ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
ཉིན་གཅིག་གི་ཚོར་བ།།
ཁྱུང་བཙན་རྒོད།།
རྒྱབ་རི་བླ་མ་འདྲ་བའི་མདུན་ཞོར་ལ།།
དགོན་པ་གངས་དཀར་འདྲ་བའི་ཁྲ་ལམ་མེར།
པད་མ་མེ་ཏོག་འདྲ་བའི་གྲྭ་མང་དཀྱིལ།།
མགོ་ཀླད་ཉི་མར་སྲག་ནས་བལྟས་བསྡད་ཡོད།།
གཡས་རི་མེ་རི་འདྲ་བའི་སྟག་རྒོད་ནས།།
སྤྲིན་པ་བལ་དཀར་སྤུངས་པ་འཁྲིག་བཞིན་གདའ།།
མདུན་དུ་གསེར་ཉ་འཁྱིལ་བའི་ཁྱུང་སྟེང་ནས།།
ལུས་སེམས་དགོན་ལ་གཏད་ནས་ལྷ་སྡེ་མང་།།
གཡོན་རི་བཙན་རྒོད་འདྲ་བའི་རི་དམར་ཡིས།།
སྐུ་ཞལ་ཁྲོ་བོའི་ཚུལ་སྟོན་རླུང་འཚུབ་སྡང་།།
རྫོང་ཆུ་ཟུང་ཁྲག་འདྲ་བའི་ཤུར་སྒྲ་ལ།།
གཡག་རྒོད་རོག་པོ་ཞིག་གིས་ཉན་ནས་ཡོད།།
མདུན་ལ་གླང་ཆེན་འགྱིང་འདྲའི་རི་བོ་འདུག །
འདབས་ལ་གཡུ་འབྲུག་འདྲ་བའི་ཆུ་བོ་འདུག །
མཐའ་ལ་སྟག་རྫོང་འདྲ་བའི་ནག་ཚལ་འདུག །
ཕྱི་དམར་ནང་དམར་བྱས་ནས་བསྡད་བཞག་ཡོད།།
ཡར་ཞིག་ཕ་མ་འདྲ་བའི་བླ་མ་བཞུགས།།
མར་ཞིག་དད་ལྡན་འགའ་ཞིག་ཕེབས་སྡད་འདུག །
ཟུར་དུ་ཕུ་ནུ་འདྲ་བའི་སློབ་གྲོགས་ཡོད།།
ཁ་ཁོག་ཡོད་ཚད་དགའ་བའི་མྱོས་བཞག་ཐལ།།
༢༠༡༤/༡༠/༡༥/ཉིན་ཕྱྭ་གཡང་ཁང་དུ་ཁྱུང་བཙན་རྒོད་ནས།
- ཟིན་ཐོ་གོང་མ།ས་ཐོག་བླ་མ་བརྒྟ་ཡོད་ཀྱང་། སེམས་ཐོག་བླ་མ་གཅིག །
- ཟིན་ཐོ་འོག་མ།མེ་ཏོག་རྐང་གཅིག །