོག་གི་རྣམ་ཐར་གོ་ཐོས་བྱུང་རིགས་ཕྱོགས་གཅིག་ཏུ་བསྒྲིག་པ་ལ།  འཁྲུངས་ཡུལ་ཁམས་སྡེ་དགེའི་ཁུལ་དམེ་ཤོད༼འདི་ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་དཔེ་ཆ་འགར་རྨེ་ཤོད་ཅེས་བྲིས་འདུག བསྟན་རྣམ་པའི་མཆན།༽ཡུལ་གྱི་ས་ཆ་ཧོ་བ་ལུང་པའི་གཡས་ཕྱོགས་གོ་ར་སྒང༼དེང་དུས་སྡེ་དགེ་རྫོང་ཧོ་བ་ཤང་གི་ཁོངས་སུ་ཡོད་ཅིང་ཡུལ་མིས་ཁོ་ར་སྒང་ཞེས་འབོད་སྲོལ་འདུག༽ཞེས་པར་འཁྲུངས།  འཁྲུངས་དུས་ཀྱི་ལོ་ཚིགས་ཁ་གསལ་ཅན་དེ་སྔོན་མ་མཇལ་ཡང་ཁོང་དང་ཁྱུང་པོ་ནང་ཆེན་གྲགས་པ་གཉིས་དུས་མཉམ་ཡིན་པ་རྣམ་རྒྱལ་རྒྱ་ནག་མ་སོགས་བོན་སྡེའི་བརྒྱུད་རིམ་དུ་འཁོད་འདུག་ཅིང་ནང་ཆེན་གྲགས་པ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་ཡོད་པར་བཤད་པས་ཁོང་དུས་རབས་བཅུ་པའི་སྨད་དམ་བཅུ་གཅིག་པའི་སྟོད་དུ་འཁྲུངས་པ་འདྲ།༽  ཆུང་ནས་རིག་འཛིན་མཁའ་འགྲོ་དུ་མའི་ཞལ་གཟིགས་ཡོད་པ་དང་།  ཕ་རོལ་གྱི་ཤེས་རྒྱུད་མཁྱེན་པ།  རིགས་དྲུག་གི་སྦྱང་ཚད་གཟིགས་པ།  གྲུབ་རྟགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་ཡོད་པའི་བཤད་རྒྱུན་ཡུལ་དེར་ཡོངས་སུ་གྲགས།  བཞུགས་ཡུལ་ངེས་མེད་ཀྱི་རྣལ་འབྱོར་བ་མཛད་ཅིང་ཧོ་བའི་གླིང་ནང་གི་གོ་ཚང་མ༼གོ་ཡི་ཕ་བོང་གཡག་རོ་ཞེས་པ་ཁོང་གིས་གཏེར་བཞེས་ས་དེ་འདིར་ཡོད་དམ་སྙམ། བསྟན་རྣམ་པའི་མཆན།༽དང་།  ཀེ་ཕུའི༼ཀེ་ཕུའི་ན་རོ་ཞེས་པའི་ཁོང་གི་གཏེར་གནས་དེ་འདིར་ཡོད་པ་འདྲ། བསྟན་རྣམ་པའི་མཆན།༽བྲག་ཕུག༼དེང་དུས་གེ་ཕུ་ནང་ཟེར།  འདི་དང་དམེ་ཤོད་རྒྱ་རྒན་ཁྱུང་རྟགས། སྤྲད་ཟླའི་སྒ་རུ་མ་རྣམས་དེང་སྡེ་དགེ་རྫོང་ཧོ་བ་ཤང་ཁོངས་སུ་ཡོད༽དང་།  དམེ་ཤོད་རྒྱལ་རྒན་ཁྱུང་རྟགས།  སྤྲད་ཟླའི༼དེང་དུས་ཕྱར་ཐུལ་བླ་མ་བཞུགས་ས་ཟེར༽སྒ་རུ་མ།  འཛིང་གི་སྒྱེལ་ཆེན་ནང༼འདི་དང་ཁི་རའི་གཡས་ཕྱོགས། དབྲེ་ཁའི་བྲག   ཧོ་པོའི་རག་ཁྲོམ་བྲག་རྣམས་དེང་དཔལ་ཡུལ་རྫོང་འཛིང་ཤོག་ཤང་ཁོངས་སུ་ཡོད་ཅིང་ལུང་པ་སོ་སོ་ཡིན༽།  ཁི་རའི་གཡས་ཕྱོགས་དང་།  དབྲེ་ཁའི་བྲག་དང་།  ཧོ་པོའི་རག་ཁྲམ༼དེང་དུས་རག་ཀྲམ་ཟེར༽སོགས་སུ་བཞུགས།  འཚོ་བ་ཡང་འཇིག་རྟེན་མི་དང་མི་མཚུངས་པར་ས་ཁོ་ན་གསོལ།  གསོལ་བའི་ཟག་པ་རྣམས་སཱཙྪ་གདབ་པར་མཛད་ཅིང་དེ་འདྲའི་སཱཙྪ་ལ་རིགས་མི་འདྲ་བ་སྣ་ཁ་བདུན་ཙམ་ཡོད་འདུག་ཅིང་། རང་གིས་དངོས་སུ་མཇལ་བ་ནི་གོ་ཚང་ལུང་པའི་ནང་སྤྱིར་མི་འགྲོ་བསྐྱོད་དཀའ་བའི་བྲག་ཕུག་ཞིག་གི་ནང་དུ་འདུག་ཅིང་ཟེར་སྒྲོས་སུ་སཱཙྪ་དེ་ལུས་ལ་བཅངས་ན་མཚོན་སྲུང་ནུས་སྐད་འདུག  ན་བཟའ་ཡང་ཡེ་མི་གསོལ་བར་དུས་རྒྱུན་གཅེར་བུར་བཞུགས་ཤིང་བྱོན་ཚེ་ཡང་འཕུར་བ་ལས་ཞོན་པ་སོགས་ལ་མི་བརྟེན་ཟེར།  འཕུར་སྐབས་ཌཱ་རུ་དང་གཤང་ཆུང་དཀྲོལ་ནས་བྱོན་པར་མཛད།  ཡུལ་མི་འགའ་རེས་བོན་རྒོག་འཕུར་བྱུང་ཟེར་ནས་ངན་སྨྲ་བྱེད།  འཛིང་གི་སྒྱེལ་ཆེན་ནང་ཤུག་གཤགས་བྲག་ལ་བཞུགས་སྐབས་ཁོང་ལ་སྲིང་མོ་ཞིག་ཡོད་པ་དེ་ཡང་མཉམ་དུ་བཞུགས།  སྲིང་མོ་འཐག་མཁན་ཡིན་སྟབས་ཡུལ་སྡེའི་སྣམ་བུ་དང་རེ་བ་སོགས་འཐག་གླ་ལེན་ཞིང་དེའི་གླ་ཆ་ལ་ར་མང་པོ་བྱུང་ཟེར།  སྲིང་མོས་གཞན་གྱི་ཐགས་སོགས་འཐག་སྐབས་རྩིད་པ་དང་བལ་ཕྲན་བུ་ལྐོག་ཉར་གྱིས་ཁོང་ལ་རེ་ཁྲའི༼ཁམས་ཕྱོགས་ཀྱིས་རེ་ཁྲ་ལ་ཕྱར་བ་ཟེར༽ཐུལ་བ་ཞིག་བཟོས་ཏེ་མནབ་པར་ཞུས་ཀྱང་ཁོང་གིས་དེ་གྱོན་མི་དགོས་ང་རང་འདི་བཞིན་བྱས་ན་སྐྱིད་པོ་འདུག་གསུངས།  སྲིང་མོས་ནན་གྱིས་ཞུས་པས་འདི་གྱོན་ཕོད་པ་མི་འདུག་གསུངས།  རྒྱུ་མཚན་ཅི་ལགས་ཞུས་པས་ཁྱོད་ཀྱིས་ཐུལ་བ་འདི་གཡས་ཕྱོགས་གྲམ་པའི་ནང་ལ་ཁོབ་དང་གསུངས།  སྲིང་མོས་དེ་བཞིན་བྱས་པས་གྲམ་པ་ཕལ་ཆེར་འབུ་རུ་གྱུར་པས་ཁོང་གིས་རྒྱུ་མཚན་དེ་ལགས་གསུངས།  དོན་དུ་མོས་གཞན་ནས་རྐུ་བྱས་པའི་ཉེས་དམིགས་ཡིན་པར་གྲགས།  ཕྱིས་སུ་ཁོང་གིས་ཐུལ་བ་དེ་གསོལ་བར་མཛད་པས་ཀུན་གྱིས་བོན་རྒན་ཕྱར་ཐུལ་ཅན་ཟེར་སྲོལ་ཆགས།  སྐབས་ཤིག་ཁྲ་ཐེར༼ཁྲ་ཐེར་ནི་གུར་ཡིན༽ཕུབ་ཅིང་ཐུག་པ་བཞེས་དུས་སུ་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་མཁའ་སྤྱོད་ཚོགས་གྲལ་དུ་གདན་འདྲེན་ཞུས་ཏེ་ཁོང་དེར་ཕེབས།   ཤུལ་དུ་རྔོན་པ་གཉིས་སླེབས་པས་ཐུག་པ་རྣམས་འཐུང་།  ཕྱིས་སུ་རྔོན་པ་དེ་གཉིས་སྡིག་འཕྲོ་བཅད་དེ་དགེ་སྒོར་ཚུད་པར་གྲགས།  ཡང་ཉིན་ཞིག་ཁྲ་ཐེར་ནས་སྐྱོ་སངས་ལ་ཕེབས་སྐབས་ཕྱིར་ཁྲ་ཐེར་ལ་གཟིགས་དུས་ཁྲ་ཐེར་གཡས་གཡོན་གང་སར་ཁྱི་དང་བྱ་འདྲ་བ་མང་པོས་བསྐོར་བར་སྣང་།  ཁོང་ལམ་སེང་ཁྲ་ཐེར་དུ་ལོག་པས་དེར་སླེབས་པ་ན་བྱ་ཁྱི་རྣམས་བླ་ཆེན་དྲན་པ་དང་། ཚེ་དབང་རིག་འཛིན།  མཁའ་འགྲོ་འོད་ལྡན་ཉི་འབར་སོགས་སུ་གྱུར་ནས་ནམ་མཁར་འཕུར།  ཁོང་ཡང་རྗེས་སུ་འཕུར་སྙམ་བྱུང་སྟེ་དེ་བཞིན་འཕུར།  ནམ་མཁའ་ནས་ཁྲ་ཐེར་དྲན་ནས་ཕྱིར་གཟིགས་སྐབས་དེ་མ་ཐག་ཏུ་སར་ལྷུང་།  དེ་ལ་སོགས་དྲན་པ་གསེར་གདམས་ནང་དུ་འདུག་ལ་འདིའི་ཕྱོགས་ཀྱི་ཡུལ་མིའི་ངག་ནས་ཀྱང་དེ་བཞིན་ཐོས།  ཁོང་སྐུ་གཤེགས་སྐབས་ཞལ་ནས་ཁོ་སྟོན་པ་གཤེན་རབ་ཉལ་ནས་འདས་པ་རེད།  ང་གོ་ལྡེ་འཕགས་པ་ལངས་ནས་ཤི་དགོས་གསུངས་ནས་སྐུ་གཤེགས་པར་གྲགས།  གཤེགས་ཡུལ་ས་ཆ་གང་ཡིན་ཤེས་མཁན་ནི་མི་འདུག་གོ།

