ཧི་བོན་ཟིན་བྲིས།
གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།

    ང་དགའ་ས་ནི་དུས་ནམ་ཡང

    ་དྲང་བདེན་འདོད་མཁན་

    དེ་ཡིན་ལ།

    ང་རང་ཉིད་ཡང་མ་འོངས་པར་

     བདེན་དོན་འཚོལ་ཐུབ་མཁན་

     ཞིག་བྱེད་ངེས་ཡིན།

    དེ་ནི་ངའི་ཕུག་བསམ་

    གཙོ་བོ་དེ་ཡིན།

ལི་ཐོ།
    <<  < 2021 - 12 >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གསང་བ་དམར་པོ། | 2015/12/19 17:18:00
གསང་བ་དམར་པོ།


དགུན་གྱི་གྲང་ངར   
དགུན་གྱི་ཚ་བ   
དགུན་གྱི་རླུང་བུ
ངའི་གསང་བ་དམར་པོ  
ངའི་བྲང་ཁོག་གི་གསང་བ་དམར་པོ

སེང་གེའི་གཡུ་རལ  
འབྲུག་གི་སྒྲ་སྐད  
ཁུ་བྱུག་གི་གསུང་སྙན
རྨ་བྱའི་སྒྲོ་གུར   
ཁྲ་ཡི་ལྡིང་སྐོར  
ངའི་གསང་བ་དམར་པོ

ངའི་བྲང་ཁོག་གི
གློ་བ་དམར་པོ་དང
མཆིན་པ་ནག་པོ
དེ་དག་ཚང་མ
ངའི་ཡོད་ཚད
ངའི་གསང་བ་དམར་པོ

འགུལ་ཤིག་ཤིག
འདར་སིག་སིག
འཁྱུག་ལྡེམ་ལྡེམ
ངའི་གསང་བ་དམར་པོ

བྲང་ཁོག་གི་སྙིང་དམར་པོ་དང
མཁལ་མ་སྡོག་པོ་གཉིས
དེ་དག
ཅི་ཞིག་རེད
ཡང་སྙིང་སུ་ཤིག་ཡོད

ཨ་་་ཁ་་ཁ་་་་

ངའི་གསང་བ་དམར་པོ་དེ
རླུང་བུས་པུར་སོང
ཆུ་བོས་ཁུར་སོང
ཆར་པས་བརླན་སོང
ཁ་བའི་ཁྲོད་ལ་ལུས་སོང
བུ་ཡུག་གིས་གཏུམ་སོང

ཧོ་ཧོ་་་་ངའི་གསང་བ་དམར་པོ་དེ་ཕྱི་ལ་ཡོད
ཚང་མ་རེ་རེ་ནས་ཕྱི་ལ་ཡོད

ངའི་གསང་བ་དམར་པོ
གནའ་ནས་ཡོད
ད་ལྟའང་ཡོད
མ་འོངས་པར་གནས

ངའི་གསང་བ་དམར་པོ
མེས་པོ་སྟོང་གི་ཟུང་ཁྲག་དང
མི་རབས་གསར་པའི་ཡང་བཅུད
འདས་ཟིན་པའི་ལོ་རྒྱུས
ད་ལྟའི་གནས་བབ
མ་འོངས་པའི་ལམ་སྣེ
ངའི་གསང་བ་དམར་པོ
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.