སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
པར་མཛོད།
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
ཡིད་རེ་སྐྱོ། | 2012/8/3 14:03:00
༄། ། ཡིད་རེ་སྐྱོ། །
ཉེར་གཅིག་དུས་རབས་ནང་གི་སྐྱེ་བོ་ཚོ། །
མ་རབས་ལས་ལ་བརྩོན་པའི་དུས་ཚོད་འདི། །
འདི་འདྲའི་སྡུག་བསྔལ་དྲྭ་བ་མ་ཡིན་ནམ། །
དེ་འདྲ་མཐོང་མ་ཐག་ནས་ཡིད་རེ་སྐྱོ། །
དེང་སང་རྒན་ཁོག་ཁག་ཅིག་འགྲོ་ལུགས་ལ། །
ཁ་ཡིས་མནའ་ཟ་ལག་པས་རྒྱན་པོ་འགྱེད། །
ད་དུང་ངོ་ཚ་མི་བསམ་ཡིན་མདོག་བྱེད། །
དེ་འདྲ་མཐོང་མ་ཐག་ནས་ཡིད་རེ་སྐྱོ། །
དེང་སང་ཕོ་གསར་ཁག་ཅིག་འགྲོ་ལུགས་ལ། །
མགོ་ཡི་སྐྲ་དེ་དམར་སེར་ཚོན་མདོག་བྱེད། །
རང་གི་ལུས་ལ་རང་གིས་གྲི་གཤགས་བྱེད། །
དེ་འདྲ་མཐོང་མ་ཐག་ནས་ཡིད་རེ་སྐྱོ། །
དེང་སང་བུ་མོ་དེ་ཚོའི་སྤྱོད་ལམ་ལ། །
ཕ་མའི་ཁ་ལ་མི་ཉན་རྒྱ་གྲོང་འགྲིམས། །
ལག་ལ་སྦི་རག་ཤེལ་དམ་ཁྱེར་ནས་འགྲོ །
དེ་འདྲ་མཐོང་མ་ཐག་ནས་ཡིད་རེ་སྐྱོ། །
དེང་སང་སློབ་གྲྭ་ཁག་ཅིག་འགྲོ་ལུགས་ལ། །
ཕ་མའི་དངུལ་ལོ་བྱིན་པ་གོ་མེད་གཏོང་། །
སློབ་གྲྭར་མི་འགྲོ་ནང་མ་ཨར་ཁང་འགྲོ །
དེ་འདྲ་མཐོང་མ་ཐག་ནས་ཡིད་རེ་སྐྱོ། །
འདི་དང་འདི་ལ་ཟེར་བ་གཅིག་ཀྱང་མེད། །
སུ་ལ་ཕོག་ན་ངས་ཀྱང་དེ་ལ་བརྗོད།།
ཁྱུང་པོའི་གཡག་རྒོད་ཞེས་པའི་མིང་ཅན་དེས། །
གང་དྲན་མ་བཅོས་སྨྱུག་རྩེའི་ཐོག་ནས་དྲངས། །
༢༠༡༢ ༧ ༢༡
- ཟིན་ཐོ་གོང་མ།གངས་གཡག་ཅེས་ཞེ་སྡང་ལང་ནས་འདུག (ཞོགས་འོད)
- ཟིན་ཐོ་འོག་མ།ཁ་བ་བོད་པ། གཡག་རྒོད་རོག་པོ།
སྐྱོན་དེ་རང་ལ་ཕོག་ན་རང་སེམས་འཁྲུག་
ཚིག་དེ་བདེན་པ་ཡིན་ཡང་རྫུན་པ་གཟུང་
ཁ་ནས་དོན་མེད་མ་བཤད་ཕོ་གསར་ཁྱོད་
ད་ནས་རང་སྐྱོན་ཚོར་ཤིག་ཕ་བཟང་བུ་
ཚིག་དེ་བདེན་པ་ཡིན་ཡང་རྫུན་པ་གཟུང་
ཁ་ནས་དོན་མེད་མ་བཤད་ཕོ་གསར་ཁྱོད་
ད་ནས་རང་སྐྱོན་ཚོར་ཤིག་ཕ་བཟང་བུ་
༧ ལྷ་གཡག་ལགས་ཁྱེད་རང་ལ་ཐུན་མོངས་མ་ཡིན་པའི་གཞན་གྱི་སྙན་དྩོམ་དང་འདོད་གཏམ་སོགས་ལ་གཞན་དང་མི་འདྲ་ལས་ཡིད་རང་ཆེན་པོ་ཞིག་འདུག་ ངས་བསམས་ན་དྩོམ་གང་ཞིག་ཡིན་རུང་དྩོམ་དེ་ལ་རྒུ་མཚན་དང་ཉམས་འདོན་་ལུགས་སོགས་ཀྱི་སྒོ་ནས་བསམས་བློ་ཡག་པོ་ཞིག་གཏང་ནས་དེ་ལ་ཡིད་རང་སོགས་གང་དགོས་འདུག་ལེགས་པར་དཔྱད་མཛོད་།མི་གཞན་ལ་ངོ་བསྟོད་དང་ཡིད་རང་ཧ་ཅང་ཆེ་དྲག་ན་དེང་དུས་ཀྱི་སྙན་ངག་པའི་འགྲོ་ལུགས་མིན་།།།།།།།། དེང་ན་གཞོན་ནས།།།
༧ ཕྱི་ངོ་གདོངས་མཛེས་པའི་འཕྱ་དམོད་མཁས་ ནང་ཡོན་ཏན་མེད་པའི་ཁ་ཚིག་མང་ རང་འགྲོ་འདུག་ཆེ་བའི་གཞན་སྐྱོན་མཐོང་ ༧ ཡིད་སྐྱོ་གདུང་ཆེ་བའི་ཚིག་ཉུབ་རྣམས་ ད་མཚམ་མཇོག་བྱས་ན་ལུས་ཀྱང་མཛའ་ ངས་སེམས་ཐོག་བསམས་པའི་རེ་བ་ལ་ དོན་དཔྱད་དྕོམ་རྒྱོབ་བཀོད་དང་གཡག་ཁྲ་ལགས།། དེང་སང་ཕོ་གསར་ཞིག་ནས།༢༠༡༢་་་་་༦་་་་༢༩་ཉིན་།
དེར་སང་གཡག་རྒོད་ཁྱོད་ཀྱི་འགྲོ་ལུགས་ལ་། ཕྱི་ལ་ལྟོས་ན་ཕྱི་ཚུལ་མཛེས་ཤིག་ཤིག་། ནང་ལལྟོསན་ཡོན་ཏན་བཀོན་ཐག་ཐག་།
ཁྱོད་ནི་ཁྱུང་པོ་ལུང་པའི་མཛེས་རྒྱན་ཏེ་།
མོ་ཤམ་བུ་ནས་།།།།།
ཁྱོད་ནི་ཁྱུང་པོ་ལུང་པའི་མཛེས་རྒྱན་ཏེ་།
མོ་ཤམ་བུ་ནས་།།།།།