ཧི་བོན་ཟིན་བྲིས།
གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།

    ང་དགའ་ས་ནི་དུས་ནམ་ཡང

    ་དྲང་བདེན་འདོད་མཁན་

    དེ་ཡིན་ལ།

    ང་རང་ཉིད་ཡང་མ་འོངས་པར་

     བདེན་དོན་འཚོལ་ཐུབ་མཁན་

     ཞིག་བྱེད་ངེས་ཡིན།

    དེ་ནི་ངའི་ཕུག་བསམ་

    གཙོ་བོ་དེ་ཡིན།

ལི་ཐོ།
    <<  < 2021 - 12 >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སེམས་མཐིལ་གྱི་ཕ་ས། | 2015/12/26 17:51:00


སེམས་མཐིལ་གྱི་ཕ་ས།
     

ཕུ་གསུམ་ཕུ་ལ་ཡོད་པའི།།
ཕུ་ཡི་གངས་དཀར་ཏི་སེ།།
ཏི་སེ་གངས་དཀར་རི་བོ།།
བོད་ཀྱི་བླ་རི་ངོ་མ།།

བར་གསུམ་བར་ལ་ཡོད་པའི།།
བར་གྱི་ཕོ་བྲང་དམར་པོ།།
ཕོ་བྲང་པོ་ཏ་ལ་ནི།།
བོད་ཀྱི་ཕ་མཁར་ངོ་མ།།

མདའ་གསུམ་མདའ་ལ་ཡོད་པའི།།
མདའ་ཡི་ཆུ་བཞི་སྒང་དྲུག 
ཆུ་བཞི་སྒང་དྲུག་ཡུལ་ནི།།
བོད་ཀྱི་ཡུལ་གྲུ་གཙང་མ།།

ཆོལ་གསུམ་སྤུན་ཟླ་རྣམ་པ།།
ཁོར་ཡུག་སྲུང་སྐྱོབ་མ་བརྗེད།།
མཐུན་པའི་ལག་གདངས་སྦྲེལ་ནས།།
བདེ་སྐྱིད་གསར་པ་བསྐྲུན་དགོས།།

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.