ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
གློ་བུར་དུ་རྙེད་པའི་སྙན་ངག་་་་གྲོགས་ལ་ཕུལ།།
ཕྱི་ནས་དཀར་དཀར་ཡིན་ཁུལ།།
ནང་ནས་ནག་ནག་ཡིན་ཁུལ།།
བརྩེ་བ་ཁྲ་ཁྲ་ཡིན་ཁུལ།།
ཡིད་ལ་དྲན་ཙམ་མ་མྱོང་།
ཁ་གསར་ཨ་གསར་མ་ཡིན།།
ཁ་ངོ་དཀར་དཀར་སྟོན་ཡོད།།
ཁོག་པ་དམར་དམར་བྱས་ཡོད།།
ཁ་ཁོག་གཉིས་ཀྱི་གྲོགས་ཡིན།།
བརྩེ་བ་སེམས་ལ་ཉར་ཡོད།།
དུང་བ་ལུས་ལ་ཐིམ་ཡོད།།
ཁ་དང་ཁོག་པའི་གདིང་ནས།།
ཡོད་ཚད་ཁྱེད་ལ་བཅོལ་ཡོད།།
ཉིན་གྲངས་ཞག་གྲངས་མ་ཡིན།།
ཟླ་གྲངས་ལོ་གྲངས་མ་ཡིན།།
བསྐལ་པ་མ་འཇིག་བར་དུ།།
གྲོགས་ལ་བརྩེ་བ་བཅིང་ཡོད།།
ས་ཐག་ཇེ་རིང་ཇེ་རིང་།།
མཛའ་བརྩེ་ཇེ་ཟབ་ཇེ་ཟབ།།
རྒྱང་ཐག་རིང་བའི་གྲོགས་ལ།།
དུང་བ་ཡིད་ལ་ཐིམ་ཡོད།།
ང་དང་གྲོགས་པོའི་བརྩེ་བ།།
མ་ཕམ་མཚོ་ལས་ཟབ་ཡོད།།
ཁྱེད་དང་ངེད་གཉིས་སེམས་པ།།
ཏི་སེའི་གངས་ལས་དཀར་ཡོད།།
བརྩེ་དུང་འོ་ཆུ་འདྲེས་འདྲ།།
ཕྱི་ཐག་ཆུ་ལས་རིང་བ།།
རང་གཤིས་བལ་ལས་འཇམ་པ།།
གྲོགས་ལ་སེམས་པ་དཀར་ཡོད།།
༢༠༡༥/༡/༡༢/ཉིན།
- ཟིན་ཐོ་གོང་མ།ཁ་བྱང་མེད་པའི་སྡུག་གཏམ།།
- ཟིན་ཐོ་འོག་མ།གཞན་ཡུལ་ཞིག་ནས་ཕ་ས་མཐོ་སྒང་དྲན་ནས་ཡོད།།