༧མི་རིགས་ཤིག་གི་མཚོན་རྟགས།
༧མི་རིགས་ཤིག་གི་མཚོན་རྟགས།།
ཕ་སྐད་འདི་ལ་ཐུག་ཡོད།།
ཕ་བཟང་མཁས་པ་ཡིན་ན།།
ཕ་སྐད་གཙང་མ་རྒྱོབ་དང་།།
༧མི་རིགས་ཤིག་གི་མཚོན་རྟགས།།
མ་ཡིག་འདི་ལ་ཐུག་ཡོད།།
མ་བཟང་འཛངས་མ་ཡིན་ན།།
མ་ཡིག་དག་མ་སྦྱོངས་དང་།།
༧མི་རིགས་ཤིག་གི་མཚོན་རྟགས།།
ཕ་ཆོས་འདི་ལ་ཐུག་ཡོད།།
ཕ་བཟང་བཙུན་པ་ཡིན་ན།།
ཕ་ཆོས་དྭངས་མ་སྤྱོད་དང་།།
༧མི་རིགས་ཤིག་གི་མཚོན་རྟགས།།
མ་དགེ་འདི་ལ་ཐུག་ཡོད།།
མ་བཟང་བཙུན་མ་ཡིན་ན།།
མ་ཡུམ་རིག་གནས་སློབས་དང་།།
༧མི་རིགས་ཤིག་གི་མཚོན་རྟགས།།
ཕ་ཟས་འདི་ལ་ཐུག་ཡོད།།
ཕ་བཟང་བུ་ཞིག་ཡིན་ན།།
ཕ་ཟས་ཞིམ་པོ་ཟོ་དང་།།
༧མི་རིགས་ཤིག་གི་མཚོན་རྟགས།།
མ་གོས་འདི་ལ་ཐུག་ཡོད།།
མ་བཟང་བུ་མོ་ཡིན་ན།།
མ་གོས་མཛེས་མོ་གྱོན་དང་།།