དཔའ་བརྡ། སྤུ་རྒྱལ་གྱི་ལྷོ་ཕྱོགས་སུ་གནས་པའི་དཔའ་བརྡའི་༼འདི་ལ་སྤ་ཟླ་འབྲི་བ་ཡང་ཡོད།༽ཡུལ་སྟེ། སྤྱིར་ཡུལ་
འདིར་བརྡ་སྟོད་དང་། གེ་དང་། ཟླ་སྨད་དང་། ཡུག་དང་། སྤོ་བཅས་ཀྱི་མིང་གིས་བརྒྱན་པའི་ལུང་ཆེན་དྲུག་ཡོད་པ་ལས་བརྡ་དང་དཔའ་གཉིས་ཀྱི་མིང་འདུས་པ་ལས་དེ་ལྟར་གྲགས།
གཤེར་གཞུང་། སྤུ་རྒྱལ་གྱི་ལྷོ་ཤར་ཕྱོགས་སུ་གནས་པའི་ལུང་ཆེན་ཞིག་སྟེ། འདི་ལ་གཤེར་འགག་གམ་སྲིབ་ཐ་ཡང་ཟེར།
སྤུ་གཞུང་། སྤུ་རྒྱལ་གྱི་ཤར་ཕྱོགས་སུ་གནས་པའི་ལུང་ཆེན་ཞིག
ངས་གཞུང་། སྤུ་རྒྱལ་གྱི་ཤར་ཕྱོགས་སུ་གནས་པའི་ལུང་ཆེན་ཞིག
ག་ངས། ག་ཐ་སྨད་མ་དང་ངས་པ་གཉིས་ཀྱི་བསྡུས་མིང་སྟེ། དེང་ག་ངས་ཡུལ་ཤོག་གི་ཁོངས་སུ་ངས་གཞུང་དང་། སྤུ་གཞུང་། ག་ངས་ཁ། མཁར་སྤུངས། ར་ཡོབ་སྒེས་སོགས་ཡོད།
ག་ཐ། སྤུ་རྒྱལ་གྱི་བྱང་ངོས་སུ་ཡོད་པའི་ཡུལ་ལྗོངས་ཤིག་སྟེ། ནང་གསེས་སུ་ག་གཞུང་དང་། རེ་གཞུང་། སྒང་རུ། ག་ངས། ག་རེ་འགག་སོགས་ཡོད། དེང་ག་ཐ་ཡུལ་ཤོག་གི་ཁོངས་སུ་གོ་སྡོམ་གཉིས་དང་། ཤྭ་འདྲ། སྒང་རུ། རྐྱང་གཞུང་། ག་གཞུང་། རེ་གཞུང་། ས་ཐང་། གོ་ན། སྒམ་སྐད། ཟེ་བ་སོགས་ཡོད།
དངུལ་གྱིམ་ཤ་བ་རོང་ཆེན། ག་རེ་འགག
དབལ་རོང་། ག་ཐའི་སྒང་རུར་ཡོད་པའི་གྲོག་རོང་ངོ་མཚར་ཅན་ཞིག
གོ་གཞུང་། སྤུ་རྒྱལ་གྱི་བྱང་ཕྱོགས་སུ་གནས་པའི་ལུང་ཆེན་ཞིག
སྡོམ་གཞུང་། སྤུ་རྒྱལ་གྱི་བྱང་ཕྱོགས་སུ་གནས་པའི་ལུང་ཆེན་ཞིག
རྐྱང་གཞུང་། སྤུ་རྒྱལ་གྱི་བྱང་ཕྱོགས་སུ་གནས་པའི་ལུང་ཆེན་ཞིག
ཟམ་ཞིག སྤུ་རྒྱལ་གྱི་ཤར་ཕྱོགས་སུ་གནས་པའི་ཡུལ་ལྗོངས་ཤིག་སྟེ། འདིའི་ས་སྐོར་ལ་ཟམ་ཞིག་ཁ་དང་། མཁར་ཉག
ལྷུ་ཧྲུང་ཁ། རྒྱབ་བདེ་ཁ། མང་ཚེ་ཁ་སོགས་ཡོད།
