སྔོན་གླེང་།
དེ་ཡང་ངས་ཐོག་མར་《གསར་བཞད་ཀྱི་མེ་ཏོག་ཨུཏྤལ་》ཞེས་པའི་དེབ་ཆུང་འདི་ཉིད་ཕྱག་ཏུ་ཉེ་བར་བཞེས་ནས་སྤྱན་གྱིས་ས་ལེར་གཟིགས་ཤིང་ཞལ་གྱིས་དལ་མོར་ཀློག་ལ་དགྱེས་པའི་གྲོགས་མཆོག་སྙིང་གི་ཐིག་ལེ་ཡོངས་ཀྱི་གསེར་སྙན་དུ་གང་ཞིག་སྒྲོན་འདོད་པ་ནི། མགོ་ལ་རྭ་དང་མཇུག་ལ་རྔ་མ་སོགས་རྒྱན་ཆ་རྒྱན་ལུང་གང་ཡང་མེད་པའི་སྐབས་སུ་བབ་པའི་ཡིན་ལུགས་ངོ་སྤྲོད་ཀྱི་གཏམ་མདོར་བསྡུས་ཤིག་སྟེ།
དེ་སྔོན་རང་ཉིད་མཚུངས་མེད་སློབ་དཔོན་དམ་པའི་ཞལ་སྔ་ནས་མཁས་དབང་ཁྱུང་སློབ་ཚུལ་རྒྱན་པས་མཛད་པའི་སྙན་གཞུང་རིན་ཆེན་ལྡེའུ་མིག་དེ་ཉིད་རིམ་པ་མཐར་ཆགས་སུ་ལན་གཉིས་སྦྱོང་བའི་སྐལ་བཟང་ཤར་བའི་དུས་སྐབས་སུ་དཔེར་བརྗོད་ཀྱང་དེ་མཚུངས་སྔ་རྗེས་གཉིས་ཙམ་སུག་བྲིས་བགྱིས་པ་ལས་ཕྱི་མ་དེ་ལས་གདམ་གསེས་ཀྱིས་སྙན་གཞུང་གང་ཉིད་དང་མཐུན་པའི་དཔེར་བརྗོད་དེབ་ཅིག་འདོན་ཐུབ་ན་བསམ་པའི་མུར། མ་ཕྱི་དེ་ཉིད་སློབ་གྲོགས་འགའ་ལ་གཡར་དགོས་བྱུང་ཞིང་ཕྱིས་རང་ལག་ཏུ་མ་འཕྲོད་སྟབས་དེ་གར་ལུས། གཞན་སྙན་རྩོམ་དམ་དུམ་འདྲ་ཡོད་པ་ལས་རེ་ཟུང་དུས་དེབ་འགའ་ཞིག་ཐོག་སྤེལ་བ་ཕུད། བྱིངས་རྣམས་དེ་བཞིན་བརླག་པར་ཕོངས་ནས་འདིར་ཕྱོགས་གཅིག་ཏུ་《གསར་བཞད་ཀྱི་མེ་ཏོག་ཨུཏྤལ་》ཞེས་པའི་བླ་དྭགས་ཅན་གྱི་དེབ་ཆུང་འདི་བཞིན་ཆེད་དུ་བསྒྲིགས་པ་ལགས།
དེ་ཡང་སྣོད་དུ་མེད་པར་ཁ་ལ་འབྱུང་རྒྱུ་མེད་པའི་དཔེ་ལྟར་གཞན་ལ་ཕན་རླབས་ཆེ་བའི་རེ་འབྲས་གཉིས་ཀ་ཅི་ཡང་མེད་ནའང་། ངོས་ནས་བྱ་བ་འདིའི་ཕྱོགས་སུ་གསེར་ལས་དཀོན་པའི་དུས་ཚོད་དང་སྒོ་གསུམ་གྱི་ངལ་བ་ཅུང་ཟད་བཏང་བ་རྣམས་ཀྱི་འབྲས་བུ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་ཅིག་དང་། མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་རིགས་ལྟར་གཞལ་མེད་དཀའ་དྲིན་ནོད་པའི་དཔོན་གསས་བླ་མ་རྣམས་ཀྱི་དྲིན་གཟོ་མཚོན་པའི་མཆོད་ཕྲེང་ཞིག རྩོམ་རིག་སྒྱུ་རྩལ་ལ་བརྐམ་ཆགས་ཆེ་ཡང་སྐྱེས་སྦྱངས་ཤེས་བརྩོན་གྱི་རྒྱུ་སྤུས་ཞན་པའི་རང་དང་སྐལ་མཉམ་གསར་བུ་གང་དག་གི་མིག་དང་རྣ་བའི་དགྱེས་སྟོན་ཅིག་དང་། འཇམ་མཉེན་སོར་རྩེའི་འདུ་བྱེད་ལའང་རམ་བུ་ཅུང་ཙམ་འདེགས་པའི་སྨོན་འདུན་བཟང་པོ་བཅས་ཕུལ་བ་ལགས་ན་དོན་དེ་དེ་བཞིན་དུ་དགེ་ཞིང་ཤིས་པར་གྱུར་ཅིག་གུ།།
རྩོམ་པ་པོས།
དཀར་ཆག
༡༽ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་༧མཁན་སློབ་ཉི་ཟླ་ཟུང་གི་མཛད་རྣམ་ལ་ཅུང་ཟད་བསྔགས་པའི་ཚིག་ཕྲེང་བཀྲ་ཤིས་རེ་ཁཱའི་མཆོད་ཐིགས།…………………………………
༢༽ བླ་མ་དྲན་པའི་གདུང་འབོད།………………………………………….