རྩོམ་འདི་གུས་གྲོགས་སྡེ་དགེ་དཔལ་ཡུལ་བ་ཚེ་དབང་འགྱུར་མེད་ཀྱིས་ཇི་ལྟར་བྲིས་པ་བཞིན་ཞལ་བཤུས་ཏེ་རང་མཆན་ཁ་ཤས་དང་བཅས་ཀུན་གྱིས་མཁྱེན་མངའ་ཡོངས་ཕྱིར་བདག་བསྟན་མིང་པས་ཐོག་མའི་དཔྱད་གཞི་ཙམ་དུ་ཟིན་ཐོར་བཀོད་པ་ཡིན།  ད་དུང་ཚེ་དབང་འགྱུར་མེད་ཀྱིས་གསུངས་པའི་བབ་ལ་བརྟག་ན་ཁོང་གི་གཏེར་གནས་ཁག་སོགས་རིན་ཐང་ཆེ་བའི་ཞིབ་འཇུག་བྱེད་རྒྱུ་ཡོད་བཟོ་འདུག  འོན་ཏེ་གུས་པས་དེ་བཞིན་དཔྱད་ཞིབ་མ་བྱུང་།  དེ་དག་དཔྱད་ཞིབ་གནང་དགོངས་ཚེ་ཁོང་གི་ཞལ་པར་ཨང་གྲངས་ནི།    ༡༥༩༨༤༧༣༣༠༨༣   འདི་རེད་འདུག་པས་དེ་ལུགས་མཁྱེན་ཞུ་ཞུ།  

༡༠༡༤ལོའི་ཟླ་༡་༢༨ཉིན།

རྩོམ་འདིར་དོན་ཁ་ཤས་འབྲེལ་ཡོད་མི་སྣའི་གསལ་བཤད་ལྟར་ཁ་གསབ་ཞུས་ཡོད་པས་དེ་ལུགས་གཟིགས་ཞིབ་ཡོད་པ་ཞུ།

 

 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/3/21 0:10:15 | By: སྐུ་མགྲོན་Jn1Qhu(སྐུ་མགྲོན) ]
 
