གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།
ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དགའ་འོས་པའི་དུས་བཟང་ཞིག་དང་།། སྐྱོ་འོས་པའི་དུས་ངན་ཞིག།། | 2015/3/13 13:46:00
0
སྐྱོ་འོས་པའི་དུས་ངན་ཞིག །
གསུམ་བརྒྱད་བུད་མེད་དུས་ཆེན་ལ།།
གནམ་འོག་སྐྱེས་མ་ཡོད་ཚད་ལ།།
གཙི་སྲུང་ཞུས་ནས་བསྡད་ཡོད་ལ།།
གྲོགས་པོ་མཉམ་འཛོམས་བྱས་ཡོད་ལ།།
སྙིང་གཏམ་མང་པོ་བཤད་ཡོད་ལ།།
འཕྲིན་ཕྲན་བར་སྟོང་བསྐང་བཞག་ཡོད།།
དགོད་བྲོའི་གཏམ་འགའ་བཤད་ནས་ཡོད།།
སྙན་པའི་གླུ་དབྱངས་ཉན་ནས་ཡོད།།
དགའ་བའི་བྲོ་གར་བལྟས་ནས་ཡོད།།
ཁ་ཁོག་ཚང་མ་བགད་ནས་ཡོད།།
ཡོད་ཚད་དགའ་བའི་མྱོས་བཞག་ཡོད།།
གློ་བུར་གཏམ་ངན་ཞིག་གོ་ནས།།
བྱ་འཕུར་བླ་མའི་གདན་ས་ནས།།
རྩ་བླ་འཆི་མེད་རིག་འཛིན་མཆོག །
འདས་འདུག་ཟེར་ནས་གཏམ་ངན་གོ །
ཡ་ཆུང་སྡུག་གི་མནར་བཞིན་ཡོད།།
ཁྱུང་ཡུལ་མུན་པའི་གཡོག་བཞག་ཐལ།།
མགོན་མེད་དྭ་ཕྲུག་ལུས་བཞག་ཐལ།།
བླ་མ་གཟིམས་པར་སྔ་སོང་ཐལ།།
མིག་མཐའ་ཆུ་མས་བརླན་ནས་ཡོད།།
ཁོག་པ་གཟེར་གྱི་གོང་ནས་ཡོད།།
སྐྱོ་གདུང་དྲག་པོས་གནོན་བཞིན་ཡོད།
ཁྱུང་པོ་ཞེ་གཡུང་དྲུང་དཔལ་རི་དགོན་གྱི་རྩ་བླ་འཆི་མེད་རིག་འཛིན་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་འདུག་ཟེར་བའི་གཏམ་དེ་ཐོས་རྗེས་འཁྱམས་པོ་ཁྱུང་བཙན་རྒོད་དེས༢༠༡༥/༣/༨དགོང་མོར་ཐད་ཀར་བྲིས་སོ།།
རྩོམ་པ་པོ།:གཡག་རྒོད་རོག་པོ། | བལྟ་ཀློག(314) | ལན་སློག(1) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།ཁྱུང་པོ་སྟེངཆེན་དགོན་གྱི་དབྱར་སྐྱིད་ཐུགས་སྤྲོ་ཆེན་མོ།།
- ཟིན་ཐོ་འོག་མ།དགའ་འོས་པའི་དུས་བཟང་ཞིག་དང་། སྐྱོ་འོས་པའི་དུས་ངན་ཞིག །