ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྒོ་ནོར་སྐོར་ངོ་སྤྲོད།
[ 2012/10/14 19:03:00 | By: ཁྱུང་གསེར་ཞུན། ]
 

རྩོམ་འདི་ཁྱུང་པོའི་ཡུལ་སྐད་ཕྱོགས་བསྡུས་ལས་ཟུར་འདོན་ཞུས་པ་ཡིན་ལ་དྲ་གཟིགས་པ་རྣམས་ནས་དགེ་འདོན་སྐྱོན་སེལ་གང་ལེགས་སྐྱབས་འཇུག་མ་ཆུང་ཞུ། ཟིན་བདག་ནས། 

 

ལེའུ་ལྔ་པ།

སྒོ་ནོར་གྱི་སྐོར།

ཁེས། གཡག་སྟེ། འདི་ལ་ཁལ་ཡང་ཟེར།

འབི། འབྲི།

ཡར་མ། ཡར་རུའི་མ་འབྲི།

དྲུས་མ། བེའུའི་མ་འབྲི།

ཐུས་མ། སོ་གཉིས་བཞི་ཅན་གྱི་འབྲི།

གཡེག་འུ། གཡག་གུ་སྟེ། སོ་གཉིས་བཞི་ཙམ་གྱི་གཡག

འཁར་སྡིག་མ། འཁོར་མ་མྱོང་བའི་འབྲི་སོ་བཞི་མ།

འབི་ལྕམ་མ། བུ་སྐྱེ་རྒྱུ་མེད་པའི་འབྲི།

སྐམ་རག བཞོན་མ་མ་ཡིན་པའི་ཟོག་ཡན་པ།

སྐམ་ཁྲི་མ། འབྲི་སོགས་སྦྲུམ་མ་སྟེ། ཁོག་ཏུ་བུ་ཡོད་པའི་མ་འབྲི།

བེའུ་ར།  བེའུ་དྭ་སྟེ། མ་ཤི་བའི་བེའུ། རྟེའུ་ར་སོགས་ཀྱང་འདྲ། སྤྱིར་ཟོག་ལ་ན་རིམ་གྱི་མིང་ལ། བེའུ། ཡར་རུ། ཕོ་ལ་ཤེད་པོ་མོ་ལ་ཤེད་མོ། སོ་གཉིས། སོ་བཞི། སོ་དྲུག ཁ་ཚང་། དྲུས་གཅིག་སོགས་ཟེར།

ཆུང་གཡག གཡག་ཐུག་སྟེ། བྱ་མ་བཅད་པའི་གཡག

སྐྱ་ཁེས། བྱ་བཅད་པའི་གཡག

ཚེ་ཧོ། ཚེ་ཐར་བཏང་བའི་ཕྱུགས་རིགས་ཏེ། ར་ཚེ་ཧོ་ལྟ་བུ།

ཨ་ཡུ། རྭ་མེད་པའི་གཡག་སོགས་ཏེ། ར་ཨ་ཡུ་ལྟ་བུ།

ཨ་འབོ། རྣ་བ་ཚད་མ་ལོན་པའི་རིགས་ཏེ། ལུག་ཨ་འབོ་ལྟ་བུ།

སྣ་ལོ། སྣ་ཕུག་པའི་གཡག་ཡུ་བོ།

རྨོ་ཁེས། ཞིང་རྨོ་བྱེད་ཀྱི་གཡག

རྒོད་མ། བུ་ཡོད་པའི་རྟ་མོ།

རྒོད་ལྕམ་མ། རྟེའུ་སྐྱེ་རྒྱུ་མེད་པའི་རྟ་མོ།

རྟ་གསེབ། བྱ་མ་བཅད་པའི་རྟ་ཕོ།

རྟི་ལི། རྟེའུ། རྟ་ལ་ན་རིམ་གྱི་མིང་ལ། རྟེའུ་ལི། བར་ལའམ་ཅོག་བྲེག གཟིས་བའམ་སྒ་རྒྱག་ཕོ་ལ་འཐོར་རུ་མོ་ལ་འཐོར་མོ། ཕོ་ལ་བཞི་བོ་མོ་ལ་བཞི་མོ། ན་དང་པོ། ན་གཉིས་པ་སོགས་ཟེར།