སྐུ་མགྲོན་Jn1Qhu(སྐུ་མགྲོན)བོད་ལྗོངས་ཀྱི་ས་ཁུལ་གཞན་ཚོར་ནགས་འདེབས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་བཞིན་འདུག ལས་གཞི་དེ་ལ་རྒྱལ་ཁབ་ཀྱི་རོགས་དངུལ་ཡང་ཧ་ཅང་ཕོན་ཆེན་སྤྲོད་བཞིན་འདུག དཔེར་ན་འདི་ལྟར་རེད། ༼ད་ལོར་བོད་ལྗོངས་ཀྱིས་ནགས་འདེབས་ལྗང་སྒྱུར་ཐད་སྒོར་དུང་ཕྱུར༧ལྷག་གཏོང་རྒྱུ།༽ ཁྱུང་ཡུལ་དུ་ནགས་འདེགས་ཀྱི་ལས་གཞི་སྤེལ་དགོས་ངེས་ཡིན་པ་དང་སྤེལ་འདུན་ཡོད་མཁན་གྱི་བསམ་བློ་ཡོད་ན། དྲྭ་ལམ་འདིར་གཟིགས་མཛོད། མི་གཞན་ཚོས་སོ་སོའི་ལུང་པར་ད་ལྟ་ད་ལྟར་ཡར་རྒྱས་ག་རེ་གཏོང་བཞིན་འདུག་ཁྱེད་ཚོ་ཁྱུང་ཡུལ་གྱི་ཁྱུང་ཕྲུག་འཇོན་ཐང་ཅན་ཚོས་ཤེས་ཚོར་དགོས་རྒྱུ་དེ་གལ་ཆེན་པོ་རེད།
http://tb.tibet.cn/2010news/xzxw/kjhb/201403/t20140318_1981600.html
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/3/9 14:29:02 | By: སྐུ་མགྲོན་LPGs38(སྐུ་མགྲོན) ]
 
སྐུ་མགྲོན་LPGs38(སྐུ་མགྲོན)ད་ནི་ཧ་དང་ཧཱུཾ་གི་ཨིན་སྒྲ་ཙམ་ལས་བློ་ཁོག་ཡོངས་རྫོགས་ཟིན། དེ་འདྲ་རང་རེད།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/3/8 20:05:58 | By: སྐུ་མགྲོན་v05Dt2(སྐུ་མགྲོན) ]
 
སྐུ་མགྲོན་v05Dt2(སྐུ་མགྲོན)ཧཧཧཧཧ་་་
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/3/2 17:06:52 | By: zhongsong ]
 
zhongsongགཏེར་སྟོན་ཆེན་པོའི་རྣམ་ཐར་མཇལ་སྟོན་གནང་བ་དགའ་བསུ་ཞུ།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/28 17:25:38 | By: སྐུ་མགྲོན་tYp0SF(སྐུ་མགྲོན) ]
 
སྐུ་མགྲོན་tYp0SF(སྐུ་མགྲོན)རང་ལུགས་ཁུངས་ལྡན་ཁྱུང་པོའི་ལོ་གསར་སྔོན་ནས་བཏང་ཟིན་མོད། ཧོར་རྗེས་ས་འབྲས་བོད་མཐུད་ཀྱི་ལོ་གསར་བ་ཁྱེད་ལ་ཡ་ལན་མཁའ་ཡི་མེ་ཏོག་ཆུན་པོ་ཞིག་བཤམས་དང་འབུལ་བཞིན་ལ་དགྱེས་གཟིགས་ཡོད་མེད་སྐུ་ངོ་ནས་མཁྱེན་འཚལ།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/27 10:53:53 | By: སྐུ་མགྲོན་1IYl0O(སྐུ་མགྲོན) ]
 
སྐུ་མགྲོན་1IYl0O(སྐུ་མགྲོན)ཁྱུང་སྤུན་གྲོགས་ཚང་མར་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ། བསམ་པའི་དོན་ཀུན་འགྲུབ་པར་ཤོག །
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/17 17:30:35 | By: lodoe ]
 
lodoegood
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/14 17:33:11 | By: སྐུ་མགྲོན་O63Vmy(སྐུ་མགྲོན) ]
 
སྐུ་མགྲོན་O63Vmy(སྐུ་མགྲོན)ངོ་མ་མཚར་ཀི་ཡ། ཟིན་ཐོ་འདིའི་གོ་ལྡེ་འཕགས་པའི་སྐོར་གྱི་མཆན་མེད་པར་ཁྱུང་པོའི་སྤྱི་ཆུས་བཤད་གི་མོ། དེ་ནི་ཞྭ་དཔེ་ལྷམ་དང་། ཁ་མལ་རྐུབ་རང་རེད་མོད། བྱས་ན་ཁྱུང་པོ་ནང་ཆེན་གྲགས་པ་ཡང་སྙིང་ལོ་དུས་གང་དུ་འཁྲུངས་པ་དང་། དུས་རབས་གང་གི་མི་ཡིན། ཁོང་དང་གོ་ལྡེ་འཕགས་པ་གཉིས་བླ་སློབ་བམ་གཞན་པའི་འབྲེལ་བ་གང་ཞིག་ཡོད། དྲྭ་གྲོགས་རྣམ་པ་ལན་ཞིག་ཡོད་ན་རེམས་རེམས། མེད་ན་མེད་པའི་གྲལ་དུ་ཚུད་པ་ཡིན། གཟུ་བོས།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/11 16:17:08 | By: སྐུ་མགྲོན་vaq1TH(སྐུ་མགྲོན) ]
 
སྐུ་མགྲོན་vaq1TH(སྐུ་མགྲོན)ཁྱོད་ཁྱུང་པོ་གིས་དེ་འདྲ་བྱེད་ཀྱི་ཡོད་དམ་ཟེར། འོ་ན་ཁྱུང་པོ་ལས་གཞན་མདོ་དབུས་གསུམ་གྱི་མི་ཚང་མ་ཁྱོད་ཀྱིས་ཟེར་བ་ལྟར། གཞོན་གསུམ་སློབ་གྲྭ་འགའ་ཞིག གྲྭ་བཙུན་བཤད་སྒྲུབ་རྐྱང་རྐྱང་། ཞིང་འབྲོག་ལག་རིགས་རྒྱུན་སྐྱོང་སོགས་སྐྱོན་མེད་ཡིན་ནམ། ཡིན་ནི་དེ་ཤིན་ཏུ་འདུག་ལ་ངེད་ཁྱུང་པོ་བ་རྣམས་ནས་དེའི་སྲོལ་བསླབ་ཆོག
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/10 0:05:58 | By: སྐུ་མགྲོན་NSJu4Y(སྐུ་མགྲོན) ]
 
