མཚོ་དཀར། ནག་རུ་ཝ་ལའི་ཕར་ཕྱོགས་སུ་ཡོད་པའི་མཚོ་ཞིག
རྫ་རལ་མཚོ། ནག་རུའི་ཁྲ་ནང་དུ་ཡོད་པའི་མཚོ་ཞིག
ཤ་མཛོད་མཚོ། གོང་དང་མཚུངས།
སྨུག་ཅོག་མཚོ། གོང་དང་མཚུངས།
བན་རྒྱས་མཚོ། གོང་དང་མཚུངས།
སྔོ་གཉིས་མཚོ། གོང་དང་མཚུངས།
གཡང་ཆེན་མཚོ། གཏམ་སྟོད་གཡུང་དྲུང་སྤུངས་རིའི་གཡས་ཕྱོགས་སུ་ཡོད་པའི་གནས་མཚོ་ཞིག
གནའ་ཆད་མཚོ། གཏམ་སྟོད་ཇོ་གཞུང་དུ་ཡོད་པའི་མཚོ་ཞིག
བེ་ཆེན་མཚོ། གཏམ་སྟོད་རྒྱས་ཕུ་གཞུང་དུ་ཡོད་པའི་མཚོ་ཞིག
མཚོ་རྔ་མ། གཏམ་སྟོད་བེ་ཆེན་ནང་དུ་ཡོད་པའི་མཚོ་ཞིག
མོ་ཆུང་མཚོ། གཏམ་སྟོད་རྒྱས་ཕུ་གཞུང་དུ་ཡོད་པའི་མཚོ་ཞིག
གླང་དོ་མཚོ། གཏམ་སྟོད་རྒྱས་ཕུ་གཞུང་གླང་དོ་ནང་དུ་ཡོད་པའི་མཚོ་ཞིག
ལུང་གཡང་མཚོ། གཏམ་སྟོད་རྒྱས་ཕུ་གཞུང་ལུང་གཡང་ནང་དུ་ཡོད་པའི་མཚོ་ཞིག
མཚོ་ནག་མ། ལྗང་ཤོད་དུ་ཡོད་པའི་རྩེ་དྲུག་བླ་མཚོ་ཞིག
མཚོ་སྔོན་མ། གོང་དང་མཚུངས།
ཟིལ་དཀར་མཚོ། ཤིང་རོང་དུ་ཡོད་པའི་སྒྲ་བླ་མའི་གནས་མཚོ་ཞིག
གསང་ཆུ། སྒང་རུ་བྱང་ནས་ལྕི་ཆུར་འབབ་པའི་ཆུ་བོ་ཞིག
རྨུ་ཆུ། རྨུ་གཞུང་ནས་ལྕི་ཆུར་འབབ་པའི་ཆུ་ཆེན་ཞིག
གཡམ་ཆུ། གཡམ་གཞུང་ནས་ལྕི་ཆུར་འབབ་པའི་ཆུ་ཆེན་ཞིག
འབོ་ཆུ། འབོ་གཞུང་ནས་ལྕི་ཆུར་འབབ་པའི་ཆུ་ཆེན་ཞིག
ག་ཆུ། ༡ ག་ལ་རྒྱུད་ནས་ལྕི་ཆུར་འབབ་པའི་ཆུ་བོ་ཞིག ༢ ག་ཐ་ནས་བར་རོང་ཕྱོགས་སུ་འབབ་པའི་ཆུ་ཆེན་ཞིག
གཟུ་ཆུ། ཁྲོམ་ཚང་ནས་ཅུང་པ་དཀར་སྨད་དུ་འབབ་པའི་ཆུ་ཆེན་ཞིག
ཡང་ཆུ། ཡག་ལྔའི་ཕུ་ནས་ཁྲོམ་ཚང་དུ་འབབ་པའི་ཆུ་བོ་ཞིག
རོམ་ཆུ། རོམ་གཞུང་ནས་འབབ་ཅིང་གཟུ་ཆུར་འདྲེས་པའི་ཆུ་བོ་ཞིག
ཡོལ་ཆུ། ཡོལ་གཞུང་ནས་རྒྱང་ཆུར་འབབ་པའི་ཆུ་བོ་ཞིག
