ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2011/12/12 21:44:00 | By: ཁྱུང་པོ་དཔལ་རྒྱལ། ]
 

   ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།

   ༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ལྷན་ཁང་༽གཙོ་གཉེར་བ་ཁྱུང་པོ་སྟེང་ཆེན་དགོན་གྱི་

མཁན་པོ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་གཙོས་སྐབས་ཀྱི་ལས་དོན་ལག་སྟར་ལྷག་བསམ་

ལྡན་པ་རྣམས་ཀྱིས་ལོ་དང་ཟླ་བར་ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་འཚོལ་བསྡུ་དང་ཞུས་

བསྒྲིགས་ཀྱི་ཐད་ལ་བརྩོན་པ་བསྐྱེད་པའི་འབྲས་བུར་ཟླ་བ་འདིའི་ནང་དུ་སི་ཁྲོན་མི་རིགས་དཔེ་

སྐྲུན་ཁང་ནས་ཤར་རྫ་བའི་གསུང་འབུམ་དེབ་ཕྲེང་བཅུ་བདུན་ཅན་ཚར་གྲངས་སྟོང་ཚོ་བཞི་ཙམ་

ཞིག་དཔར་དུ་སྐྲུན་པའི་བྱ་གཞག་ལེགས་གྲུབ་བྱུང་བས་སྐལ་ལྡན་ཡོངས་རྫོགས་ཀྱིས་དད་སྤྲོ་

མོས་པས་ཞིབ་གཟིགས་གནང་བའི་ཆེད་དུ་འོས་སྦྱོར་ཞུས་པ་ལགས།

 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/6/6 20:35:10 | By: སྐུ་མགྲོན་oTKv40(སྐུ་མགྲོན) ]
 
སྐུ་མགྲོན་oTKv40(སྐུ་མགྲོན)བོན་རྣམས་སྤང་ལ་ཆུ་བུར་བརྡོལ་བ་བཞིན། །སྟོད་སྨད་ཀུན་ན་མདོ་སྔགས་གཡུང་དྲུང་བོན། །གཅིག་ལས་གྲངས་སུ་འཕེལ་བའི་ངོ་མཚར་ཅན། །འཇའ་ལུས་ཤར་རྫའི་བསྟན་པ་རྒྱས་གྱུར་ཅིག །
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/6/6 9:46:23 | By: སྐུ་མགྲོན་017Hyl(སྐུ་མགྲོན) ]
 
སྐུ་མགྲོན་017Hyl(སྐུ་མགྲོན)བླ་མ་ལ་སྐྱབས་སུ་མཆིའོ་ཟེར་བའི་སྐབས་བླ་མ་ཚོང་པ་རྣམས་ནང་དུ་འདུས་ཡོད་དམ།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/5/20 16:52:06 | By: སྐུ་མགྲོན་Kpg6JV(སྐུ་མགྲོན) ]
 
སྐུ་མགྲོན་Kpg6JV(སྐུ་མགྲོན)ཁྱོད་ཀྱིས་ནང་དོན་ཧ་གོ་མི་འདུག་པས་རྒྱུ་མཚན་མི་འདུག
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/4/12 20:41:21 | By: སྐུ་མགྲོན་uYPc62(སྐུ་མགྲོན) ]
 
སྐུ་མགྲོན་uYPc62(སྐུ་མགྲོན)མཚོ་སྔོན་པོའི་ལྷོ་སྤྲིན་ཁྱོད་ཀྱིས་ཁེ་མེད་པའི་དཔེ་ཆ་རེ་པར་བསྐྲུན་གྱིས་དང་དགེ་མ་དང་གྲྭ་པ་རྣམས་་ལ་ལོས་དགོས་གོང་ཚད་འོས་པ་ཞིག་་་་་་ད་ཡིན་
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/4/4 23:46:36 | By: སྐུ་མགྲོན་0Gw3AN(སྐུ་མགྲོན) ]
 
སྐུ་མགྲོན་0Gw3AN(སྐུ་མགྲོན)ཡིག་སྐྱོན་གྱིས་རྫོབ་ཆེ་བས་དེ་ལ་གཙང་ཕྱགས་གལ་ཆེ་བ་ཡིན།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/4/3 0:10:30 | By: སྐུ་མགྲོན་OSJv4A(སྐུ་མགྲོན) ]
 
