ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།

ཁྱུང་བཙན་རྒོད།
ངུར་སྨྲིག་དམར་སེར་འདུས་པའི་དཀྱིལ།།
ཀྲོང་ངེར་འགྱིང་བའི་འདུལ་འཛིན་པ།།
གཙང་ཁྲིམས་ཇི་མ་ཇི་ལྟར་སྲུང་།།
རྣོལ་འབྱོར་པ་ལ་བསྟོད་པར་བགྱི །
སྙིགས་མ་ལྔ་བདོའི་དུས་ཁུག་སོ་ནས།།
ཕྱི་ཡུལ་གཟུགས་སྒྲ་དྲི་རོ་ལ།།
བདག་འཛིན་ཆགས་ཞེན་དབེན་པོ་བ།།
མཁན་པོ་ཁྱེད་ལ་གུས་པས་འདུད།།
ཞི་དུལ་ལྷོད་གསུམ་ཉམས་བཟང་ཅན།།
ཚེ་འདིར་དགེ་སྦྱོར་ཁོ་ན་འབད།།
ཉིན་གཅིག་ནང་བཞིན་ཚུགས་ཀ་བཟང་།།
གཙུ༵ག་གཤེ༵ན་རྣ༵མ་རྒྱ༵ལ་ཨེ་མ་རྨད།
དེང་དུས་ཀྱི་བཙུན་གཟུགས་མང་པོས་འདུལ་ཁྲིམས་ལ་བརྩི་སྲུང་དེ་ཙམ་མེད་པར་མཐོང་སྐབས། འདུལ་ཁྲིམས་ཇི་མ་ཇི་བཞིན་སྲུང་མཁན་གྱི་འདུལ་འཛིན་པ་རེ་འགའ་ཡོད་པ་དེ་དག་ལ་སྙིང་ཁོང་རུས་པའི་གདིང་ནས་གུས་འདུད་ཡོད། ཁྱུང་བཙན་རྒོད་འབོད་པ་དེས། ༢༠༡༥/༢/༩/ཉིན་དད་པས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཕུལ་བ་དགེའོ།
- ཟིན་ཐོ་གོང་མ།དམིགས་ཡུལ་ཅི་ཞིག་ཡོད་དམ།།
- ཟིན་ཐོ་འོག་མ།གསང་བ་དམར་པོ།