བརྡ་ཆུ། བརྡ་སྟོད་ནས་དྲེལ་ཆུར་འདྲེས་པའི་ཆུ་ཆེན་ཞིག
དྲེལ་ཆུ། དཔའ་བརྡའི་སྨད་ནས་རོང་པོར་འབབ་པའི་ཆུ་ཆེན་ཞིག
གཤེར་ཆུ། གཤེར་འགག་ནས་ག་ཆུར་འབབ་པའི་ཆུ་བོ་ཞིག
སྤུ་ཆུ། སྤུ་གཞུང་ནས་ག་ཆུར་འབབ་པའི་ཆུ་བོ་ཞིག
ངས་ཆུ། ངས་གཞུང་ནས་ག་ཆུར་འབབ་པའི་ཆུ་བོ་ཞིག
རྐྱང་ཆུ། རྐྱང་གཞུང་ནས་ག་ཆུར་འབབ་པའི་ཆུ་བོ་ཞིག
རུ་ཆུ། རུ་གཞུང་ནས་གསེར་མདོར་འབབ་པའི་ཆུ་ཆེན་ཞིག
གམ་ཆུ། སྒང་གསུམ་གམ་ནང་ནས་རུ་ཆུར་འབབ་པའི་ཆུ་བོ་ཞིག
རྫོགས་ཆུ། སྟེང་ཆེན་ནུབ་ཕྱོགས་རྫོགས་གཞུང་ནས་ཞེ་ཆུར་འབབ་པའི་ཆུ་ཆེན་ཞིག
བྱང་ཆུ། བྱང་གཞུང་ནས་རྫོགས་ཆུར་འབབ་པའི་ཆུ་ཆེན་ཞིག
ཞེ་ཆུ། ཞེ་གཞུང་ནས་རྟ་ཆུར་འབབ་པའི་ཆུ་ཆེན་ཞིག
རྟ་ཆུ། བྱེ་གར་ལ་ནས་རྔུ་ཆུར་འབབ་པའི་ཆུ་ཆེན་ཞིག
ཆར་འབེབ་ཆུ་འགོ ཤིང་རོང་དུ་ཡོད་པའི་སྦས་གནས་ཀྱི་ཆུ་མིག་ཅིག
འགག་གོང་ཆུ་ཚན། ཁྲོམ་ཚང་འགག་གོང་དུ་ཡོད་པའི་རང་བྱུང་ཆུ་ཚན་ཞིག
ཡག་ལྔའི་ཆུ་ཚན། ཁྲོམ་ཚང་ཡག་ལྔའི་སྲིབ་ཏུ་ཡོད་པའི་ཆུ་ཚན་ཞིག
སྡོམ་ཆུ་ཚན། ག་ཐའི་སྡོམ་གཞུང་དུ་ཡོད་པའི་ཆུ་ཚན་ཞིག
དབལ་རོང་ཆུ་ཚན། སྒང་རུའི་དབལ་རོང་ཟུར་དུ་ཡོད་པའི་ཆུ་ཚན་ཞིག
ཨ་རེ་ཆུ་ཚན། ཟམ་ཞིག་ཨ་རེ་འཕྲང་དུ་ཡོད་པའི་ཆུ་ཚན་ཞིག
གམ་ཆུ་ཚན། སྒང་གསུམ་དུ་ཡོད་པའི་ཆུ་ཚན་ཞིག
བྱང་གཞུང་ཆུ་ཚན། སྟེང་ཆེན་བྱང་གཞུང་འགའ་ནང་དུ་ཡོད་པའི་ཆུ་ཚན་ཞིག
དབལ་ཟངས་ཁོལ་མོ་རང་འཁྱིལ། ཞེ་ཕུ་དབལ་རོང་དུ་ཡོད་པའི་སྤུས་བཟང་གི་ཆུ་ཕྱར་ཞིག
ཆུ་འགྲོ་བ་འདྲེན། ག་ཐའི་ཟེ་གཞུང་ལ་ཁར་ཡོད་པའི་ཆུ་མིག་ངོ་མཚར་ཅན་ཞིག
རི་འཕང་ཚ་ཆུ། ག་རེ་འགག་ཏུ་ཡོད་པའི་ཆུ་ཕྱར་ཞིག