ཁྲི་རྡོ། སྤུ་རྒྱལ་གྱི་ལྷོ་ཤར་ངོས་སུ་སྔོན་ལྷོ་ནེམ་ཁྲི་རྡོ་རྫོང་གི་མིང་ཡུལ་ལ་ཐོགས་པ་སྟེ། དོན་དུ་གསེར་གཡུ་སུམ་མདོའི་ས་སྐོར་ཡིན། དེང་ཁྲི་རྡོ་གྲོང་རྡལ་གྱི་ཁོངས་སུ་ཟམ་ཞིག་དང་། གཤེར་གཞུང་། བསོད་སྐོར། བར་རོང་། འོད་ལེ་སྣེ་བར། ཕུག་དམར། སྟག་སྡེ། ཉིན་མོ་ཁ། ཝ་ཁོག རི་དམར། སྒང་རུ་སོགས་ཡོད།
གསེར་གཡུ་སུམ་མདོ། མིང་བསྡུས་ན་གསེར་མདོ་སྟེ། དེང་ཁྲི་རྡོ་གྲོང་རྡལ་ཆགས་པའི་ས་སྐོར་དེའོ།
བར་རོང་། སྤུ་རྒྱལ་དང་གསེར་མདོའི་ལྷོ་ཕྱོགས་སུ་གནས་པའི་ཡུལ་ལྗོངས་ཤིག་སྟེ། འདིའི་ཁོངས་སུ་གྲོ་བ་དང་། རྡིས་པ། སྐྱིད་བདེ་ཐང་། གནས་འདབས། ཝར་པ། རུག་གསུམ། རྫི་བ་སོགས་ཡོད་ཅིང་འདི་ལ་བ་དན་དང་པད་གདན་འབྲི་བ་ཡང་སྣང་།
གསེར་ཚ། སྤུ་རྒྱལ་གྱི་ཤར་ངོས་དང་ཁྱུང་ཉིལ་ལ་རྩར་ཡོད་པའི་ཡུལ་ལྗོངས་ཞིག་སྟེ། འདི་ལ་སེར་ཚ་ཡང་ཟེར། དེང་གསེར་ཚ་ཡུལ་ཤོག་གི་ཁོངས་སུ་སྒང་གསུམ་དང་། འབུ་ཚབ། གནམ་དྭངས། བྱ་ཟེ། རུ་བ་ཉིན་ཐ། མཁར་ནག་ཐང་། གླིང་ནང་། སྲོག་པ་༼སྲིབ་པའམ་སོག་པ་ཡང་ཟེར།༽སོགས་ཡོད།
སྒང་གསུམ། སྤུ་རྒྱལ་གྱི་ཤར་སྟོད་དང་གསེར་ཚའི་བྱང་ཤར་དུ་གནས་པའི་ལུང་པའང་ཡུལ་ལྗོངས་ཤིག་སྟེ་འདི་ལ་གོང་གསུམ་ཡང་ཟེར། འདིའི་ཁོངས་སུ་གམ་ནང་དང་། དཀོན་ནང་། ལྗི་ནང་། ཚ་ནང་། བེར་ནང་། གཡེར་སྒེར་ནང་།
དབུས་ལུང་ནང་། འབྲོང་ཚ་ནང་སོགས་ཡོད།
རུ་གཞུང་། སྤུ་རྒྱལ་གྱི་བྱང་ཤར་དང་གསེར་ཚའི་བྱང་ངོས་སུ་གནས་པའི་ལུང་ཆེན་ཞིག་སྟེ། འདིའི་ཁོངས་སུ་བོར་ནང་དང་། མར་ནང་། བེར་ནང་། ཚེ་ལུང་ནང་། ༼ཁྱུང་རང་གྲོལ་བླ་མ་རྒྱལ་མཚན་འདིར་འཁྲུངས་ཟེར།༽ བེ་ཁྱིམ་ནང་སོགས་ཡོད།