དྲིས། དྲེལ།

མ་མོ། མོ་ལུག་ཆེ་བ།

ཤབ་པོ། ཕོ་ལུག་སྟེ། ཤབ་གཟན་ཡང་ཟེར།

ཐུག་རེ། ཐུག་སྦྲེ་སྟེ། བྱ་མ་བཅད་པའི་ལུག་ཕོ།

ལུག་འུ། ལུ་གུ། ལུག་ལ་ན་རིམ་གྱི་མིང་ནི། ལུག་འུ། ལ་ག ཕོ་ལ་ཐང་ངེ་མོ་ལ་ཚེར་མོ། ༤ཕོ་ལ་སྙིས་པ་མོ་ལ་མ་སྙིས། ཕོ་ལ་ཧྲུག་པ་མོ་ལ་མ་ཧྲུག ཆིབ་གཅིག་སོགས་ཟེར།

ཅོ་ལོ། ར་ཐུག

ར་མ། མོ་ར་ཆེ་བ།

ར་ཧོ། ཕོ་ར་ཆེ་བ།

རེའུ་ཚེ། རེའུ་སྟེ། འདི་ལ་རེའུ་མུག་ཀྱང་ཟེར། ར་ལ་ན་རིམ་གྱི་མིང་ནི། རིས་ཚེ། ཕོ་ལ་ཙི་རེ་མོ་ལ་ཙི་མོ། ཕོ་ལ་ར་ཧྲང་མོ་ལ་ར་སེར། ར་སྙིས། ར་ཧྲུག ཆིབ་གཅིག་སོགས་ཟེར།

གུ་རུ། བོང་བུ། གུ་རུ་ལ་ན་རིམ་གྱི་མིང་ནི། གུ་རྟེའུ། བར་ལ་འམ་དབྱར་གཉིས། དབྱར་གསུམ། དབྱར་བཞི། ན་དང་པོ་སོགས་ཟེར།

སྐོར་ཁྱི། སྒོ་ཁར་འདོགས་པའི་ཁྱི།

ཡན་ཁྱི། མ་བསྐོར་བའི་ཁྱི་སྟེ། ཁྱི་འཁྱམས་ཀྱང་ཟེར།

བུས་ཁྱི། རྣ་བ་མར་དཔྱངས་པའི་ཁྱི་ཞིག

ཇོ་ར། རྣ་བ་ཡར་བསླངས་པའི་ཁྱི་རིགས་ཞིག

ཤ་ཁྱི། རྔོན་བྱེད་པར་སྤྱོད་པའི་ཁྱི།

འཛམ་ཁྱི། འཛམ་བས་འཁྲིད་པའི་ཁྱི།

ཨོ་ཡོ། ཁྱིའུ་སྟེ། ཨོ་ཀོག་ཀྱང་ཟེར། ཁྱི་ལ་ན་རིམ་གྱི་མིང་ལ། ཨོ་ཕྲུག ཨོ་ཧྲང་། ཨོ་ལག ཡན་ཁྱི་ཆེ་བའོ།

ཕོ་ཁྱུག་མོ་ཁྱུག ཁྱིའུ་ཕོ་མོ།

གླ་ངེ་། གླང་།

རྒ་གླང་། གླང་ཐུག

བ་གུ། བ་གླང་།

བ་ཧྲོ། བ་ཡི་ཕྲུ་གུ་སྟེ། འདི་ལ་བ་ཡུ་ཡང་ཟེར། བ་གླང་ལ་ན་རིམ་གྱི་མིང་ལ། ཕོ་ལ་གླང་རྟེའུ། མོ་ལ་གླང་དགའ།༢ ཡར་བུ། ཡན་ཟོག་དང་བརྩི་ཚུལ་འདྲ།

བ་ཡུ། མཛོ་ཕྲུག

རྟོ་ལེ། མཛོ་མོའི་བུ།

ངར་ར། རྟོ་ལེའི་བུ། དེའི་བུ་ལ་ངུར་མོ་ནས། ཤང་ཤང་། ཅིས་དྲིད། ལྡུང་ལྡུང་། གཡང་གི་བ་ཡུ་ཁྲ་དགའ་སྟེ། དེ་ཟོག་དངོས་སུ་འགྱུར་ཟེར།

 
 
Re:སྒོ་ནོར་སྐོར་ངོ་སྤྲོད།
[ 2014/1/16 17:12:07 | By: སྐུ་མགྲོན་t85Bs1(སྐུ་མགྲོན) ]
 