ཨུ་རུ་ཆུ་ཕྱར། ག་རེ་འགག་ཏུ་ཡོད་པའི་ཆུ་ཕྱར་ཞིག
སྤུ་རྒྱལ་ཇ་ཐབ། བརྡ་ཕུ་དལ་མཚོའི་མཚོ་རྔ་ལས་བྱུང་བའི་ཆུ་ཕྱར་ཞིག
དམྱལ་ཟངས་ཆུ་ཕྱར། གོང་དང་མཚུངས།
གཏེར་ཆུ་ལུ་མ། ཀོ་དགོན་དུ་ཡོད་པའི་ཆུ་བཟང་ཞིག་སྟེ། ཀོ་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་གཏེར་ཆུ་ཡིན་པར་གྲགས།
བེའུ་ཆེན་གཏེར་ཆུ། གེ་ཡི་བེའུ་ཆེན་ནང་དུ་ཡོད་པའི་གཏེར་ཆུ་ངོ་མཚར་ཅན་ཞིག
འབྲུག་ལོ་ལ། སྒང་རུ་བྱང་ནས་སྦྲ་ཆེན་ཕྱོགས་སུ་འགྲོ་སའི་ལ་ཞིག
རྒྱ་བོ་ལ། སྒང་རུ་ནས་རྫ་སྟོད་ཕྱོགས་སུ་འགྲོ་སའི་ལ་ཞིག
གསི་བིས་ལ་དགུ་མ། སྒང་རུ་ནས་རྨུ་གཞུང་དུ་འགྲོ་སའི་ལ་ཞིག
རྡོ་སྐས་ལ། རྨུ་གཞུང་ནས་རྫ་སྟོད་དུ་འགྲོ་སའི་ལ་ཞིག
ན་ག་ལ། རྨུ་གཞུང་ནས་གཡམ་གཞུང་དུ་འགྲོ་སའི་ལ་ཞིག
ལ་བཙས་དཀར་རིས། གཡམ་སྟོད་ནས་རྨུ་གཞུང་དུ་འགྲོ་སའི་ལ་ཞིག
ཤ་རི་ལ། རྨུ་གཞུང་ནས་ཡེ་སྟོད་དུ་འགྲོ་སའི་ལ་ཆེན་ཞིག
ཁྱི་ཁང་ལ། ངས་སྟོད་ནས་འབོ་གཞུང་དུ་འགྲོ་སའི་ལ་ཆེན་ཞིག
འབོ་ལ། རུ་གཞུང་ནས་འབོ་གཞུང་དུ་འགྲོ་སའི་ལ་ཆེན་ཞིག
གྲུ་ལ། འབོ་གཞུང་ནས་གཡམ་གཞུང་དུ་འགྲོ་སའི་ལ་ཆེན་ཞིག
ག་ལ། ག་སྟོད་ནས་གཡམ་གཞུང་དུ་འགྲོ་སའི་ལ་ཆེན་ཞིག
རེ་ལ། ག་སྟོད་རེ་གཞུང་ནས་རྨུ་གཞུང་དུ་འགྲོ་སའི་ལ་ཆེན་ཞིག
གྲས་ལ། འགག་གོང་ནས་ཡེ་སྟོད་དུ་འགྲོ་སའི་ལ་ཞིག
དཀོན་ཆེན་ལ། འགག་གོང་ནས་དགུ་ཆེན་ནང་དུ་འགྲོ་སའི་ལ་ཞིག
ཨ་ངུ་ལ། ཁྲོམ་ཚང་ནས་སྦྲ་ཆེན་དུ་འགྲོ་སའི་ལ་ཆེན་ཞིག
ར་གཉའ་དང་ཁ། རྐྱང་གཞུང་ནས་རྨ་རོང་དུ་འགྲོ་སའི་ལ་ཆེན་ཞིག
ཆག་ལ། རེ་སྟོད་ནས་ཁྲོམ་ཚང་དུ་འགྲོ་སའི་ལ་ཆེན་ཞིག
