གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།
ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རེ་ཞུས་ཀྱི་སྨོན་ལམ། (གཡག་རྒོད་རོག་པོ།) | 2011/12/27 12:03:00
1
རེ་ཞུས་ཀྱི་སྨོན་ལམ། །
དྲིན་འཁོར་མེད་རྩ་བའི་བླ་མ་དང་། །
རྐྱེན་སེལ་བའི་ཡེ་ཤེས་དབལ་མོ་དང་། །
བཀའ་བཞག་པའི་རྒྱལ་བ་སྲས་བཅས་སོགས། །
བུ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །
སེམས་ཡེ་ནས་ཀུན་ཏུ་བཟང་པོ་ལ། །
དྲིི་མ་བགོས་ཤེལ་དཀར་བུམ་པ་བཞིན། །
དེ་མ་རྟོགས་ཁམས་གསུམ་སེམས་ཅན་རྣམས། །
ང་བདག་ཏུ་འཛིན་ནས་འཁོར་བར་འཁྱམ། །
དུས་ཉི་མ་དེ་རིང་ཕན་ཆད་ནས། །
ངའི་སྨོན་ལམ་བཙན་པོ་འགྲུབ་པར་ཤོག།
དྲིན་ཕ་མ་ཁམས་གསུམ་སེམས་ཅན་རྣམས། །
མྱུར་སངས་རྒྱས་ཐོབ་པའི་སྨོན་ལམ་ཡིན། །
སྐུ་མི་འགྱུར་གཡུང་དྲུང་ཐོབ་པར་ཤོག།
གསུང་མི་འགྱུར་བོན་སྒྲ་སྒྲོགས་པར་ཤོག།
ཐུགས་མི་འགྱུར་བོན་སྐུ་རྟོགས་པར་ཤོག།
ངའི་མི་འགྱུར་སྨོན་ལམ་འགྲུབ་པར་ཤོག།
རྩོམ་པ་པོ།:གཡག་རྒོད་རོག་པོ། | བལྟ་ཀློག(314) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།རང་སེམས་ནས་ཕུལ་བའི་བསླབ་བྱ། (གཡག་རྒོད་རོག་པོ།)
- ཟིན་ཐོ་འོག་མ།སྐྱོན་འཛུགས་ལ་དགའ་བའི་ང་།