སྐུ་མགྲོན་NSJu4Y(སྐུ་མགྲོན)མི་གཞན་ཚོས་འདི་ལྟར་ལབ་བཞིན་འདུག། ང་ཚོའི་སྡེ་བའི་ཕྲུག་གུ་ཆ་ཚང་སློབ་གྲྭར་འགྲོ་བཞིན་ཡོད། ཕྲུག་གུ་ཚོར་སློབ་སྦྱོང་གི་སྤུས་ཚད་གོང་ནས་གོ་མཐོར་གཏོང་ཐབས་དང། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ཡ་རབ་དང་བཟང་པོའི་སྤྱོད་པ་གཤིས་ལ་འཇག་ཐབས་བྱེད་ཀྱི་ཡོད། དགོན་པ་ཚོར་བཤད་སྒྲུབ་ཀྱི་སློབ་གཉེར་ཚ་ཚ་འུར་འུར་དང་འདོན་ཆོ་ག་ཕྱག་ལེན་སོགས་སྔར་རྒྱུན་མ་ཉམས་པར་རྒྱུན་སྐྱོང་སློབ་སྦྱོང་ལེགས་པར་བྱེད་བཞིན་ཡོད། བུ་མེད་ཆ་ཚང་ལ་ལུས་ཁམས་བདེ་ཐང་རྒྱུན་ཤེས་ཀྱི་སློབ་གསོ་ལེགས་པར་སྤྲད་ཡོད། ཕོ་མོ་ཡོངས་ལ་འདོད་ཆགས་དང་མཚན་མ་ཁྲག་རྒྱུད་ནས་མི་རིགས་རྩ་སྟོང་འགྲོ་རྒྱུའི་ན་ཚ་ངན་པ་བགོ་རྒྱུ་ཡོད་པས་དེ་ཚོར་དུས་ཀུན་ཏུ་འཛེམ་གཟོན་བྱ་དགོས་པའི་སློབ་སྟོན་སྤྲད་ཡོད། ཞིང་ལས་ཡར་རྒྱས་གོང་འཕེལ་དང་ལོག་ཏོག་ཐོན་བསྐྱེད་ཡག་པོ་བཟོ་བའི་ལས་ཀའི་སྦྱོང་བརྡར་སྤྲད་ཡོད། འབྲོག་པ་ཚོར་ཕྱུགས་ཟོག་བདག་པོ་རྒྱག་སྟངས་དང་ཤ་མར་ཕྱུ་ར་འོ་ཞོ་སོགས་གོང་འཕེལ་གཏོང་སྟངས་སྦྱོང་བརྡར་ལེགས་པར་སྤྲད་ཡོད། ཟེར། ཁྱུང་པོ་ཚང་གིས་དེ་ལྟར་དོ་འཁུར་གནང་བཞིན་ཡོད་དམ། ཡང་ན་ཁྱེད་ཚང་སྤུ་རྩོད་དང་ལ་རྩོད་འདྲ་བརྒྱབ་ནས་ཉིན་མ་སྐྱོལ་བཞིན་ཡོད། །
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/8 23:41:52 | By: སྐུ་མགྲོན་0GWi0M(སྐུ་མགྲོན) ]
 
སྐུ་མགྲོན་0GWi0M(སྐུ་མགྲོན)ཡ་ཁོ་རེ་་་ལ་གོག་དེལ་འབུར་་་དེ་ས་རྡུལ་རྡོ་རྡུལ་ཙམ་ཞིག་མ་ཡིན་ན་མྱི་རྒན་གསེར་འདྲ་ལེ་ཞིག་ཨེ་རེད། ཁྱོད་སྔགས་རྒན་རུ་ཀྲ་ཅན་གྱི་ངོར་ལྷ་ཡི་གཞལ་ཡས་ཁང་དུ་མཇལ་སྲིད་པོ་མོད་ང་འདྲ་འཇིགས་རྟེན་རང་ཁ་མའི་ངོར་ས་རོ་རྡོ་རོ་ཞིག་ལས་གང་ཡང་མི་མཐོང་གི་ཨ་རོགས།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/8 23:13:43 | By: སྐུ་མགྲོན་0GWi0M(སྐུ་མགྲོན) ]
 
སྐུ་མགྲོན་0GWi0M(སྐུ་མགྲོན)ཧཧཧ་་་ངས་བྱ་སྤུའི་ཁ་མདོག་གི་འཐེར་འཁྱེར་ངན་པ་དེའི་སྐོར་ནས་སྐད་ཆ་བཤད་ཡོང་དུས་ཡང་ཁོས་སྒོང་ངའི་སྐོར་ནས་སྐད་ཅ་ཞིག་ཤོད་བརྩིས་བྱེད་ཀྱི་འདུག་མོད། ངས་གདུང་བརྒྱུད་དང་རུས་གོག་ཀྱི་སྐོར་ནས་ཅི་ཡང་གླེང་འདོད་མེད། རྩ་ཆེན་པོ་ཡིན་ས་ལ་ཡིན་དུ་ཆུག མིན་ས་ལ་མིན་དུ་ཆུག ང་ལ་ཁྱད་པར་གང་མེད་དོ། ཚིག་སྔ་ཚིག་ཞུགས་ཆ་ཚང་བཀླགས་ནས་ཚོགས་གཏམ་ཕབ་ན་ཡག་མོད། ཁྱོད་དེ་ལྟར་མིན་པར་ཚིག་ཞུགས་དུམ་ཞིག་ཁྱེར་ཡོང་ནས་རྫིག་རྫིག་བཤད་མ་ཡོང་གོ་ཨ་རོགས། ངས་ལབ་པ་དེ་་་་རྒྱ་མོ་ལ་རྒྱོ་མི་ཉན། ནད་ངན་ལ་འཛེམ་གཟོན་བྱོས་་་་ཟེར་ནས་བཤད་ཡོད་མ་གཏོགས་རྒྱ་མོ་ཡོད་ཚད་ཡག་པོ་མ་རེད་ཟེར་ནས་ག་བར་བཤད་འདུག། ནད་ངན་མང་པོ་ཞིག་གྲོང་ཁྱེར་ནས་གྲོང་སེབ་ལ་འཕེལ་ཡོང་གི་ཡོད་པ་ཡོངས་གྲགས་རེད་རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་མོ་ལ་རྒྱོ་མི་ཉན་ཟེར་ནས་བཤད་པ་ཡིན་གོ་ཨེ་ཐིས། ཁྱུང་སྤུ་མེད་ནས།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/8 17:58:17 | By: སྐུ་མགྲོན་JNEq2U(སྐུ་མགྲོན) ]
 
སྐུ་མགྲོན་JNEq2U(སྐུ་མགྲོན)ཀུན་བཟང་རིག་སྣང་འོད་ཀྱི་རྒྱལ་པོའི་གདུང་རབས་གཙང་མ་དེ། གཅོལ་ཆུང་གསར་བུ་འགའ་རེའི་སྣང་ངོར་བྱོལ་སོང་བྱ་སྤུའི་རིན་ཐང་ཙམ། ཁྱུང་ཆེན་ཞག་མལ་བསྟི་བའི་མིང་གྲགས་ཅན་གྱི་ལ་བོ་དེ་ཡང་། ས་ཁུག་ཨ་བྲ་ནག་པའི་མིག་ལམ་དུ་བེད་མེད་ས་རྡུལ་རྡོ་རྡུལ་ཙམ་ཞིག་གྲུབ། རེད་ཡ། འཁོར་འདས་བདེན་མེད་གང་བརྟགས་དེར་སྣང་གི་ཕ་གདམས་ཟབ་མོ་དེ་ཉིད་དེ་རིང་དགོས་པའི་ཉག་དང་མཁོ་བའི་སྐབས་ཤིས་ཤར་སོང་། ཁོས་ཟེར་ན། རྒྱ་ལ་མ་རྒྱོ། བོད་ལ་མ་འཛིང་། འགྲན་རྩོད་མི་ཉན། རྟོགས་པ་མ་སད། རང་ཚུགས་མ་བཟུང་། བདེན་དོན་མ་བཤེར། ནམ་ནས་ནམ་དུ་ཡང་གྲགས་མེད་འགུལ་མེད་བེམ་གཟུགས་ཤིག་གི་ངང་ཚུལ་བསྐྱང་དགོས་སྐད། ཀྱེ་མ་མཚར་རེ་ཆེ། གཅོལ་རེ་ཆུང་། ས་འབུ་མགོ་ནག་འདི་འདྲའི་རྩམ་སྐྱ་མར་ཞག་ཁྲོགས་སུ་བརླག་ན་ཀྱེ་མ་མ།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/8 9:55:23 | By: སྐུ་མགྲོན་sWNa61(སྐུ་མགྲོན) ]
 
