གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།
ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ས་ཐོག་བླ་མ་བརྒྟ་ཡོད་ཀྱང་། སེམས་ཐོག་བླ་མ་གཅིག ། | 2015/3/15 18:09:00
5
ས་ཐོག་བླ་མ་བརྒྱ་ཡོད་ཀྱང་།།
སེམས་ཐོག་བླ་མ་གཅིག །
རྩ་བླ་ཁྲི་འཛིན་འོད་ཟེར་སྦྱིན་པ་ཡི།།
སྐུ་གསུངས་ཐུགས་ཀྱི་བྱིན་རླབས་རེ་རེ་ལ།།
དཔའ་བོ་འབྲུ་ལྔའི་འཁོར་གྱིས་བསྐོར་ནས་བཞུགས།།
དབྱངས་གསལ་སོ་བཞི་མཆོད་པ་འབུལ་བཞིན་ཡོད།།
བླ་མའི་སྐུ་ཡི་རྩ་ཕྲན་རེ་རེ་ལ།།
ཨ་ཡིག་འབྲུ་ཡི་འོད་ཟེར་སྟོང་དང་ལྡན།།
བླ་མའི་གསུང་གི་སྒྲ་སྐད་རེ་རེ་ནས།
ཡིག་འབྲུ་ཡྀ་གྱི་འཛམ་གླིང་སྐོར་བཞིན་འདུག །
བླ་མའི་ཐུགས་ཀྱི་བྱང་སེམས་རེ་རེ་ལ།།
སེམས་ཅན་དུ་མའི་མིག་མཆུ་མཚོ་མོ་འཁྱིལ།།
བླ་མའི་མཛད་རྗེས་རྗེས་ཤུལ་རེ་རེ་ལ།།
སངས་རྒྱས་བསྟན་པའི་མེ་ལྕེ་དམར་པོ་ཡོད།།
བསྐལ་པ་མར་འགྲིབ་སྙིགས་མ་ལྔ་བདོ་སུ།།
ཉོན་མོངས་བག་ཆགས་སྡིག་སྒྲིབ་རེ་རེ་ལ།།
གཉེན་པོ་བདུད་རྩི་ཟིལ་ཐིག་རེ་རེ་དེ།།
སེམས་ཐོག་བླ་མ་འོད་ཟེར་སྦྱིན་པ་ཡིན།།
སྐུ་ངལ་མ་འཛེམ་གཞན་དོན་གཙོར་བྱས་ནས།།
བཀའ་བརྟེན་དཔེ་རྙིང་ཕྱོགས་གཅིག་མཉམ་དུ་བསྒྲིགས།།
ལོ་མང་རིང་ལ་དཀའ་བ་ཁྱད་དུ་བསད།།
སངས་རྒྱས་བསྟན་པའི་རྒྱལ་དར་མཁའ་རུ་བསྒྲེངས།།
པོད་གྲངས་ཉིས་བརྒྱའི་སྒོ་བཞི་མཛོད་ལྔ་ཡང་།།
མ་བསམ་ས་ནས་ལས་འགུལ་ཆེན་པོ་སྤེལ།།
སྤེལ་བའི་མ་ཚད་ལེགས་གྲུབ་མཛད་སྒོ་ཉེ།།
ཉེ་བར་མ་ཟད་སྒོ་འབྱེད་འཚོགས་སོང་ངོ་།།
ནམ་མཁའི་དབྱིངས་ནས་བོན་གྱི་ཉི་མ་ཤར།།
བར་སྣང་ཁམས་ནས་བཀའ་བརྟེན་ཟེར་འཕྲོས་ནས།།
ས་གཞི་སྟེང་ནས་འཕྲུལ་ཡིག་བཞི་བཅུ་བརྡོལ།།
བོན་བསྟན་མཐའ་ནས་དར་བའི་བསྐལ་པ་བཟང་།།
རྩོམ་པ་པོ།:གཡག་རྒོད་རོག་པོ། | བལྟ་ཀློག(416) | ལན་སློག(2) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།འཛམ་གླིང་ཕ་སྐད་ཉིན་མོ་རེད།
- ཟིན་ཐོ་འོག་མ།ཉིན་གཅིག་གི་ཚོར་བ།།