འབོ་གཞུང་། སྤུ་རྒྱལ་གྱི་བྱང་ཤར་དང་རུ་གཞུང་དང་གཡམ་གཞུང་བར་དུ་གནས་པའི་ལུང་པའམ་ཡུལ་ལྗོངས།འདིའི་ཁོངས་སུ་འབོ་ཆེན་གཞུང་དང་། ཚ་གཞུང་། བོན་གཞུང་། རྡོ་སྐས་ནང་། ཏིང་ངུ་ནང་། གྲུ་གཞུང་། སེ་ཙོའི་ནང་།གླན་གཞུང་སོགས་ཡོད།
གཡམ་གཞུང་། སྤུ་རྒྱལ་གྱི་བྱང་སྨད་དང་འབོ་གཞུང་རྨུ་གཞུང་བར་དུ་གནས་པའི་ལུང་པའམ་ཡུལ་ལྗོངས།འདིའི་ཁོངས་སུ་ཆགས་གཞུང་དང་། བཀྲ་ཞི་ནང་། བྱ་ཆེན་ནང་། ན་ག་ནང་། ལུང་སྨུག་ནང་། ལྗི་ལྗང་ནང་། དྲེལ་སྐྱ་ནང་། དྲེལ་སྨུག་ནང་། སྐྱ་སྔོ་སྲིབ་སོགས་ཡོད།
རྨུ་གཞུང་། སྤུ་རྒྱལ་གྱི་བྱང་ནུབ་དང་གཡམ་གཞུང་དང་ས་འབྲེལ་གྱི་ལུང་པའམ་ཡུལ་ལྗོངས་ཤིག་སྟེ། འདི་ལ་༼དམུ་གཞུང་༽འབྲི་བ་ཡང་སྣང་། འདིའི་ནང་གསེས་སུ་རྨུ་ཆེན་གཞུང་དང་། རྨུ་ཆུང་གཞུང་། ག་ལ་གོང་རྒྱུད། གསའ་འུ་གཞུང་སོགས་ཡོད།
གཏམ་སྟོད། སྟེང་ཆེན་གྱི་ལྷོ་ཕྱོགས་སུ་གནས་པའི་ཡུལ་ལྗོངས་ཤིག་སྟེ། འདི་ལ་ནང་གསེས་གཏམ་སྟོད་དང་། གཏམ་སྨད། བྲག་ལ། བསམ་རོང་། གཟི་བ། བེ་རི། གོང་དཀར། རྒྱས་ཉིན་སྲིབ་གཉིས་སོགས་ཡོད།
དཀར་རུ། ཁྱུང་པོ་དཀར་རུའི་ཁུལ་ཏེ། གཙོ་བོ་སྟེང་ཆེན་གྲོང་རྡལ་གྱི་སྐོར་ལ་ནང་གསེས་སུ་རྭ་ཁྲོམ་དང་། གསའ་ངུ་།གེ་རིང་། ཁ་ཡན། སྟེང་ཆེན་ཁ། སེ་རུ། ཁམས་ཉིན། ཁྲ་ལོག བྱང་གཞུང་། སྤུ་ཐོག ཁྱུང་རྫོང་མགོ རྫ་ཤོ་སོགས་ཡོད།
ནག་རུ། ཁྱུང་པོ་ནག་རུའི་ཁུལ་ཏེ། གཙོ་བོ་ཁྱུང་ནག་རྫོང་སྐོར་དང་། ལྷ་མཐོང་། གཤོང་རྫོང་། ཞལ་ནང་། ཅམ་བདུད་ཁྲ་གསུམ། མཐའ་ཞུ། ཝ་གདོང་སོགས་ཡོད།
བྱང་གཞུང་། སྟེང་ཆེན་གྱི་བྱང་ཕྱོགས་ལུང་ཆེན་ནམ་ཡུལ་ལྗོངས་ཤིག་སྟེ། ཡུལ་འདིར་རེ་ཡ་དང་། གྲོང་འབེལ། ཕོ་རེས། ཡར་གྲོང་། རྡོ་རོང་ཁ། མཁར་སྔོན། འགའ་ནང་། གངས་ནང་སོགས་ཡོད།