སྐུ་མགྲོན་sWNa61(སྐུ་མགྲོན)ཁྱུང་པོ་ཁྱུང་པོ། ཡ་ཁྱུང་པོ་ཚང། བྱ་སྤུ་དཀར་ནག་སེར་གསུམ་ལ་མགོ་འཐོམ། ལ་གོག་ས་རྡོ་རི་བྲག་ལ་ཁག་བཀྲི། ང་དགོན་དང་ཁོ་དགོན་ལ་རུ་མ་ང། འབུ་གོག་མང་ཉུང་གི་རྩོད་མ་ཆེ། ཆང་རག་ལ་ཧམ་མི་ཉན། ཤོ་བག་ལ་དུས་མ་འདའ། རྒྱ་མོ་ལ་རྒྱོ་མི་ཉན། ནད་ངན་ལ་འཛེམ་གཟོན་བྱོས། རླིག་སྟུ་ལ་བདག་པོ་རྒྱོབ། གཙང་བྲ་དང་འཕྲོད་བསྟེན་སྦྱོང་། འུ་ཐུག་དང་ཐབས་ཟད་མ་གནོངས་ཤིག ། །
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/8 9:21:36 | By: སྐུ་མགྲོན་1HXk0O(སྐུ་མགྲོན) ]
 
སྐུ་མགྲོན་1HXk0O(སྐུ་མགྲོན)ད་ཁྱུང་པོ་ཁྱུང་པོ། ཁྱུང་པོ་གང་གི་ཐད་ནས་རྗེས་ལུས་རེད། གང་གི་ཐད་ནས་ཡར་རྒྱས་གདའ། བླ་རྒན་རྣམ་པའི་ཉམས་རྟོགས། བླ་ཤར་རྣམ་པའི་ཆིབས་འཁོར། བླ་ཆུང་རྣམ་པའི་གཙང་སྦྲ། གྲྭ་རྒན་རྣམ་པའི་ལ་རྒྱ། གྲྭ་ཤར་རྣམ་པའི་ཚོང་ལས། གྲྭ་ཆུང་རྣམ་པའི་སློབ་གཉེར། སྐྱ་རྒན་རྣམ་པའི་ཉམས་མྱོང་། སྐྱ་ཤར་རྣམ་པའི་ཆང་འཐུང་། སྐྱ་ཆུང་རྣམ་པའི་འབུ་རྐོ། དཔོན་ཆེན་རྣམ་པའི་ཀླད་རྒྱ། དཔོན་ཤར་རྣམ་པའི་ལྟག་སྒོ། དཔོན་ཆུང་རྣམ་པའི་ཉམས་རྩ། མང་ཚོགས་རྣམ་པའི་ཆོས་དད། བླ་དགོན་རྣམ་པའི་རྟེན་བཞེངས། གྲྭ་བཙུན་རྣམ་པའི་གྲངས་འབོར། འབྲོག་པ་རྣམ་པའི་ཕྱུགས་ལས། རོང་པ་རྣམ་པའི་ཞིང་ལས། བར་ཤར་རྣམ་པའི་བག་རྒྱག ངོ་མ་སྐྱིད་པའི་ཡུལ་ལྗོངས། དགའ་བའི་ཕ་ས། ད་མིན་ན་ནམ་ཡིན། ད་མེད་ན་ནམ་ཡོད། འབུ་ནི་གདའ། ཟས་ནི་འབོལ། ལས་ནི་མེད། ཟ་ལ་ལ། ཉལ་ཆོག་ཆོག ཉམ་ནི་ཆུང་། ནང་ནི་འཁྲུགས། ཕྱི་ལ་འཇམ།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/8 9:06:17 | By: སྐུ་མགྲོན་sWNa61(སྐུ་མགྲོན) ]
 
སྐུ་མགྲོན་sWNa61(སྐུ་མགྲོན)ཡ་སྐྱེས་ཕ་བཟང་གི་བུ་རྒོད་དང་མ་བཟང་གི་བུ་མོ་མཛངས་མ་ཚོ་ད་ཡིན་ནོ། དུས་ཚོད་རན་འདུག་ཀླད་པ་དཀྲུགས་ཤིག བསམ་མནོ་ཐོངས་ཤིག ཁྱུང་གཅིག་ཁྱིམ་གཅིག་གི་འདུ་ཤེས་བཟུང་ཞིག།བྱ་རྩོད་དང་ལ་རྩོད་མ་བརྒྱག་ཅིག དཔལ་ལྡན་རྩ་བའི་བླ་མ་ནི་དགུང་ལོ་ཤིན་ཏུ་བགྲེས། ཁོང་གི་རྗེས་འཇུག་ཁྲུག་ཕྲུག་ཚོ་མཐུན་ལམ་སྔར་བས་ལྷག་པ་མཛའ་བརྩེ་མཚོ་ལས་ཟབ་པ་ཞིག་བྱ་དགོས་པའི་དུས་ལ་སླེབས་ཡོད། ནང་ནས་རྡོག་གྲ་མ་བསྒྲིག་ན། ཕྱི་ལ་ཞབས་བྲོ་རྒྱག་མི་ཐུབ། གལ་ཏེ་ཅིས་ན་བསམ་མེད་ཀྱི་བྱ་ཕྲུག་དང་ལ་ཕྲུག་འགའ་ད་དུང་གླེང་དེར་མཆིས་ན་ཁྱེད་ཚོ་ནི་བྱོལ་སོང་དུད་འགྲོ་དང་ཁྱད་པར་སྤུ་ཙམ་མེད། ཀྱེ་མ་ཁྱུང་པོའི་ལས་དབང་ལ་བསམ་གཞིག་ཅིག་བྱོས་དང་། ནང་ཕྲུག་རྒྱག་པའི་དུས་ཚོད་རེད་འདུག་གམ་མཐུན་ལམ་བྱ་དགོས་པའི་དུས་ཚོད་རེད། ད་ཡིན་ནོ། །
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/6 18:41:39 | By: སྐུ་མགྲོན་swn0Qe(སྐུ་མགྲོན) ]
 
སྐུ་མགྲོན་swn0Qe(སྐུ་མགྲོན)ད་ཟིན་ཐོ་འདིར་སྤྲིན་སྐྱོག་འགོ་ཙམ་མེད་སར་ཐོག་གཡག་རོ་ཙམ་རྒྱབ་ཐ། དངོས་གནས་སྐྱོ་པོ་རེད། ཁྱུང་པོ་སྐྱོ་ཐག་ཆོད་སོང་། དགོན་སྡེ་ནང་འཁྲུགས་རྒྱབ་སོང་། བླ་མ་གྲྭ་པས་རྡུང་སོང་། མར་ནང་དབང་ཁམས་དར་དུས། ཡར་ནང་ཐུགས་དམ་བསྐང་སོང་། ཡར་ནང་སྟོག་པ་སད་དུས། མར་ནང་མི་གྲལ་མི་འཇོག མི་ཟེར་མི་ཟེར་མ་གཏོགས། ད་དུང་ཟེར་རྒྱུ་མང་གི ཚེར་མོང་རྩེ་ནས་བྲིས།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/6 18:29:20 | By: སྐུ་མགྲོན་swn0Qe(སྐུ་མགྲོན) ]
 