སྐུ་མགྲོན་t85Bs1(སྐུ་མགྲོན)འདིར་དཔྱད་མཆན་གནང་བར་གུས་འདུད་དང་བཅས། ཁྱི་སྤྱང་ཀི་ནས་ཆད་ཚུལ་དང་། རྟ་རྐྱང་ནས་ཆད་པ། ལུག་གཉན་ནས་ཆད་པ། སྒོ་ཕག་རི་ཕག་ནས་ཆད་པ། མི་སྤྲ་ནས་ཆད་ཚུལ་སོགས་བབཟོ་དབྱིབས་མཚུངས་པའི་འགྲོ་བའི་རིགས་མང་པོ་ཞིག་གཅིག་ནས་གཅིག་ཆད་ཚུལ་ཚན་རིག་པས་ཟེར་སྲོལ་ཡོད་པ་འདྲ། དེ་ལྟར་འགྱུར་འགྲོ་བ་ནི་གཙོ་བོ་ཁོར་ཡུག་གི་རྒྱུ་རྐྱེན་མང་དག་ཞིག་དང་། དུས་ཡུན་ཡང་རིང་པོ་ཞིག་དགོས་པ་འདྲ། གཞན་ཞིབ་ཕྲའི་སྐོར་ཕྲན་གྱིས་ཤེས་མ་སོང་བས་དགོངས་དག་ཞུ། ཟིན་བདག་ནས།
 
 
Re:སྒོ་ནོར་སྐོར་ངོ་སྤྲོད།
[ 2014/1/16 11:41:08 | By: སྐུ་མགྲོན་pul8Ob(སྐུ་མགྲོན) ]
 
སྐུ་མགྲོན་pul8Ob(སྐུ་མགྲོན)ནོར་འབྲོང་ནས་ཆད་ཚུལ་དང་།རྟ་རྐྱང་ནས་ཆད་ཚུལ་སོགས་ངོ་སྤྲོད་ཅིིག་བྱེད་རོགས།
 
 
Re:སྒོ་ནོར་སྐོར་ངོ་སྤྲོད།
[ 2014/1/16 11:40:28 | By: སྐུ་མགྲོན་pul8Ob(སྐུ་མགྲོན) ]
 
སྐུ་མགྲོན་pul8Ob(སྐུ་མགྲོན)ནོར་འབྲོང་ནས་ཆད་ཚུལ་དང་།རྟ་རྐྱང་ནས་ཆད་ཚུལ་སོགས་ངོ་སྤྲོད་ཅིིག་བྱེད་རོགས།
 
 
Re:སྒོ་ནོར་སྐོར་ངོ་སྤྲོད།
[ 2014/1/16 11:33:35 | By: སྐུ་མགྲོན་pul8Ob(སྐུ་མགྲོན) ]
 
སྐུ་མགྲོན་pul8Ob(སྐུ་མགྲོན)ནོར་འབྲོང་ནས་ཆད་ཚུལ་དང་།རྟ་རྐྱང་ནས་ཆད་ཚུལ་སོགས་ངོ་སྤྲོད་ཅིིག་བྱེད་རོགས།
 
 
Re:སྒོ་ནོར་སྐོར་ངོ་སྤྲོད།
[ 2012/10/15 22:53:09 | By: dzjinpa ]
 
dzjinpaརྒན་ལགས་ཧི་མ་ལ་ཡའི་བོན་དུ་ཡང་ཡང་ཕེབས་པ་ཁོ་བོའི་དགའ་བསུ་ཡོད་་་་མ་གཏོག་སིག་གི་དེང་སོང་ཟིན་བྲིས་འདིའི་ཕྱོགས་ཟིན་ཐོ་སྤེལ་མཁན་ཉུང་ཉུང་རེད་འདུག གཞན་གྱི་དྲྭ་བ་ཁག་ལ་དཔེ་ཡོན་ཏན་ཅན་མང་པོ་ཕེབས་གི་འདུག ང་ཚོ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དྲིན་གྱིས་མཁས་དབང་དུ་མ་ཡོད་ནའང་ཧི་ཟིན་དྲྭ་ཐོག་ཏུ་དེ་ཙམ་ཕེབ་མཁན་མི་འདུག དངོས་གནས་ཁེ་འཚར་རེད། མ་འོངས་པ་མུ་མཐུད་ནས་མང་ཙམ་ཕེབ་རོགས། །
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་ནས་དཔྱད་མཆན་གནང་བར་གུས་འདུད་ཞུ། རེ་བར་ང་ཚོའི་སྐད་ཡིག་གཉིས་སམ་ལུགས་གཉིས་དང་འབྲེལ་བའི་བྱ་བ་འདི་རིགས་ལ་ངེས་པར་ཤུགས་རེ་བརྒྱབ་ནས་སྤྱི་ཚོགས་དངོས་ལ་ཕན་ནུས་གང་ལེགས་རེ་འདོན་པའི་ཐུགས་བསྐུལ་ཡང་ཞུ་བ་ལགས།
 
 
Re:སྒོ་ནོར་སྐོར་ངོ་སྤྲོད།
[ 2012/10/15 13:51:02 | By: སྐུ་མགྲོན་oTKv40(སྐུ་མགྲོན) ]
 
སྐུ་མགྲོན་oTKv40(སྐུ་མགྲོན)good
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.