གཡག་རྒོད་རོག་པོའི་ངུར་རྒྱང་།
སྤྱི་བསྒྲགས།
ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རང་སེམས་ནས་ཕུལ་བའི་བསླབ་བྱ། (གཡག་རྒོད་རོག་པོ།) | 2011/12/25 15:55:00
1
རང་སེམས་ནས་ཕུལ་བའི་བསླབ་བྱ། །
ཡེ་ནས་བདེ་ཆེན་ལྷུན་གྱིས་གྲུབ། །
ཡེ་ནས་སྐུ་གསུམ་རང་ཆ་གནས། །
ཡེ་ནས་རང་སེམས་སངས་རྒྱས་དེ། །
ཡེ་ནས་རང་གི་རྒྱུད་ལ་ཡོད། །
རྣམ་དག་དགེ་ཞིག་སྒྲུབ་དགོས་ན། །
རྣམ་པར་དག་པའི་སྤྱོད་པ་དགོས། །
རྣམ་མཁྱེན་སངས་རྒྱས་ཐོབ་པ་ལ། །
རྣམ་ཀུན་ཡང་དག་གྲོགས་ཤིག་དགོས། །
གྲོགས་མཆོག་བསམ་དཀར་ཚད་ལྡན་དགོས། །
གྲོགས་མཆོག་ཕན་སེམས་ལྡན་པ་དགོས། །
གྲོགས་མཆོག་དམ་ཚིག་གཙང་མ་དགོས། །
གྲོགས་མཆོག་ལེགས་པའི་ཡོན་ཏན་དགོས། །
མཐའ་བྲལ་བདེ་བ་ཆེན་པོ། །
རང་སེམས་ཀ་དག་དྲི་མེད། །
སྐལ་ལྡན་བུ་ཞིག་ཡིན་ན། །
མ་ཡེངས་དོན་ལ་བརྩོན་ཤོག། །
རྩོམ་པ་པོ།:གཡག་རྒོད་རོག་པོ། | བལྟ་ཀློག(559) | ལན་སློག(2) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།ལས་དབང་གི་འབོད་སྒྲ། (གཡག་རྒོད་རོག་པོ།)
- ཟིན་ཐོ་འོག་མ།རེ་ཞུས་ཀྱི་སྨོན་ལམ། (གཡག་རྒོད་རོག་པོ།)