སྐུ་མགྲོན་swn0Qe(སྐུ་མགྲོན)ཁ་དཔེར་སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན། འཛེར་མེད་དྲང་པོ་སྐྱེས་པའི་ཤིང་དཀོན། ཟེར་བ་ལྟར་སྤྱིར་ན་ཁྱུང་པོ་ཙམ་མིན་པར་མི་སུ་ཡང་རང་གཅེས་འཛིན་མེད་མཁན་དཀོན་ཡ། འོན་ཏེ་ནག་རུ་དགོན་གྱི་གནས་ཚུལ་དེ་མངོན་གསལ་དོད་པོ་རེད་ལ་དེའི་མཇུག་འབྲས་ད་ལྟ་ཆོད་སྡོམ་བྱེད་དཀའ་སྙམ། མ་གཞི་འགྲན་རྩོད་ནི་ཡར་རྒྱས་ཀྱི་རྩ་བ་ཅིས་མ་ཡིན། དཔེར་ན་རི་དགོན་གཉིས་ལྟ་བུ། འདིར་ཁྱུང་པོ་ཁྱུང་པོ་ཟེར་ནས་དོ་སྣང་བཟོ་འདྲ་འདུག་མོད། བོད་གཞན་ལ་གླེང་ཙམ་མི་དགོས་པ་གྲུ་བཞི་ལམ་མེ་ཞིག་ཡོད་རེད་དམ། རྒྱ་ཆེ་ཙམ་ལྟོས། མ་གཞི་ཁྱུང་པོའི་སྐྱོན་གཙོ་བོ་ནང་ཁ་མི་འཆམ་པ་དེ་ཡིན་ནམ། སྟོད་སྨད་ཁྱད་བྱས་པས་ཡིན་ནམ། ཆོས་དད་ཆེ་དྲགས་པས་ཡིན་ནམ། རིགས་ཞེན་ཆུང་བས་ཡིན། དེ་དག་སྐོར་གླེང་རིན་ཡོད་པས་སོམས་ཤིག ལ་ཁ་པས།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/5 22:27:34 | By: སྐུ་མགྲོན་M62Tlx(སྐུ་མགྲོན) ]
 
སྐུ་མགྲོན་M62Tlx(སྐུ་མགྲོན)དུས་རྒྱུན་ཁྱུང་ཡུལ་ཟེར་གོ་ཡོང་དུས་སྤོབས་པ་ཁྱེར་ནས་འགྲོ་གི་ཡོད། མོ་འབོར་མང་ས། རྒྱུ་ནོར་འཛོམས་ས། ལ་རྒྱ་ཆེ་ས། དགེ་སེམས་དཀར་ས། མཐུན་འབྲེལ་ཡག་ས། དེ་འདྲ་ཞིག་ཡིན་གྱི་རེད་དྲན་སོང་། ཡིན་ནའང་དཔེ་མཚོན་ཙམ་ཞུས་ན་ནག་རི་དགོན་པར་བྱུང་བའི་གནས་ཚུལ་དེ་ཚོ་མཐོང་ཡོང་དུས་ཡིད་ཐང་ངོ་མ་ཆད་སོང་། ཁྱེད་ཚོའི་མདོག་སྐྱ་དེ་འདྲ་ཞིག་རེད་འདུག་བ། ད་དུང་བྱ་སྤུ་དཀར་ནག་སེར་གསུམ་དང་ལ་རོ་ཡར་ནང་མར་ནང་གི་གདོན་འདྲེ་གསོན་པོ་ཁོག་ནང་བཅུག་ནས་དབྱིངས་འཕར་མ་ཡོང་ཨ། གནས་དེ་ཚོར་མི་རོ་གླང་ངེ་འདྲ་བ་དུམ་བུ་ཞིག་ཚོགས་བསྡད་ཡོད་པའི་ཚོར་སྣང་བྱུང་སོང་། མི་ཚང་མས་མཐོང་བསྡད་ཡོད་ལེ་རེད་ད་ང་གཅིག་པུ་མ་རེད་དོ། ཁྱུང་པོའི་དགོན་པ་ཚང་མར་གནས་ཚུལ་དེ་འདྲ་པོས་གང་བསྡད་ཡོད་ན་བསྟན་པ་ཟེར་བ་མིང་ཙམ་རེད། མཐུན་འབྲེལ་དང་ལ་རྒྱ་ཟེར་བ་མིང་ཙམ་ཅི་ལ་མིན། ཐུགས་རྗེས་གཟིགས་མ་འོངས་པར་ཁྱེད་ཚོས་མིག་ལྟོས་ངན་པ་དེ་འདྲ་རྩ་བ་ཉིད་ནས་མ་གནང་རོགས་ཟེར་ནས་རེ་བསྐུལ་སྙིང་ནས་ཞུ་བཞིན་ཡོད། སྔར་མིའི་ཁ་དཔེ་ལ་ཟུར་བལྟས་ལེབ་མཐོང་ཟེར་བ་ཞིག་ཡོད་ལེ་རེད་ད་ཕྲ་ཞིང་ཕྲ་བ་ནས་ཚང་མ་ཤོད་དགོས་ལེ་མ་རེད་མོད། གལ་སྲིད་ཤོད་དགོས་ཀྱི་ཡོད་ན་བྲེལ་བ་མ་གནང་།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/5 14:17:29 | By: སྐུ་མགྲོན་MRHt48(སྐུ་མགྲོན) ]
 
སྐུ་མགྲོན་MRHt48(སྐུ་མགྲོན)གོང་གི་མཆན་འདོགས་པ་པོ་ལགས། དོན་དངོས་བྱས་ན་ཁྱུང་པོའི་སྐྱིད་སྡུག་ལེགས་སྒྲིག་བྱ་བར་ཉིད་ནས་དགོངས་བཀོད་དང་ལམ་སྟོན་མ་ནོར་བ་ཞིག་ཡོད་ཐད་ཀར་གསུངས་དང་ང་ཚོས་དེ་ལ་དབྱེ་ཞིབ་ཀྱིས་བླང་དོར་གང་དགོས་ཞུ་ཆོག དེ་མིན་འཕྲལ་འཕྲུལ་འདྲ་ཟེར་ཏེ་ལུས་ན་སྒོར་དང་དུས་ཚོད་ཟད་བྱེད་ཙམ་ལས་མ་མཆིས། ཁྱུང་གཉིས་ལ་ཁ་ནས།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/4 21:18:23 | By: སྐུ་མགྲོན་017Iyl(སྐུ་མགྲོན) ]
 
སྐུ་མགྲོན་017Iyl(སྐུ་མགྲོན)ཁྱུང་གསེར་ཞུན་མཆོག་ལ་གང་ཡང་ཞུ་གི་མེད། ཞུ་དགོས་པ་ཡང་མི་འདུག ཁོང་དུག་གསུམ་གྱི་བྱ་རོའི་ཚང་དུ་ལྷུང་ཡོད་པར་མི་སེམས་ལ་ཞེ་སྡང་གི་ལ་རོའི་གཉའ་ལྟག་ནས་མནན་ཡོད་པར་ཡང་མི་སེམས། གཞན་པའི་བྱ་ཕྲུག་དང་ལ་ཕྲུག་སུ་ལ་ཕོག་ན་དེ་ལ་བཤེ་ཐག་ཆོད་ཡིན། སེམས་སུ་བཟུང་ཞིག །
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/4 16:37:43 | By: སྐུ་མགྲོན་2KBm16(སྐུ་མགྲོན) ]
 