རོམ་ལ། ༡ རོམ་ཕུ་ནས་རྒྱང་གཞུང་དུ་འགྲོ་སའི་ལ་ཞིག ༢ གྱང་སྔོན་ནས་རྔ་ལ་ནང་དུ་འགྲོ་སའི་ལ་ཞིག
གེ་ལ། དཔའ་བརྡ་ནས་རེ་སྟོད་ཕྱོགས་སུ་འགྲོ་སའི་ལ་ཆེན་ཞིག
གཤེར་ལ། དཔའ་དང་གཤེར་གཞུང་བར་དུ་གནས་པའི་ལ་ཆེན་ཞིག
རྨ་ལ་བཞི། དཔའ་བརྡ་ནས་གསེར་མདོར་འགྲོ་སའི་སྤོ་ལ་དང་། འབྲུ་ཁང་ལ། སྔོ་ཆེ་ལ། རྨ་ལ་དང་བཞིའོ།
ལ་ཆེན་ལ། སྟེང་ཆེན་ནས་གཏམ་སྟོད་དུ་འགྲོ་སའི་ལ་ཆེན་ཞིག
སྤོ་ལ། སྤོ་ནས་ལ་བཞི་བར་དུ་འགྲོ་སའི་ལ་ཆེན་ཞིག
གླང་དོ་ལ། བརྡ་སྟོད་ནས་སྤུ་ནང་དུ་འགྲོ་སའི་རྫ་ལ་ཞིག
ཐང་མགོ་ལ། ཡུག་ནང་ནས་དབྱེས་སྟོད་དུ་འགྲོ་སའི་རྫ་ལ་ཞིག
བཙན་གདོང་ལ། སྤོ་སྟོད་ནས་བཙན་གདོང་ནང་དུ་འགྲོ་སའི་རྫ་ལ་ཞིག
རྡོ་ཁྲོག་ལ། གེ་ནང་ནས་རྒྱང་གཞུང་ཕྱོགས་སུ་འགྲོ་སའི་ལ་ཆེན་ཞིག
ཅ་ཧྲི་ལ། ཅ་ཏི་ལ་སྟེ། གེ་ནང་ནས་ཡོལ་གཞུང་དུ་འགྲོ་སའི་ལ་ཞིག
བང་ང་ལ། བརྡ་སྟོད་ནས་ཡོལ་སྟོད་དུ་འགྲོ་སའི་རྫ་ལ་ཞིག
སྔོ་ཡུ་ལ། དཔའ་སྟོད་ནས་སྤུ་ནང་དུ་འགྲོ་སའི་རྫ་ལ་ཞིག
ལ་འ་མཁར་ལ། ལེའུ་མཁར་ལ་སྟེ། དཔའ་བརྡ་སུམ་མདོ་ནས་གེ་ནང་དུ་འགྲོ་སའི་ལ་ཆུང་ཞིག
རྫ་འགག་ལ། ཉིན་མོ་ཁ་ནས་ལ་བཞི་བར་དུ་འགྲོ་སའི་ལ་ཞིག
དབྱར་ལ། བར་རོང་ནས་དཔལ་འབར་ཕྱོགས་སུ་འགྲོ་སའི་ལ་ཆེན་ཞིག
གྲོ་ལ། བར་རོང་ནས་དབྱེས་སྟོད་དུ་འགྲོ་སའི་ལ་ཆེན་ཞིག
ཤ་དཀར་ལ། བར་རོང་ནས་དཀར་མོའི་ཕྱོགས་སུ་འགྲོ་སའི་ལ་ཆེན་ཞིག
ཁེས་ལ། བར་རོང་ནས་གཏམ་སྟོད་དུ་འགྲོ་སའི་ལ་ཆེན་ཞིག
དགུང་སྔོན་ལ། གསེར་མདོ་ནས་གསེར་ཚར་འགྲོ་སའི་ལ་ཆུང་ཞིག
སྲོག་ལ། གསེར་ཚ་སྲོག་པ་ནས་གཏམ་སྟོད་དུ་འགྲོ་སའི་རྫ་ལ་ཞིག
ལྗི་ལ། སྒང་གསུམ་ནས་དཀར་སྟོད་ཕྱོགས་སུ་འགྲོ་སའི་ལ་ཞིག
