ང་དགའ་ས་ནི་དུས་ནམ་ཡང
་དྲང་བདེན་འདོད་མཁན་
དེ་ཡིན་ལ།
ང་རང་ཉིད་ཡང་མ་འོངས་པར་
བདེན་དོན་འཚོལ་ཐུབ་མཁན་
ཞིག་བྱེད་ངེས་ཡིན།
དེ་ནི་ངའི་ཕུག་བསམ་
གཙོ་བོ་དེ་ཡིན།
ལས་དབང་གི་འབོད་སྒྲ།
རིགས་རྒྱུད་གཅིག་པའི་གངས་ཅན་པ། །
རྒྱལ་ཁམས་ནང་ཁྲུག་མ་བྱེད་པར། །
བྱམས་པས་ཕན་ཚུན་མཐུན་སྒྲིལ་ངང་། །
རིག་པའི་གནས་ལ་བརྩོན་བཞིན་འགྲོ། །
སྐལ་བཟང་ལྷ་སྲས་སློབ་ཕྲུག་ཚོ། །
ལས་འབྲས་རང་བཞིན་མ་ཤོར་བ། །
རིག་གནས་མར་ཁུའི་རྒྱ་མཚོ་དེ། །
མཆོད་བཞིན་བདེ་སྐྱིད་ལམ་ནས་འགྲོ། །
བཤད་སྒྲུབ་བོན་གྱི་མཆེད་གྲོགས་རྣམས། །
རྣམ་གཡེང་ལེ་ལོ་མ་གཏོང་ནས། །
ལྔ་རིག་མེ་ཏོག་བཞད་པོའི་ངགས། །
དུག་གསུམ་རྩ་བ་གཅོད་བཞིན་འགྲོ། །
གཤེན་བསྟན་པད་མོ་ཚེ་རྒྱས་རྩེར། །
དགེ་ལེགས་བཅུད་ཀྱིས་ཕྱུག་པའི་ལྷ། །
ཤེས་ཡོན་འོ་ཇ་སྟེར་མཁས་པའི། །
བཅུད་ལྡན་དགེ་རྒན་བརྩལ་ནས་འགྲོ། །
ཁ་བའི་དུས་རབས་གསར་པའི་ན་གཞོན་ཚོ། །
རྒྱལ་གྲོང་ཀུན་ལ་མ་འགྲམ་ཨ་མའི་བུ། །
མ་འོངས་མདུན་ལམ་བཟང་པོ་འཚོལ་བའི་ཆེ། །
ཚུལ་མཐུན་གཞུང་ལུགས་ཀུན་ལ་བརྩོན་བཞིན་འགྲོ། །
- ཟིན་ཐོ་གོང་མ།བསམ་ཡུལ་གྱི་སྣང་འཆར།(གཡག་རྒོད་རོག་པོ།)
- ཟིན་ཐོ་འོག་མ།རང་སེམས་ནས་ཕུལ་བའི་བསླབ་བྱ། (གཡག་རྒོད་རོག་པོ།)


གཡག་རོག་པོའི་ངུར་རྒྱང་དང་བསྒྲགས། །
མདུན་བསྐྱོད་ཀྱི་ལམ་ལ་ཆས་དང་། །
ང་དར་མ་ཁྱེད་ཀྱི་ཡང་དག་གི་རྗེས་དེད་ནས། །
གོམ་གང་མདུན་སྤོས་ཀྱི་ལས་ལ་བརྩོན་ཡོང་། །
བཀླགས་ཟིན། ལེགས་པོ་ཞིག་སྤེལ་འདུག
མུ་མཐུད་ནས་སྤེལ་ཡོང་བར་རེ། །
ལྷ་གཡག་དར་མས།
གོང་གི་གྲོགས་ལྷ་གཡག་དར་མའི་ལེགས་འདེམས་གནང་བ་ཐུགས་རྗེ་ཆེ་ཞུ། གུས་པའི་ཟིས་བྲིས་སུ་ཕེབས་པར་དགའ་བསུ་ཚད་མེད་ཡོད།
གཡག་རྒོད་རོག་པོ་ནས།