ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཛམ་གླིང་ཕ་སྐད་ཉིན་མོ་རེད།  | 2015/3/15 11:38:00
འཛམ་གླིང་ཕ་སྐད་ཉིན་མོ་རེད།།

དེ་རིང་ཕ་སྐད་ཉིན་མོ་ལ།།
ཕ་སྐད་གཙང་མ་བཤད་ནི་ཡོད།།
ཕ་ཟས་སྦྲང་དཀར་རྩམ་པ་ཟ།།
ཕ་བཟང་ཚང་ལ་གུས་འདུད་ཡོད།།

སྐད་ཡིག་བོད་ཡིག་སྤྱོད་བཞིན་ཡོད།།
བོད་ཡིག་འབྲི་ཀློག་བྱས་ནི་ཡིན།།
བོད་པ་ཞེས་པའི་མིང་དེ་བསམ།།
དེའི་ཕྱིར་བོད་མི་ཡོང་ལ་གུས།།

བོད་ཀྱི་སྲོལ་རྒྱུན་རིག་གནས་དང་།།
བོད་པའི་ལོ་རྒྱུས་རིང་མོ་དག །
བོད་ཀྱི་དགོན་སྡེའི་སྡེ་ཁག་ལ།།
བོད་ཕྲུག་ང་ཡིས་ནམ་ཡང་གུས།།

ཕ་ཁྱིམ་སྦྲ་ནག་སྨུག་པོ་གཅིག །
ཕ་ས་གངས་ཅན་མཐོ་སྒང་གཉིས།།
ཕ་གཞིས་གཙང་མའི་ཁྱིམ་ཚང་གསུམ།།
བུ་ཆུང་ང་ཡིས་དགའ་ས་ཡིན།།

བོད་ཇ་སྲུབ་མ་འཐུང་རྒྱུ་གཅིག །
འཐུང་སྣོས་ཤིང་གི་ཕོར་པ་གཉིས།།
འཐུང་མཁན་བོད་མི་དག་མ་གསུམ།།
ནམ་ཡང་འདུན་པ་ཆེན་པོ་ཡོད།།

༢༠༡༥/༢༡/འཛམ་གླིང་སྐད་ཡིག་ཉིན་མོར་ཨ་ཁུ་འབྲོག་པའི་ཐབ་ཚང་ཁང་ནས་འཁྱམས་པོ་ཁྱུང་བཙན་རྒོད་དེས་བཏེགས་སོ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.