གམ་ལ། སྒང་གསུམ་ནས་སྤུ་ཐོག་གོང་དུ་འགྲོ་སའི་ལ་ཞིག
ཁྱུང་ཉིལ་ལ། གསེར་ཚ་ནས་སྟེང་ཆེན་དུ་འགྲོ་སའི་ལ་ཆེན་ཞིག་སྟེ། འདི་ལ་ཁྱུང་གཉིས་ལ་ཡང་ཟེར།
ཝ་སྐྱ་ལ། སྟེང་ཆེན་ཁ་ཡི་ཟུར་དུ་ཡོད་པའི་ལ་ཆུང་ཞིག
ལ་ཆེན། སྟེང་ཆེན་ནས་གཏམ་སྟོད་དུ་འགྲོ་སའི་ལ་ཆེན་ཞིག
རབ་ལ། རབ་གཞུང་ནས་གཏམ་སྟོད་དུ་འགྲོ་སའི་ལ་ཆེན་ཞིག
ཇོ་ལ། ཇོ་གཞུང་ནས་ནང་ཆེན་ཕྱོགས་སུ་འགྲོ་སའི་ལ་ཆེན་ཞིག
ཕོ་ཟམ་ལ། ཞེ་སྟོད་ནས་ཁྲབ་གཞུང་དུ་འགྲོ་སའི་ལ་ཞིག
ཝ་ལ། ནག་རུ་ནས་གཏམ་སྟོད་དུ་འགྲོ་སའི་ལ་ཆེན་ཞིག
ལ་ནག་ལ། ས་སྒང་ནས་ཞེ་ལར་འགྲོ་སའི་ལ་ཞིག
ལ་གསར་ལ། ར་འཁྱམ་ནས་ཞེ་ལར་འགྲོ་སའི་ལ་ཞིག
འགིས་ལ། སྦྲ་ཧོ་ནས་ལྗང་ཤོད་དུ་འགྲོ་སའི་ལ་ཞིག
རུ་སོང་ལ། སྦྲ་ཧོ་ནས་ལྗང་ཤོད་དུ་འགྲོ་སའི་ལ་ཞིག
དམར་འགུ་ལ། སྡོང་ཡུལ་ནས་རྩེ་དྲུག་ཏུ་འགྲོ་སའི་ལ་ཞིག
ཤིང་ངུ་ལ། སྣ་ནང་ནས་ཟླ་ཤུལ་དུ་འགྲོ་སའི་ལ་ཞིག
སིལ་ལ་ལ། རྩེ་དྲུག་ནས་ཤིང་རོང་སྦས་ཐོར་འགྲོ་སའི་ལ་ཞིག
དཀར་ནག་ལ། ལྗང་ཤོད་ནས་ནགས་བར་དུ་འགྲོ་སའི་ལ་ཞིག
སྟོང་ལ། ས་མདོ་ནས་ཤིང་རོང་དུ་འགྲོ་སའི་ལ་ཞིག
རྐྱེན་འགོ་ལ། ས་མདོ་ནས་ལྷོ་རོང་ཕྱོགས་སུ་འགྲོ་སའི་ལ་ཞིག
ལྐུགས་ལ། ཤིང་རོང་ནས་ལྷོ་རོང་དུ་འགྲོ་སའི་ལ་ཞིག
གནམ་ལ། ཤིང་རོང་ནས་མདའ་རོང་དུ་འགྲོ་སའི་ལ་ཞིག
གོང་ཁ་ལ། ཁ་ལུང་ནས་རྡོ་ཤུལ་དུ་འགྲོ་སའི་ལ་ཞིག
བྱེ་གར་ལ། གྱང་སྔོན་ནས་རི་བོ་ཆེར་འགྲོ་སའི་ལ་ཆེན་ཞིག
ཁྱུང་པོ། ༡ ཀུན་བཟང་གི་སྤྲུལ་པ་ལས་གྲོལ་བའི་རིགས་རྒྱུད་ཅིག ༢ ཁྱུང་པོའི་ཡུལ་སྤྱི།
སྟེང་ཆེན། སྐབས་འགར་ཁྱུང་པོ་དཀར་ནག་སེར་གསུམ་གྱི་ཡུལ་སྤྱི་ལ་གོ་བ་ཡོད་ཅིང་མིང་གི་གདགས་གཞི་དངོས་ནི་སྟེང་ཆེན་ཁ་ཞེས་དེང་དུས་སྟེང་ཆེན་རྫོང་དང་ཉེ་བའི་ས་གནས་ཤིག
