ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཀ་ཁའི་རིན་ཐང་མ་རྟོགས་ན་དེ་ཙམ་རེད། | 2015/12/26 18:25:00

ཀ་ཁའི་རིན་ཐང་མ་རྟོགས་ན་དེ་ཙམ་རེད།


ཀ་ཁ་ག་ང་མ་སྦྱོང་ན།།
ཁ་ནས་བཤད་ཚད་སྟོང་པ་རེད།།
ག་ནས་བལྟས་ན་བླུན་པོ་རེད།།
ང་ནི་ངོ་མ་མི་ཙམ་རེད།།

ཅ་ཆ་ཇ་ཉ་མ་ཤེས་ན།།
ཆ་ལུགས་ཡོད་ཚད་རྫུན་མ་རེད།།
ཇ་ཡུན་ཙམ་ལའང་ཁ་རོགས་རེད།།
ཉ་ལེ་ཉུལ་ལེ་འགྲོ་མཁན་རེད།།

ཏ་ཐ་ད་ན་མ་བརྩོན་ན།།
ཐ་མལ་བ་ཞིག་ནམ་ཡང་རེད།།
ད་ལྟའི་དུས་ལའང་མི་མ་རེད།
ན་རེ་ནུར་རེ་ནམ་ཡང་རེད།།

པ་ཕ་བ་མ་མ་འཛིན་ན།།
ཕ་གཞིས་ཤོར་ལེ་ཁོ་ཐག་རེད།།
བ་གླང་ལྟ་བུའི་གླེན་པ་རེད།།
མ་རྐུབ་ཚ་བའི་གནོད་པ་རེད།།

ཙ་ཚ་ཛ་ཝ་བརྗེད་ཡོད་ན།།
ཚ་གྲངས་ཅི་མྱོང་སྡུག་གྱོང་རེད། 
ཛ་དྲག་བྱས་ན་གོ་མེད་རེད།།
ཝ་མོ་ལས་ཀྱང་སྡུག་རྒན་རེད།།

ཞ་ཟ་འ་ཡ་གཡུགས་ཡོད་ན།།
ཟ་མ་ཟོས་ཚད་འཕྲོ་བརླགས་རེད།།
འ་ཅག་མི་བུ་ཁོག་སྟོང་རེད།།
ཡ་ཧོ་ཡ་མེད་སྨྱོན་པ་རེད།།

ཧ་ཨའི་རིན་ཐང་མ་རྟོགས་ན།།
བོད་པའི་མིང་དེ་སྟོང་པ་རེད།།
ཨ་ཉོག་ཁྱོད་ནི་ཀླད་མེད་རེད།།

༢༠༡༥//༡༦/ཉིན་བྲིས་སོ།། 


དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.