༣༽ རྟོགས་བརྗོད་མེ་ཏོག་ཚོམ་བུ།………………………………………….
༤༽ ༧དབང་ལྡན་ཞུ་ཡི་གདན་ས་ཆེན་མོ་དཔའ་བརྡ་ཞུ་ཚང་དགོན་སྨིན་གྲོལ་གླིང་གི༧སྤུ་རྒྱལ་ལྔ་རིག་སློབ་གླིང་ངམ་བཤད་སྒྲུབ་སྒོམ་སྡེའི་གཤིས་བརྗོད་དབྱངས་སུ་གྱེར་བ་ཚངས་སྲས་བཞད་པའི་རང་སྒྲ།………………………………………………………….
༥༽ གནས་མཆོག་སྤུ་རྒྱལ་རི་མཚོའི་རྟོགས་བརྗོད་དབྱར་རྔའི་སྒྲ་དབྱངས།………….
༦༽ཕ་ཡུལ་དཔའ་བརྡའི་སྣོད་བཅུད་ཀྱི་དཔལ་ཡོན་ལ་ལེགས་པར་བསྔགས་པའི་ཚིག་ཕྲེང་དཔེ་རྒྱན་སོ་གསུམ་གྱི་ལམ་དུ་དྲངས་པ་རང་གྲོལ་ངག་གི་གླིང་བུ།…………………….
༧༽ མཐོ་སྒང་ཨ་གྲགས་ཡུལ་སྐྱིད་སྐྱིད།…………………………………….
༨༽ གཡུ་སྦྲང་དང་གྲོག་མའི་གླེང་ཕྱོགས།…………………………………..
༩༽ བྱང་ཐང་རྫི་བོའི་ཉམས་མགུར།………………………………………..
༡༠༽ སྐྱིད་ཀྱི་དགའ་གླུ་རིང་མོ།…………………………………………..
༡༡༽ ཕྱོགས་བཞི་དབུས་ལྔའི་དྲན་གདུང་།………………………………….
༡༢༽ དོན་གྱི་ལ་རྒྱ།…………………………………………………….
༡༣༽ དོན་འདི་རྣམས་རང་གི་ཕུགས་ནོམ་ཡིན།………………………………
༡༤༽ གངས་ཕྲུག་ཚོས་ཨེ་ཤེས་ལགས།……………………………………..
༡༥༽ དད་གསུམ་ཡིད་ཀྱི་ཞུ་མཆིད།………………………………………….
༡༦༽ དབལ་གསས་ཞི་ཁྲོའི་སྨན་སྐུའི་དཀར་ཆག་བསམ་འཕེལ་དབང་པོ།…………..
༡༧༽ ཀ་མད་སུམ་ཅུའི་རོལ་ཚོགས།……………………………………….
༡༨༽ སེམས་ཀྱི་གྲུ་ཟུར་ནས་ཐོན་པའི་ཕྲན་ཚེགས།…………………………..
༡༩༽ ཞང་བོད་གསོ་རིག་ལ་བསྔགས་པའི་གཏམ་འཚོ་བྱེད་བཞད་སྒྲ།……... ……
༢༠༽ མི་རིགས་ཤིག་གི་མཚོན་རྟགས།…………………………………….
༢༡༽ མ་བཅོས་སེམས་ཀྱི་འབོད་སྒྲ།……………………………………………
༢༢༽ ཀ་རྩོམ་ཀ་དག་མ།…………………………………….. ………….
༢༣༽ རང་ཉིད།…………………………………………………………..
༢༤༽ དབྱངས་གསལ་སོ་བཞིའི་ཁ་ཏ།…………………………………….
༢༥༽ སྐྱོ་མགུར།……………………………………………………………
༢༦༽ ལུགས་འབྱུང་ལྡོག་པའི་ཀ་ཕྲེང་། །སྣ་དབང་འགུགས་པའི་ཕོ་ཉ།………………..
༢༧༽ ངོ་ཚ།………………………………………………………………..
༢༨༽ སྙིང་གཏམ་དམར་པོ།…………………………………………………….
༢༩༽ སྤུ་རྒྱལ་ལ་བཅངས་པའི་བརྩེ་དུངས།………………………………………….
༣༠༽ ཨ་ཁ་ཁ།……………………………………………………………..
༣༡༽ སྒྱུ་མའི་བཀོད་པ།………………………………………………............
༣༢༽ གསར་བཞད་ཀྱི་མེ་ཏོག་ཨུཏྤལ།……………………………………………
༣༣༽ སྐྱབས་གནས་འདུས་པ་རྒྱ་མཚོའི་ཚོགས་ལ་མཆོད་འབྲེལ་འབུལ་བའི་ཚིག་ཕྲེང་དྲི་མེད་ལྷ་དར།…………………………………………………………………..
༣༤༽ ཉིན་གཅིག་གི་འགྲུལ་བཞུད།…………………………………………
༣༥༽ སླར་སྨྲས་པ།…………………………………………………………