འཇའ་མོ་ཐང་། འཇའ་མོ་ཞེས་སོག་པོའི་སྐད་དུ་རྟ་ཟམ་ལ་གོ་ཞིང་སྔོན་ཡུལ་འདི་སོག་པོས་དབང་བསྒྱུར་སྐབས་ས་འདིར་རྟ་ཟམ་བཟུང་བས་དེ་ལྟར་གྲགས་ཤིང་དེང་སྟེང་ཆེན་རྫོང་ཆགས་སའི་ཐང་དེའོ།
ལ་ཡར་ནང་། ཁྱུང་ཉིལ་ལའི་ཡན་གྱི་ཁྱུང་ཡུལ་སྟོད་ཀྱི་ས་ཆ།
ལ་མར་ནང་། ཁྱུང་ཉིལ་ལའི་མན་གྱི་ཁྱུང་ཡུལ་སྨད་ཀྱི་ས་ཆ།
སྒང་རུ་བྱང་། སྤུ་རྒྱལ་གྱི་བྱང་ངོས་རྨུ་གཞུང་དང་འབྲེལ་བའི་ཡུལ་གྲུ་ཞིག་སྟེ། ནང་གསེས་སུ་གསང་གཞུང་དང་། གསེར་དངུལ་དུང་གསུམ། ཁྲབ་རྨོག་ཁྱུང་གསུམ། སྦང་ཆེན་ཏིང་ཁོ་ཁ། རྐྱང་སྨད་གཞུང་། འཛེར་གཞུང་། གཤའ་སེར་གཞུང་། ར་ཁྲི་གཞུང་། གསང་སྨད། བོན་ཆེ་ཆུང་། རི་ཚི་གཞུང་སོགས་ཡོད།
རྨ་རོང་། སྤུ་རྒྱལ་གྱི་ནུབ་ཕྱོགས་སུ་གནས་པའི་ལུང་པའམ་ཡུལ་ལྗོངས་ཏེ། ནང་གསེས་སུ་གེ་ཤག་གོང་དང་། ཡང་སྟོད། ནག་ལྕོག་རྒེས། ལྷ་བྲག ཁྱུང་ཚང་སྣ་སོགས་ཡོད།
ཁྲོམ་ཚང་། སྤུ་རྒྱལ་གྱི་ནུབ་ཕྱོགས་སུ་གནས་པའི་ཡུལ་ལྗོངས་ཏེ། ནང་གསེས་སུ་འགག་གོང་དང་། རྫ་མོ་འགག ཐུགས་རྗེ་གཞུང་། འཕྲང་དམར་ཁ། ཡག་ལྔ། ༼ཡ་ང་ཡང་ཟེར།༽ སྒར་སྐོར། རོམ་གཞུང་སོགས་ཡོད།
འགག་གོང་། ཁྲོམ་ཚང་བྱང་ནུབ་ངོས་ཀྱི་ཡུལ་ལྗོངས་ཤིག་སྟེ། འདིའི་ཁོངས་སུ་གྲས་གཞུང་དང་། འགེལ་ཆེ་ཆུང་། དཀོན་ཆེ་ཆུང་། འབོམ་ཆེ་ཆུང་། དེའུ་དམར་ཐང་།༼འོ་མྱེས་སུམ་མདོ་ཡང་ཟེར།༽ ཉག་ཆེ་ཆུང་སོགས་ཡོད།
རྒྱང་གཞུང་། སྤུ་རྒྱལ་གྱི་ནུབ་ཕྱོགས་སུ་གནས་པའི་ལུང་ཆེན་ཞིག
ཡོལ་གཞུང་། སྤུ་རྒྱལ་གྱི་ལྷོ་ནུབ་ཕྱོགས་སུ་གནས་པའི་ལུང་ཆེན་ཞིག
༼འཕྲོ་ཟིན་ཐོ་རྗེས་མར་གསལ།༽