སྐུ་མགྲོན་2KBm16(སྐུ་མགྲོན)སྤྱིར་ན་ཟིན་ཐོ་འདིར་འབའ་དགོས་པའི་མ་མོ་སྟེ་གོ་ལྡེ་འཕགས་པའི་རྣམ་ཐར་སྐོར་ཟུར་ཙམ་མེད་པར་་མི་འབའ་དགོས་པའི་ཤབ་ཟན་ཏེ་ཁྱུང་ཡུལ་གྱི་སྐྱིད་སྡུག་ཁ་ཕྱོགས་གླེང་བ་དགོད་རེ་བྲོ། མ་གཞི་ཧི་བོན་ཟིན་བྲིས་དཔྱད་མཆན་ཕལ་ཆེར་དེ་འདྲ་ཞིག་ཡིན་འགྲོ། གང་ལྟར་འབྲི་འདོད་ཡོད་ན་སྐབས་དོན་མ་སྟོར། གོ་འམ་ཤེས་སམ་ཁྱུང་ཕྲུག་ཚོ། ཧེ་ཧེ། ཧུང་ཧུང་། ཧུད་ཧུད།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/4 16:28:43 | By: སྐུ་མགྲོན་2KBm16(སྐུ་མགྲོན) ]
 
སྐུ་མགྲོན་2KBm16(སྐུ་མགྲོན)མཆན་འདི་ཚོའི་བབ་ལ་བརྟག་ན་དོན་དངོས་རང་གཅེས་གཞན་གྲོལ་ལམ་དོགས་མེད་མཐའ་སྐོར་གྱི་ལམ་ཁ་ཞིག་འབུད་བཞིན་པ་འདྲ། དེ་ག་རེད། ང་ཚོའི་ཡར་རྒྱས་དེ་བཞིན་རེད། ང་ཚོའི་མཐུན་སྒྲིལ་དེ་བཞིན་རེད། ཀུ་རེ་ཙམ།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/3 21:49:49 | By: སྐུ་མགྲོན་wc6Evi(སྐུ་མགྲོན) ]
 
སྐུ་མགྲོན་wc6Evi(སྐུ་མགྲོན)བསྐལ་པ་སྔོན་དུས་བོན་པོ་ཚོས་ལྷ་ཀླུ་གཙང་སེལ་བྱ་བའི་ཕྱིར་བསང་དང་ཚན་ཁྲུས་བྱས་ལེ་རེད།

དེང་སང་རིགས་བཟང་བོན་པོ་ཚོས་རང་སེམས་གཙང་མ་བཟོ་བའི་ཕྱིར་བསང་དང་ཚན་ཁྲུས་བྱ་དགོས་འདུག ། ཉམས་མྱོང་གི་སྐད་ཆ་ཡིན་ད། ཧཧཧ
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/3 21:13:28 | By: སྐུ་མགྲོན་wc6Evi(སྐུ་མགྲོན) ]
 
སྐུ་མགྲོན་wc6Evi(སྐུ་མགྲོན)ཁྱུང་པོ་ལ་ལེགས་པའི་ཡོན་ཏན་གྱི་ཆ་མང་པོ་ཡོད་པ་རེད་ལ། ཁྱུང་པོ་ལ་ཡར་ནང་མར་ནང་ཟེར་བ་དང་དཀར་ནག་སེར་གསུམ་ཟེར་བ་སོགས་དོན་གནད་དེ་ཙམ་མེད་པའི། ལ་རོ་ས་རྡོ་རི་བྲག་ཅིག་དང་བྱ་རོ་ཞིག་གི་བྱ་སྤུ་ལ་ཞེན་ཁོག་ངན་པ་འཛིན་མཁན་གང་མཚམས་ཡོད་རབས་ཐོས་ཀྱི་འདུག དེ་ཚོ་ལ་ཁྱེད་ཅག་བློ་གསར་པ་རིགས་བཟང་ཁུངས་བཙུན་གྱི་བུ་དང་བུ་མོ་ཚོ་གཟབ་གཟབ་གནོངས་རོགས། མདོར་ན་ཁྱུང་མི་སྤར་མོ་གང་ལ་དབྱེ་འབྱེད་མང་པོ་ཞིག་བྱེད་རྒྱུ་ཞིག་ལྷག་མི་འདུག དེ་ལས་རིག་པ་ལ་ངར་བླུད་ནས་ཁྱུང་པོ་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་སྒོ་ནས་ཡར་རྒྱས་ཀྱི་མདུན་སྐྱོད་བྱེད་བཞིན་པ་དེ་དུས་ནམ་ཡང་མཚམས་འཇོག་མི་ཉན།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/3 17:04:16 | By: སྐུ་མགྲོན་JNEq2U(སྐུ་མགྲོན) ]
 
སྐུ་མགྲོན་JNEq2U(སྐུ་མགྲོན)ཡར་མར་ནང་གི་ཟེར་སྒྲོས་འདི་རྒན་གསུམ་ཁ་ཤས་དང་དེ་འདྲའི་སློབ་གསོ་ཅན་ཁ་ཤས་ཤིག་ལས་སྤྱི་ཡོངས་ཀྱི་ལྟ་བ་ཞིག་མིན་པའི་ཡིད་ཆེས་ཡོད། དེ་ལས་བོན་དང་ཆོས་ཀྱི་དབྱེ་མཚམས་དེ་ཅུང་ཤུགས་ཆེ་ཀི་སྙམ། མདོར་དེད་ན་བོད་སྤྱི་ཡི་ལས་དབང་ལ་ལྟོས་པའི་གནའ་དེང་གི་རིག་གཞུང་ལ་འབད་འབུངས་གནང་གལ་ཆེ།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/1 21:36:21 | By: སྐུ་མགྲོན་GLCn16(སྐུ་མགྲོན) ]
 
