གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།
ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དེ་རིང་། | 2017/7/25 17:56:00
0
དེ་རིང་།
དེ་རིང་ནི་༢༠༡༧ལོའི་ངེད་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭ་བའི་དབྱར་ཀའི་གུང་གསེང་གི་ཉིན་བཅུ་གསུམ་པ་དེ་ཡིན།འདིའི་སྔོན་གྱི་ཉིན་གྲངས་བཅུ་ལྷག་ཙམ་དེ་དག་ཚང་མ་བླ་མ་སློན་དཔོན་དང་དགེ་རྒན་མཆེད་གྲོགས། ཕ་མ་སྤུན་མཆེད་དགའ་ཡག་མཐུན་གསུམ།
ད་དུང་དེའི་མ་ཚད། ས་ཐག་ཉེ་རིང་གང་སར་ཡོད་པའི་བདག་གི་ཨ་ཞང་ཨ་ཁུ་གཙོས་པའི་ཉེ་འབྲེལ་དག་དང་ལྷན་དུ་དགའ་བའི་གཏམ་གང་ཡོད་མཉམ་བཤད་དང་། སྐྱིད་པའི་ཉམས་ཅི་ཡོད་སྟོན་རེས་བྱས་པ་དང་། ཞིམ་པའི་ཟས་གང་ཡོད་མཉམ་ཟས་དང་། རང་ཡུལ་གྱི་མཛེས་པའི་ཡུལ་ལྗོངས་དག་ལ་ལྟད་མོ་མཉམ་བལྟས་བྱས་ཏེ། མདོར་ན་དུས་རབས་གསར་པ་དང་སྤྱི་ཚོགས་ཀྱི་འཕེལ་འགྲོས་ལ་གཞིགས་ན་འདི་ལྟ་བུའི་མཉམ་འགྲོ་མཉམ་འདུག་དང་དགྱེས་འཛོམས་འདི་ལྟར་ཡོངས་དཀའ་བ་ཞིག་ཏུ་གྱུར་ཡོད་པས། བདག་རང་ལ་མཚོན་ན་དམིགས་བསལ་དུས་ཚོད་བཟང་པོ་ཞིག་ལ་འཁེལ་བའི་མ་ཚད་དུས་ཚོད་འདི་ལྟ་བུ་སྟོང་ཟད་མ་འགྱུར་བའི་རྐྱེན་གྱིས་དགའ་བའི་་ཚོར་འདུ་འགའ་བྱུང་བ་དག་གྲོགས་པོ་ཤེར་གཡུང་དང་ལྷན་དུ་རྒྱ་ཇ་འཐུང་ཞོར་དུ་ཡིག་ཐོགས་ཏུ་ཕབ་རྒྱུ་བྱུང་བ་འདི་ནི་རྟེན་འབྲེལ་གཉིས་རྩེགས་ཤིག་ལ་བརྩིས་ནས་ངལ་བ་ལྷུར་ལེན་བྱུང་བར་བདག་ཡིད་རབས་ཏུ་སྤྲོ་ནས་བྲིས་པ་ཡིན། སྱི་ཚོགས་ཀྱི་ཡར་རྒྱས་ཆེ་བ་དང་དུས་རབས་འགྱུར་འགྲོས་མྱུར་བ་ཚན་རྩལགྱི་འཕེལ་ཁ་རྒོད་པའི་ད་ལྟའི་དུས་ཚོད་འདི་ནང་དུ་གོང་ནས་སྨྲས་པ་ལྟར་དགྱེས་འཛོམས་ཡོང་དཀའ་བ་ཞིག་བཤད་ན་ཚིག་དེར་འགལ་འདུ་ཆེན་པོ་ཞིག་ལ་དྣང་མོད། དོན་དངོས་ཐོག་འདི་ལྟར་འཛོམས་དཀོན་པས་རྒྱུ་མཚན་མང་པོ་ཞིག་ད་ལྟའི་འཚོ་བའི་ཁྲོད་དུ་མངོན་གསལ་དོད་པོ་ཡིན་པ་ནི་ང་ཚོས་ཤེས་གསལ་ལྟར་རེད་ལ། རང་རང་གི་གནས་ཚོད་དང་བསམ་ཤེས་བྱས་ན་ཤེས་སླ། དེར་བརྟེན་དེ་རིང་འདི་ནས་ཡིག་ཚོགས་ལ་འཛེམས་དོགས་བྱས་ནས་མང་པོ་ཞིག་ཡིག་ངོར་ཕབ་མ་དགོས་པ་གྱིས། ཞོར་དུ་ཞུ་རྒྱུ་ཞིག་ལ་ང་ཚོ་ཆེ་ཆུང་སུ་དང་གང་ཞིག་ཡིན་ན་དུས་ཚོད་དང་བསྟུན་ནས་ཕ་མ་སྤུན་མཆེད་དང་ལྷན་དུ་སྐབས་སྐབས་མཉམ་འཛོམས་བྱེད་རྒྱུར་སྤྲོ་བ་བྱེད་རྒྱུ་དང་དེ་དག་ལ་ཅུང་ཙམ་གོམས་པར་བྱེད་རྒྱུ་དགེ་མཚན་མང་དག་ཞིག་ཏུ་སྣང་ངོ་ཞེས་སུ་འདོད་བྱུང་སོང་། གུས་ཁྱུང་བཙན་རྒོད་འབོད་པ་གང་དེས་༢༠༡༧ ༧ ༢༥ ཉིན་བྲིས།
རྩོམ་པ་པོ།:གཡག་རྒོད་རོག་པོ། | བལྟ་ཀློག(257) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།གཏམ་བཟང་ཐོས་པ་དགའ་བ།
- ཟིན་ཐོ་འོག་མ།ཁྱུང་ཡུལ་གྱི་རི་མོ་བ་ཞིག་གིས་མི་ཡུལ་ལ་བཤམས་པའི་སྒྱུ་རྩལ་གྱི་ལྟད་མོ།