ཞེ་གཞུང་། སྟེང་ཆེན་གྱི་ཤར་སྟོད་ལུང་ཆེན་ནམ་ཡུལ་ལྗོངས་ཤིག་སྟེ། དེང་ཞེ་གཞུང་ཡུལ་ཤོག་གི་ཁོངས་སུ། ཞེ་སྟོད་སྨད་དང་། ནག་རུ། མཛོ་རྭ་མགོ ཤར་ལ་སོགས་ཡོད།
ས་སྒང་། རྩེ་དྲུག་གི་ནུབ་ཕྱོགས་སུ་གནས་པའི་ཡུལ་ལྗོངས་ཤིག་སྟེ། དེང་ས་སྒང་ཡུལ་ཤོག་གི་ཁོངས་སུ་རྩེ་དྲུག་དང་། ཝ་དགེ ལ་ཐོག བུ་ཀུ། ར་ནེ། ས་སྒང་། ཟླ་ནག རྡོ་ཁོ། ར་འཁྱམ་སོགས་ཡོད།
ས་མདོ། རྩེ་དྲུག་གི་ལྷོ་ཕྱོགས་སུ་གནས་པའི་ཡུལ་ལྗོངས་ཤིག་སྟེ། དེང་ས་མདོ་ཡུལ་ཤོག་གི་ཁོངས་སུ་ས་མདོ་དང་། ལྗང་ཤོད། རྔ་ལ། ཟླ་ཤུལ། ༼བདལ་གཤིས་ཡང་ཟེར།༽གེ་ཐང་། སྟོང་ལ་ནང་། གང་རས། རོལ་ཡུལ། རུག་སོགས་ཡོད།
ཤིང་རོང་། རྩེ་དྲུག་གི་ལྷོ་ཕྱོགས་སུ་གནས་པའི་ཡུལ་ལྗོངས་ཤིག་སྟེ། དེའི་ཁོངས་སུ་སྦས་ཐོ་དང་། ནགས་བར། ག་འབུམ། བམ་སྟེང་སོགས་ཡོད།
གྱང་སྔོན། རྩེ་དྲུག་གི་ཤར་ཕྱོགས་སུ་གནས་པའི་ཡུལ་ལྗོངས་ཤིག་སྟེ། དེང་གྱང་སྔོན་ཡུལ་ཤོག་གི་ཁོངས་སུ་གྱང་སྔོན་ཁ་དང་། རྨེ་རུ། དཀྱིལ་མཁར། སྦྲ་ཧོ། རོམ་ནང་། ར་རྡོ། ཁ་ལུང་། ཁ་སྟོད། གནས་ཆེན་ནང་། དཀྱིལ་འཁོར་ཐང་སོགས་ཡོད།
རྨེ་རུ་འགག གྱང་སྔོན་ནས་བྱེ་གར་ལའི་ཕྱོགས་སུ་འགྲོ་སའི་ལུང་ཆེན་ཞིག །
༼རྩོམ་འདི་ཁོ་བོས་བསྒྲིགས་པའི་ཁྱུང་པོའི་ཡུལ་སྐད་ཕྱོགས་བསྡུས་ལས་ཟུར་འདོན་ཞུས་ཏེ་དྲ་བར་བཀོད་པའི་དོན་ནི་རྒྱ་ཆེའི་དྲྭ་གཟིགས་པ་རྣམས་ནས་འདིའི་ནང་དུ་མ་ཚང་པའི་རིགས་རྣམས་ཁ་སྐོང་ངམ་འདིར་འཁོད་ངོས་འཛིན་ནོར་འཛོལ་བྱུང་རིགས་ལེགས་བཅོས་ཀྱི་དགོངས་འཆར་གནང་བདེར་བཀོད་པ་ལགས་པས་དེ་ལུགས་མཁྱེན་མཁྱེན་ཞུ། བསྟན་རྣམ་ནས།༽