སྐུ་མགྲོན་GLCn16(སྐུ་མགྲོན)བོད་པའི་ཆོས་ལུགས་པ་དང་བོད་པའི་སྤྱི་ཚོགས་གཉིས་ཀྱི་ནང་ནས་བོད་པའི་སྤྱི་ཚོགས་འདི་རྒྱ་ཆེ་ལེ་རེད། སྤྱི་ཚོགས་སྲ་བརྟན་ཡོང་བ་ལ་སྤྱི་ཚོགས་ལ་གནའ་དེང་གི་་ཤེས་ཡོན་སློབ་སྦྱོང་ཡག་པོ་དགོས་ལེ་རེད། ལྟ་རྒྱ་མཐོང་རྒྱ་དགོས་ལེ་རེད།བསམ་བློ་རྒྱ་ཆེ་ས་ནས་གཏོང་ཤེས་དགོས་ལེ་རེད། ཁ་དོག་དཀར་ནག་སེར་གསུམ་གྱི་ཞེན་གོག་ལ་མགོ་བོ་འཁྱིལ་འཁྱིལ་འཁོར་ནས་དུས་ཚོད་ཆུད་གཟོས་སུ་མ་གཏོང་། ཁྱུང་པོ་སྤྱི་ཡོངས་ནས་ཡར་ལངས་ཐུབ་དགོས་པ་རེད། ལ་གོག་ས་རྡོ་རི་བྲག་ཅིག་ལ་ཡར་ནང་དང་མར་ནང་ཟེར་ནས་འདྲེ་གདོན་གསོན་པོ་ཁོག་ནང་དུ་བཅུག་མ་ིཉན། དེས་ཁྱུང་པོ་སྤྱི་ཡོངས་ཀྱི་ཡར་རྒྱས་ལ་ཕན་ལས་གནོད་ཆེ། ད་ལྟ་དུས་ཚོད་བཟང་པོ་རེད། རྒྱལ་ཁབགཞུང་ལ་འབྲེལ་འདྲིས་ལེགས་པར་བྱས་ནས་ཁྱུང་ཡུལ་ལྟ་བས་ཆོག་མི་ཤེས་པ་ཞིག་བཟོ་བ་ལ་བློ་གསར་ཚོས་འབད་འབུངས་ལྷོད་མེད་གནང་གལ་ཆེ་བའི་དུས་ལ་བབས་ཡོད། །
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/2/1 16:35:28 | By: སྐུ་མགྲོན་GKBn1R(སྐུ་མགྲོན) ]
 
སྐུ་མགྲོན་GKBn1R(སྐུ་མགྲོན)ང་ཚོ་བོད་པའི་མ་འོངས་མདུན་ལམ་ཐད་བསམ་མནོ་བཏང་ན་འགའ་རེས་བླ་གྲྭ་རྣམ་པས་དབུ་ཁྲིད་དེ་བན་བོན་གཉིས་ཀྱི་ཆོས་འདི་ཁོ་ནས་ཐག་གཅོད་ཐུབ་ཟེར། ཡང་རེ་འགས་ང་ཚོ་བོད་པའི་སྐྱིད་སྡུག་ཐག་གཅོད་དགོས་ན་མི་རང་རང་ནས་རྐང་བཙུགས་ཏེ་འཇིག་རྟེན་གཙོར་འདོན་ཐོག་སྐབས་བསྟུན་གྱི་ཆོས་ལུགས་སྤྱོད་ནས་འགྲོ་རྒྱུ་མ་གཏོགས་ཆོས་གཅིག་པུས་ཕན་ཐོགས་ཐབས་མེད་ཟེར། ང་རང་དེའི་ཕྱོགས་སུ་ཡོད། དེའི་ཐད་དྲྭ་གྲོགས་རྣམ་པར་ལྟ་ཚུལ་གང་ཡོད།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/1/30 20:59:11 | By: སྐུ་མགྲོན་8cs1WJ(སྐུ་མགྲོན) ]
 
སྐུ་མགྲོན་8cs1WJ(སྐུ་མགྲོན)༼བླ་མ་ཕལ་གྱིས་གྲྭ་པའམ་བཙུན་མ་མཐར་ཕྱིན་རེ་བྱུང་ན་འཁོར་བའི་ཁྱིམ་དུད་རེ་སྟོང་འགྲོ་བས་དགེ་བ་ཆེན་པོ་ཡོད་པའི་དགོངས་ཚུལ་ཡང་ཡོད།༽ ཁྱེད་ངོ་མ་ཐུགས་བདེན་ང་ཡང་སྤྱི་ཚོགས་དེ་འདྲ་ཞིག་ནས་འཚར་ལོངས་བྱུང་བ་ཡིན། བསམ་ཚུལ་འདི་ཚོ་ལ་འགྱུར་བ་མ་བཏང་ན་འཛམ་གླིང་གི་རྗེས་ཟིན་དཀའ་མོ་རེད། ཁྱུང་ཡུལ་འདི་འདོད་དགུ་འཛོམས་པའི་ཞིང་ཁམས་སུ་དེ་བས་ཀྱང་བཀྲུན་ག་ལ་ཐུབ། །
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/1/28 14:01:42 | By: སྐུ་མགྲོན་13Yl05(སྐུ་མགྲོན) ]
 
སྐུ་མགྲོན་13Yl05(སྐུ་མགྲོན)དེང་སྐབས་བོད་རིགས་འདི་ལྟོས་བཅས་ཀྱི་མི་གྲངས་ཉུང་བའི་སྐྱོན་ཞིག་ཡོད་མེད་སྐོར་རྩོད་གླེང་འདུག ཁ་ཤས་ཀྱིས་ཟེར་བར་ལོ་སྟོང་ཕྲག་ཙམ་གྱི་གོང་དུ་བོད་མི་ས་ཡ་བཅུ་ལྷག་ཡོད་པའི་བདེན་དཔང་འདུག་ཟེར། འོན་ཏེ་ཁོ་བོས་དངོས་སུ་མ་མཐོང་། ད་སྐབས་ཁྱུང་ཡུལ་དུ་བོད་མི་ཉུང་བ་འདིའི་རྒྱུ་རྐྱེན་གང་ཡིན་རིམ་བཞིན་བརྟག་ན་ཆོག འགའ་ཤས་ཀྱིས་བོད་མི་ཉུང་བའི་རྒྱུ་གཅིག་ནི་གྲྭ་ཇོ་མང་བས་ལན་ཟེར། བླ་མ་ཕལ་གྱིས་གྲྭ་པའམ་བཙུན་མ་མཐར་ཕྱིན་རེ་བྱུང་ན་འཁོར་བའི་ཁྱིམ་དུད་རེ་སྟོང་འགྲོ་བས་དགེ་བ་ཆེན་པོ་ཡོད་པའི་དགོངས་ཚུལ་ཡང་ཡོད། གང་ལྟར་ང་ཚོས་གནད་དོན་དེའི་སྐོར་རིམ་པས་དཔྱད་ཞིབ་བྱས་ན་ཆོག་པར་སྙམ། ད་ལན་དེ་ཙམ་ཡིན།
 
 
Re:གོ་ལྡེ་འཕགས་པའི་རྣམ་ཐར།
[ 2014/1/28 12:29:36 | By: སྐུ་མགྲོན་GKBn16(སྐུ་མགྲོན) ]
 
སྐུ་མགྲོན་GKBn16(སྐུ་མགྲོན)ཁྱུང་པོ་ཁོག་ལ་ས་ཆ་ནི་ཆེན་པོ་འདུག། ཡོང་འབབ་ཡང་ནི་ཡག་པོ་ཡོད་ས་རེད། ད་མི་འབོར་འཕེལ་རྒྱས་གཏོང་དགོས་ཀྱི་འདུག ཐབས་ཤེས་འདྲ་མེད་དམ། ད་བར་ཁྱུང་པོ་ཡོངས་ལ་མོ་འབོར་༧༠༠༠༠་་ཡས་མས་ཅིག་མ་གཏོགས་མེད་རབས་ཤོད་ཀྱི་འདུག འདི་ཏོག་ཙམ་ཉུང་སོང་འདུག མ་མཐར་འབུམ་བཅུ་བཅོ་ལྔ་ཞིག་གཏན་གཏན་དགོས་ཀྱི་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.