སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
པར་མཛོད།
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
ཤམ་ཐབས་དམར་པོ་གཞན་གྱི་མཐོང་བའི་སུན་སྣང་། | 2012/3/6 15:07:00
ཤམ་ཐབས་དམར་པོ་གཞན་གྱི་མཐོང་བའི་སུན་སྣང་།
བསོད་ནམས་བློ་གྲོས། །
སྙིགས་མ་ལྔ་བདོའི་འཚུབས་རླུང་དྲག་པོ་རྒོད་པའི་གསེང་། །
ཞང་བོད་མེས་པོའི་བསྟན་པའི་སྒྲོན་མེ་སྤར་བའི་རྒྱན། །
རིན་ཐང་མི་དམན་ཤམ་ཐབས་དམར་པོ་གསོལ་མཁན་ལ། །
རྐང་གཉིས་མི་ཡི་དོན་གོ་མེད་པའི་གྲྭ་འཁྱམས་ཟེར། །
ཡོན་བདག་ཕོ་མོའི་རྔུལ་ཆུ་བསགས་པའི་ཟས་གོས་དང་། །
ཚེ་འདས་ཕོ་མོའི་འཕྱི་མིག་བགྲད་པའི་རྒྱུ་ནོར་རྣམས། །
ཡར་མཆོད་མར་སྦྱིན་གང་ཡང་མེད་པར་ཟ་མཁན་རྣམས། །
ཕུང་གསུམ་པ་ཡི་ཤམ་ཐབས་དམར་པོ་རེད་འདུག་ཟེར། །
རྒས་འཁོག་ཆགས་དུས་གཏད་སོ་མེད་པའི་ཐོལ་མ་གྱུ། །
སེམས་ཅན་ཐམས་ཅད་ཕ་མ་གླེང་ཡང་སྙིང་རྗེས་དབེན། །
ཚ་དྲོ་དུས་གསུམ་དམར་ལ་རོལ་བའི་རི་སྤྱང་དངོས། །
ཕུང་གསུམ་པ་ཡི་ཤམ་ཐབས་དམར་པོ་རེད་འདུག་ཟེར། །
གྲོང་ནག་གསེང་དུ་རིམ་འགྲོས་བསྐྱོད་པའི་དཀོར་འགམ་མམ། །
ཉིན་མཚན་བར་མེད་སྒོར་མོ་སྒུག་སྤྲང་རྒན་ཏེ། །
ཁ་འཇམ་ཁོག་རྩུབ་ཉམ་ཆུང་རྣམས་ཀྱི་ལྐོག་འཕྲོག་མཁན། །
ཕུང་གསུམ་པ་ཡི་ཤམ་ཐབས་དམར་པོ་རེད་འདུག་ཟེར། །
དཔྱིད་ལ་འབུ་དང་དབྱར་ལ་མར་ཕྱུར་དགུན་ལ་ཤ། །
རང་འབྲོག་གྲོང་གི་མི་སེར་དཀྱུས་མའིའཚོ་ཐབས་གང་། །
གཟན་དམར་འོག་གི་ཚུལ་འཆོས་སྤྱོད་པས་བསླུ་བྲིད་མཁན། །
ཕུང་གསུམ་པ་ཡི་ཤམ་ཐབས་དམར་པོ་རེད་འདུག་ཟེར། །
ལོ་ཆུང་དུས་སུ་སློབ་གྲྭ་མ་འགྲིམ་གཡག་རྒན་ཁམས་པའི་གཡོག་ཏུ་བཀོལ། །
རང་གི་བགྲང་བྱ་རང་གི་མི་ཤེས་དུས་འགྲོ་མི་ཡི་གཟུགས་ཅན་འགས། །
རྩུབ་མོའི་གཏམ་གྱི་རྣོ་སོ་དམར་མོ་ཁྱེད་ཀྱི་ཕྱོགས་སུ་གཏད་ན་ཡང་། །
བཟོད་པའི་གོ་ཆས་བསླབ་གསུམ་སྡོམ་པ་གཅེས་ཉར་མཛོད་ཅིག་བཙུན་པའི་ཚོགས། །
ཤམ་ཐབས་དམར་པོ་སེམས་སྤོབས་མ་ཞུམ་འཆད་པའི་གཞུང་ལུགས་ཁྱོད་ལ་ཡོད།།
ཤམ་ཐབས་དམར་པོ་སེམས་སྤོབས་མ་ཞུམ་རྩོད་པའི་ལུང་རིག་ཁྱོད་ལ་ཡོད། །
ཤམ་ཐབས་དམར་པོ་སེམས་སྤོབས་མ་ཞུམ་རྩོམ་པའི་ལེགས་བཤད་ཁྱོད་ལ་ཡོད། །
ཤམ་ཐབས་དམར་པོ་སེམས་སྤོབས་མ་ཞུམ་བྱ་བ་གསུམ་གྱི་ཡོང་རྩེ་རྫོགས། །
ཤམ་ཐབས་དམར་པོ་སེམས་སྤོབས་མ་ཞུམ་ཞི་བདེའི་མཐུན་འབྲེལ་ཁྱོད་ལ་ཡོད། །
ཤམ་ཐབས་དམར་པོ་སེམས་སྤོབས་མ་ཞུམ་ལས་འབྲས་རྩི་སྲུང་ཁྱོད་ལ་ཡོད། །
ཤམ་ཐབས་དམར་པོ་སེམས་སྤོབས་མ་ཞུམ་ལམ་སྟོན་སྒྲོན་མེ་ཁྱོད་ལ་ཡོད། །
ཤམ་ཐབས་དམར་པོ་སེམས་སྤོབས་མ་ཞུམ་ལྷ་སྲུང་སྡོང་གྲོགས་ཁྱོད་ལ་ཡོད། །
ཤེས་རིག་བདུད་རྩིའི་རྒྱ་མཚོ་ནས་བཤུས། །
- ཟིན་ཐོ་གོང་མ།སྐྱོན་འཛུགས་ལ་དགའ་བའི་ང་།
- ཟིན་ཐོ་འོག་མ།གངས་གཡག་ཅེས་ཞེ་སྡང་ལང་ནས་འདུག (ཞོགས་འོད)
བཀྲ་ཤིས་བདེ་ལེགས།