ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ལོ་འཁོར་རྩོད་རྒྱུགས་ཆེན་མོ།
[ 2013/12/3 18:25:00 | By: ཁྱུང་གསེར་ཞུན། ]
 

༄༅།། བླ་མ་དང་ཤེས་རབ་སྨྲ་བའི་སེང་གེ་

   དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ།།

དེ་ཡང་འཆར་ཅན་གྲྭ་ས་ཆེན་མོའི་རིང་ལུགས་ལྟར་འདི་ལོའི་སྤུ་རྒྱལ་རིག་སློབ་ཁང་གི་བཤད་གྲྭ་བའི་ལོ་གཅིག་གི་རྩོད་རྒྱུགས་ཆེན་མོའི་མཛད་སྒོ་དེ་བཞིན་བོད་རབ་མཛོད་ཆུ་སྦྲུལ་ལོའི་ཟླ་བ་དགུ་པའི་ཚེས་སུམ་ཅུ་སྟེ་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱ་པའི་མགོན་པོ་དེ་ཉིད་ཀྱི་འདས་མཆོད་ཆེན་མོའི་ཉིན་གདན་ས་ཞུ་དགོན་བཀྲ་ཤིས་སྨིན་གྲོལ་གླིང་དུ་སྤེལ།  དེ་ཡང་བསྡུས་ར་བ་ནས་ས་ལམ་བར་གྱི་འཛིན་གྲྭ་ལྔ་པོས་བདུན་ཕྲག་གསུམ་གྱི་སྔོན་ནས་སྐབས་བབ་ཀྱི་རྒྱུགས་གཞི་ཁག་ལ་རྩོད་སྦྱོང་ཡང་ཡང་གནང་སྟེ་དངོས་གཞིའི་ཉིན་རང་མཐུན་གྱི་རྩོད་ཟླ་དང་རྩོད་གཞི་གང་ཡིན་མཁན་སློབ་རྣམ་པའི་མདུན་ནས་རྒྱལ་བླངས་ཏེ།  ལན་དང་རྩོད་པ་གཉིས་ཀའི་ཐོག་ནས་རྒྱུགས་འབུལ་ཞུས།  དེ་བཞིན་མཁན་སློབ་རྣམས་ནས་རྒྱུགས་འབུལ་བ་སོ་སོའི་ཐོབ་སྐར་དཔྱད་འདེམས་ཀྱིས་ཐོ་འགོད་དང་འབྲེལ་རིམ་པ་མཐོ་བའི་སློབ་གཉེར་བ་རྣམས་ལ་གཟེངས་བསྟོད་གནང་རྒྱུ་བཅས་མཛད་སྒོ་དེ་བཞིན་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།       

                 ཁྱུང་གསེར་ཞུན་ནས། ༢༠༡༣་༡༢་༣ཉིན།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.