ཧི་བོན་ཟིན་བྲིས།
གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།

    ང་དགའ་ས་ནི་དུས་ནམ་ཡང

    ་དྲང་བདེན་འདོད་མཁན་

    དེ་ཡིན་ལ།

    ང་རང་ཉིད་ཡང་མ་འོངས་པར་

     བདེན་དོན་འཚོལ་ཐུབ་མཁན་

     ཞིག་བྱེད་ངེས་ཡིན།

    དེ་ནི་ངའི་ཕུག་བསམ་

    གཙོ་བོ་དེ་ཡིན།

ལི་ཐོ།
    <<  < 2021 - >  >>
    1234567
    891011121314
    15161718192021
    22232425262728
    293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གངས་གཡག་ཅེས་ཞེ་སྡང་ལང་ནས་འདུག (ཞོགས་འོད) | 2012/7/18 19:11:00

གངས་གཡག་ཅེས་ཞེ་སྡང་ལང་ནས་འདུག   

                             (ཞོགས་འོད)


ཉི་མས་ངུ་སྐད་འདོན་པའི་ཁ་རྩང་ཡང་། །
ཟླ་བས་སྨྲེང་གཏམ་བརྗོད་པའི་དེ་རིང་ཡང་། །
གངས་ཀྱི་ལྗོངས་ན་གངས་གཡག་སྨྱོས་ནས་འདུག །
གངས་རིའི་ཡུལ་ན་གངས་གཡག་ཉོག་ནས་འདུག །
 
མཚན་སྙན་གོ་བབ་མཐོན་པོར་སྙེག་ན་ཡང་། །
ཡིག་ནོར་མོད་པོས་ཡིད་ཁ་བརྫད་ནས་འདུག །
ཡིན་ཡིན་མཐུན་མཐུན་གླེང་བར་མོས་ན་ཡང་། །
ཚིག་ཉོག་མང་པོས་སུན་པ་བསླང་ནས་འདུག །
 
སྐད་ཆའི་སྙན་པ་ཏིལ་ཙམ་མེད་ན་ཡང་། །
དེ་འདྲ་མང་བས་གླེང་བར་མི་བྱའོ། །
ཚིག་གི་སྡེབ་ཕྲེང་ཉོག་ནས་ཡོད་ན་ཡང་། །
གོ་མེད་གངས་གཡག་ཅེས་པས་ཨུ་ཚུགས་འཛིན། །
 
ནོར་དང་མ་ནོར་ཞེས་པ་སྐྱིད་པོ་ཞིག །
མཐོ་དམན་མཁས་བླུན་ཀུན་གྱིས་གླེང་བྱ་རེད། །
ཡིན་དང་མ་ཡིན་ཞེས་པ་སྡུག་པོ་ཞིག །
གངས་གཡག་ཁྲོས་པའི་ཚུལ་གྱིས་ར་སྤྲོད་ཐུབ། །
 
གངས་གཡག་ཅེས་པ་རླུང་ཁའི་དར་ལྕོག་རེད། །
རླུང་བུ་གང་སར་རྒྱུ་ན་དེ་སར་བསྐྱོད། །
གངས་གཡག་ཅེས་པ་གོ་མེད་གླེན་པ་ཞིག །
ནོར་བ་གླེང་ན་དབུགས་རྒོད་རབ་ཏུ་འཚང་། །
 
དེ་འདྲ་གླེང་རྒྱུ་བཤད་རྒྱུ་མོད་ན་ཡང་། །
གཡག་ལ་གླེང་ན་བརྡ་སྤྲོད་ཐུབ་མི་འདུག །
གངས་གཡག་ཅེས་པའང་དེ་ལས་མ་འདས་པས། །
བར་སྐབས་ཚིགས་སུ་བཅད་པ་འདི་ལས་འཇོག །

 
 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:གངས་གཡག་ཅེས་ཞེ་སྡང་ལང་ནས་འདུག (ཞོགས་འོད) | 2012/7/23 18:01:28
སྐུ་མགྲོན་2Kbm1Q(སྐུ་མགྲོན)གཡག་རྒོད་དབྱར་དུས་སུ་ཡིན་ད་
རྩོམ་པ་པོ།:སྐུ་མགྲོན་2Kbm1Q(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གངས་གཡག་ཅེས་ཞེ་སྡང་ལང་ནས་འདུག (ཞོགས་འོད) | 2012/7/19 17:39:41
txlmལྷ་གཡག་རོག་པོ་ལགས་ཡག་པོ་འདུག
གཤམ་དུ་ygrbwj་ལགས་ཀྱིས་ལན་སློག་པ་ནི་
མཐའ་ཞུ་བླ་མའི་ལེགས་འདམ་གནང་བ་ཐུགས་རྗེ་ཆེ། མུ་མཐུད་གུས་པས་ཟིན་བྲིས་ཐོག་ཕེབས་པར་རེའོ།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.