ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྐྱོན་འཛུགས་ལ་དགའ་བའི་ང་། | 2012/2/29 14:56:00

          སྐྱོན་འཛུགས་ལ་དགའ་བའི་ང་།།  

                        སྟེང་དགོན་གཡུང་སེམས།

 

                      མཛེས་མ་སློབ་དཔོན་མ་ཡིན། །

                     གསུང་སྐད་གདམས་ངག་མ་ཡིན། །

                   ཚུལ་ལྡན་བཙུན་པ་ལོ་ལོ། །

                  གསང་ཕྲིན་རྒྱུད་ནས་མ་འབྲེལ། །  

                   

                དགོན་པ་མགྲོན་ཁང་མ་ཡིན། །

                དད་རྫས་ཟས་གཙང་མ་ཡིན། །

                ཁྲེལ་མེད་སྡོམ་འཆལ་ལོ་ལོ། །

               སྤྲེའུ་ལད་གནས་འདིར་མ་འཁྲབ། །

            

             ལྷ་སྡེ་ཀོ་བ་མ་ཡིན། །

            བླ་གྲྭ་ཀོ་མཉེད་མ་ཡིན། །

          དགོན་བདག་བླ་སྤྲུལ་ལོ་ལོ། །

         ཡོན་བདག་འཐེན་ཁྱེར་མ་བྱེད། །

 

        ཀྲུང་སྒོར་བསྟན་རྩ་མ་ཡིན། །

         སྐུ་བརྙན་བསྟན་དོན་མ་ཡིན། །

         འབྱོར་ལྡན་སྤྲུལ་སྐུ་ལོ་ལོ། །

       བསྟན་པའི་ཕྱི་ལྐོགས་མ་བཞེངས། །

 

      བསྟན་སྲོག་ས་ཕུང་མ་ཡིན། །

     བསྟན་རྒྱུན་ཟངས་གསེར་མ་ཡིན། །

   བསྟན་བདག་དབུ་འཛིན་ལོ་ལོ། །

     ཁང་གོག་འགྲན་རྩོད་མ་རྒྱགས། །

 

        གློག་བརྙན་ལྟ་བ་མ་ཡིན། །

         འཕྲུལ་ཞོན་སྤྱོད་པ་མ་ཡིན། །

      ཚུལ་མཛེས་མགོ་དགེ་ལོ་ལོ། །

    ཁྲི་གཙུག་བསྟན་པ་མ་བཤིག།

 

      གནས་ས་རྒྱ་གྲོང་མ་ཡིན། །

      ལས་ཀ་ཁྱིམ་ལས་མ་ཡིན། །

     ཁྲིམས་ལྡན་བཙུན་ཆུང་ལོ་ལོ། །

      རྐང་པ་གཉིས་བཙུགས་མ་བྱེད། །

 

       ནང་རིག་ལྷ་སྒྲུང་མ་ཡིན། །

     འདུལ་བ་རྒྱལ་ཁྲིམས་མ་ཡིན། །

    དྲེད་པོ་མགོ་ཟླུམ་ལོ་ལོ། །

    བོན་དང་རྒྱུད་གཉིས་མ་བཀར། །

 

     མཐུན་གྲོགས་གྲྭ་པ་མ་ཡིན། །

      རྩེད་མཚར་ཞལ་ཏྭ་མ་ཡིན། །

     ཨ་ཅེ་བཙུན་མ་ལོ་ལོ། །

    ཡུན་རིང་འདྲེས་ཟབ་མ་ཆེ། །

 

གཉེར་རྒྱུ་ཚོང་ལས་མ་ཡིན། །

སྐྱོང་རྒྱུ་འཕྲུལ་འཁོར་མ་ཡིན། །

  མཁྱེན་ཡངས་བཤེས་གཉེན་ལོ་ལོ། །

   ལྔ་རིག་ཆུད་ཟོས་མ་བཏང་། །

 

དངུལ་ལོའི་བྲན་གཡོག་མ་ཡིན། །

ཆེད་ལས་སློང་མོ་མ་ཡིན། །

སྣ་མང་ལྡོམ་ཁ་གཡར་ཏེ། །

 དམངས་ཚོགས་སྡུག་ལ་མ་སྦྱར། །

 

སྐྱེས་མར་ཁ་པར་མ་རྒྱག། །

ཨ་ཚ་ཨ་ན་མ་གླེང་། །

དགོན་དང་སྡེ་པའི་བར་དུ། །

འཆལ་གཏམ་ཟམ་ཆེན་མ་འཛུགས། །

 

