ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སློབ་ཐོན་མཛད་སྒོ། 
[ 2012/3/9 10:19:00 | By: ཁྱུང་གསེར་ཞུན། ]
 

༄༅།།  གཤེན་གྱི་རྣལ་འབྱོར་སྒྲུབ་གྲྭ་བའི་སློབ་ཐོན་མཛད་སྒོ།།

      ༧ དེ་ལ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་ཉག་མ་གཅིག་གི་ནང་ཚན་བོད་རབ་མཛོད་ཆུ་འབྲུག་ལོའི་ཆོ་འཕྲུལ་ཟླ་བ་དང་པོའི་ཡར་ཚེས་བཅུ་བཞི་ནས་དབུ་བཟུང་པའི་ཉིན་གསུམ་རིང་།  བོད་ནག་ཆུ་སྙན་རོང་རྫོང་ཁོངས་ཨར་སྨད་༧ཆབ་མདོ་དགོན་དཔལ་གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་དུ་སྐབས་དང་པོའི་གཤེན་གྱི་རྣལ་འབྱོར་སློབ་ཐོན་གྱི་མཛད་སྒོ་སྤེལ།   དེ་ཡང་ཚོགས་ཞུགས་དགོན་གྱི་བླ་གྲྭ་དྲུག་ཅུ་ཡར་འཕེལ་གྱིས་གོང་ཚེས་བཅུ་བཞི་ནས་མདོ་ཆོག་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རྩ་གསུམ་རྒྱལ་བའི་ཞིང་ལ་མི་ཟད་ཀུན་བཟང་མཆོད་པའི་བྱུང་གདབ་དང་འབྲེལ།  ངོ་ཐོག་སྒྲུབ་ཐོན་པ་དབྲ་ཁྱུང་གདུང་སོན་བསྟན་འཛིན་ཀུན་བཟང་སོགས་བླ་གྲ་བཀྲ་ཤིས་གྲངས་ལྡན་གྱིས་དགོན་གྱི་མཁན་སློབ་རྣམ་གཉིས་དབུས་པའི་ལས་འཛིན་རྣམས་ལ་གཏོང་རག་མཆོད་སྤྲིན་གྱི་བསྟབ་འབུལ་དང་འབྲེལ།  ཐུགས་དམ་བརྟན་བཞུགས་ཀྱི་མཛད་སྒོ་ལེགས་པར་བསྒྲུབས།   དངོས་གཞི་ཚེས་བཅོ་ལྔའི་སྔ་དྲོར་སྒྲུབ་ཐོན་པ་རྣམས་ནས་གཞུང་ཆེན་ཁག་རྣམས་རྒྱུགས་སྤྲོད་དང་སྐབས་བབ་ཀྱི་བཤད་པ།   ཕྱི་དྲོར་མཚན་མཚན་བཏགས་ཀྱི་མཛད་སྒོར་མཁན་སློབ་བླ་གྲྭ་རྣམ་པས་སྒྲུབ་ཐོན་པ་ཡོངས་ལ་གཟེངས་བསྟོད་ཀྱི་གནང་སྦྱིན་དང་།  དེ་བཞིན་ཆེད་ཕེབས་ཀྱི་སྐུ་མགྲོན་རྫོང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་།  མི་རིགས་ཆོས་དོན་ལས་ཁུངས་ཀྱི་དབུ་ཁྲིད།   དགོན་དུ་བཅའ་སྡོད་ལས་དོན་ཚོགས་པ།  ཆབ་མདོ་དགོན་བཤད་སྒྲུབ་སློབ་གླིང་།  སྤུ་རྒྱལ་ལྔ་རིག་སློབ་ཚོགས་སོགས་འབྲེལ་ཡོད་ཚོགས་པ་དང་མི་སྣ་ཁག   དད་ལྡན་རྒྱུ་སྦྱོར་ལྷ་སྡེ་རྣམས་ནས་སྒྲུབ་ཐོན་དངོས་ཀྱི་ཁྲི་འབུལ་དང་མཇལ་ཞུས་བཅས་གྲུབ།  ཚེས་བཅུ་དྲུག་སྔ་མོར་ཆོ་གའི་བཀྲ་ཤིས་གཤེགས་གསོལ་དང་བསྔོ་སྨོན་རྣམ་དག་གིས་རྒྱས་གདབ།   ཕྱི་དྲོར་བླ་གྲ་འདུས་པ་ཡོངས་དང་འབྲེལ་ཡོད་མི་སྣ་ཚང་མ་མཉམ་འཛོམས་ཀྱིས་དགའ་སྟོན་རྟེན་འབྲེལ་གྱི་ཐུགས་སྤྲོ་གྱ་ནོམ་པས་མཐར་བརྒྱན་ཏེ་ཐེངས་འདིའི་མཛད་སྒོ་དེ་ཉིད་བཀྲ་ཤིས་ཁ་དགེའི་ལམ་ནས་མཇུག་གྲུབ་པ་བཅས་སོ། །       ༢༠༡༢་༣་༡༠ཉིན།

 
 
Re:སློབ་ཐོན་མཛད་སྒོ།
[ 2012/3/11 18:56:21 | By: སྐུ་མགྲོན་0f7Iyl(སྐུ་མགྲོན) ]
 
སྐུ་མགྲོན་0f7Iyl(སྐུ་མགྲོན)རྒན་ལགས་ཀྱི་མཛད་རྗེས་ལ་སྙིང་ནས་གུས་འདུད་ཞུ་འོ་་་་སློབ་བུ་ཞིག་གིས་ཕུལ་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.