ཉེར་གཅིག་དུས་རབས་འདི་ཡི། །

མགོ་ཟླུམ་སྤྱི་ཚོགས་ཁྲོད་དུ། །

མི་ཁ་ཐོག་ལས་ཚ་བ། །

རང་སྐྱོན་ཡོད་པའི་རྟགས་རེད། །

 

རྒྱལ་བའི་བསྟན་པ་བཤིག་མཁན། །

བདུད་དང་མུ་སྟེགས་མ་ཡིན། །

རང་སྡེའི་རིགས་ཀྱིས་བཤིག་ཅེས། །

འཁྲུལ་མེད་ལུང་ལ་གཞིག་མཛོད། །

 

སྐྱོན་འཛུགས་མོས་པ་མིན་ཡང་། །

བསྟན་པ་ཞོར་ཉམས་མཐོང་དུས། །

མི་བཟོད་སེམས་ཀྱི་ན་ཟུག། །

འགོག་མེད་ངག་ནས་ཤོར་ཐལ། །        བོན་གཤེན་བསྭོ་སྒྲ་ནས་བཏུས། །

 

Re:སྐྱོན་འཛུགས་ལ་དགའ་བའི་ང་། | 2012/5/24 15:40:39
སྐུ་མགྲོན་s85Are(སྐུ་མགྲོན)དངོས་གནས་ཡག་པོ་འདུག་ཁམས་སྨྱུག་ནས།
རྩོམ་པ་པོ།:སྐུ་མགྲོན་s85Are(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱོན་འཛུགས་ལ་དགའ་བའི་ང་། | 2012/3/14 16:51:23
སྐུ་མགྲོན་uYpc6F(སྐུ་མགྲོན)མི་ལ་སྐྱོན་བརྗོད་པ་ནི་སླ་མོ་ཞིག་རེད་དེ་ཁྱོད་དེ་འདྲ་སུའི་ཉམས་ཉོས་གཏེར་བ་ཡིན་ནམ་ ཡང་ན་ཁྱོད་ལ་དེ་འདྲ་སྐྱོན་ཡོད་པའི་མི་ཞིག་ཡིན་པའི་་དོག་པ་ཡོད།། གངས་བུ་རིགས་གྲོལ་ནས།།
རྩོམ་པ་པོ།:སྐུ་མགྲོན་uYpc6F(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱོན་འཛུགས་ལ་དགའ་བའི་ང་། | 2012/3/10 16:53:25
སྐུ་མགྲོན་027Ia4(སྐུ་མགྲོན)རྩམ་དེ་དངོས་ནས་སྙན་པོ་ཞིག་འདུག་།
རྩོམ་པ་པོ།:སྐུ་མགྲོན་027Ia4(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱོན་འཛུགས་ལ་དགའ་བའི་ང་། | 2012/3/5 20:01:07
སྐུ་མགྲོན་130Md5(སྐུ་མགྲོན)དངོས་གནས་རྩོམ་གསོན་ཉམས་ལྡན་པ་ཞིག་འདུག།
རྩོམ་པ་པོ།:སྐུ་མགྲོན་130Md5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱོན་འཛུགས་ལ་དགའ་བའི་ང་། | 2012/3/2 16:46:51
སྐུ་མགྲོན་rvm8QD(སྐུ་མགྲོན)ཡ་་བདག་པོ་ལགས་ ཁྱེད་སྐྱོན་འཛུགས་ལ་དགའ་ན་ཁྱོད་རང་སྐྱོན་མེད་ཞིག་ཡིན་ནམ་དེ་མ་ཡིན་ན་མི་ལ་སྐྱོན་བརྗོད་ན་ཁྱིད་རང་ཁྲིམས་དང་མི་འགལ་ལམ་
རྩོམ་པ་པོ།:སྐུ་མགྲོན་rvm8QD(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐྱོན་འཛུགས་ལ་དགའ་བའི་ང་། | 2012/2/29 18:09:15
danzengyixiརྩོམ་ལེགས་པོ་ཞིག་སྤེལ་འདུག
Re:སྐྱོན་འཛུགས་དགའ་བའི་ང་། | 2012/2/29 16:34:27
སྐུ་མགྲོན་vbr1Uh(སྐུ་མགྲོན)དགེ་སྐྱོན་ཟེར་བ་དེ་གླེང་དགོས། ཡིན་ནའང་གླེང་པ་པོ་རང་རང་ཉིད་ནས་འགོ་རྩོམ་དེ་སྐྱོན་དེ་དག་མི་འབྱུང་བའི་ཐབས་ལ་གཟབ་དགོས་པ་ནི་དེ་བས་གལ་ཆེ།
གཤེན་ཚེ་ཚང་གིས་ནུབ་ཕྱོགས་ནས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་vbr1Uh(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.