སྐུ་མགྲོན་OSJv4A(སྐུ་མགྲོན)དེང་སང་གི་བླ་སྤྲུལ་མཁན་པོ་དགེ་བཤེས་ཐམས་ཅད་ཚོང་ལ་འཁོར་འདུག་པས། དཔེ་ཆའི་རིན་གོང་ཡང་འོས་མཚམས་ཤིག་མ་རེད། སྡུག་འདེགས་པ་གྲྭ་བཙུན་དང་ཇོ་མོ་རྣམས་རེད། ཁེ་ཟ་མཁན་བླ་སྤྲུལ་རྣམ་པ་ཡིན་པས། མིང་རྒྱ་ཤིང་དོན་རྩི་ཤིང་ཟེར་བའི་དཔེ་ཟླ་ལས་མ་འདས། མ་འོངས་པ་ན་ཡང་སྤྱི་ལ་ཕན་པའི་དཔེ་ཆ་དག་བསྒྲིགས་བྱས་ན། ཁེ་སང་ཁོ་ན་དོན་དུ་མི་གཉེར་རྒྱུ་གལ་ཆེན་བླ་སྤྲུལ་དགེ་བཤེས་རྣམས་ལ་ཞུ། མཚོ་སྔོན་པོའི་ལྷོ་སྤྲིན་གྱིས་ཕུལ།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/3/27 19:52:23 | By: སྐུ་མགྲོན་txo0Rf(སྐུ་མགྲོན) ]
 
སྐུ་མགྲོན་txo0Rf(སྐུ་མགྲོན)བླ་མ་རྒྱ་མཚོ་ནོར་བུ་ལགས་ཀྱིས་ཤར་རྫའི་གསུང་འབུམ་པར་བསྐྲུན་བྱས་པ་དེ་ཇི་འདྲའི་རླབས་ཆེ་ཡང་། དྲ་ཚིགས་ཀྱི་སྟེང་ལ་བཀོད་རྒྱུའི་བསམ་བློ་ཅིག་ཡོད་ན་དེ་ལས་ལྷག་པ་ཞིག་རེད། རྒྱུ་མཚན་ཅི་རེད་ཅེ་ན། བོན་གྱི་དཔེ་དེབ་སྣ་ཚོགས་སྤང་ལ་ཤ་མོ་བརྡོལ་བ་ལྟར་བྱུང་བཞིན་ཡོད་ལ། ན་གཞོན་ཞིབ་འཇུག་པ་དང་རིས་མེད་ཀྱི་མཁས་པ་རྒན་གྲས། དགོན་སྡེ་དང་སློབ་གྲྭ་ཆེ་འབྲིང་གི་སློབ་མ་བཅས་པ་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་རེད་བསམ་གི་ཡོད། མཚོ་སྔོན་པས།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/2/7 0:46:16 | By: སྐུ་མགྲོན་1hx3Bn(སྐུ་མགྲོན) ]
 
སྐུ་མགྲོན་1hx3Bn(སྐུ་མགྲོན)མྱུད་དུ་མཇལ་བའི་རེ་སྒུག་གི་བསམ་དོན་འགྲུབ་པར་ཤོག
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/1/17 13:21:03 | By: སྐུ་མགྲོན་1Hx3BO(སྐུ་མགྲོན) ]
 
སྐུ་མགྲོན་1Hx3BO(སྐུ་མགྲོན)ཁྱུང་པོ་དཔལ་རྒྱལ་རྣམ་པར་རྒྱལ་གྱུར་ཅིག
གྲོགས་འགྱུར་མེད་ནས་
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2012/1/2 16:16:45 | By: སྐུ་མགྲོན་w06Ev3(སྐུ་མགྲོན) ]
 
སྐུ་མགྲོན་w06Ev3(སྐུ་མགྲོན)བླ་མ་རྒྱ་མཚོ་ནོར་བུ་སྐུ་ཚེ་བསྐལ་བརྒྱ་བརྟན་པ་ཤོག ཚེ་དབང་མཐར་ཕྱིན།།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2011/12/15 19:42:27 | By: སྐུ་མགྲོན་v05Dtg(སྐུ་མགྲོན) ]
 
སྐུ་མགྲོན་v05Dtg(སྐུ་མགྲོན)བླ་མ་རྒྱ་མཚོ་ནོར་བུ་སྐུ་ཚེ་བསྐལ་བརྒྱ་ནས་བསྐལ་བརྒྱའི་བར་བརྟན་པར་ཤོག་ ཁྱུང་ཕྲུག་ནས།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2011/12/15 13:39:38 | By: yungdong ]
 
yungdongརྟེན་འབྲེལ་ཞུ། རེ་སྒུག་བྱེད་བཞིན་ཡོད་ས་ཆ་སོ་སོར་དཔེ་ཁང་ནང་དུ་ཉོ་རྒྱུ་ཡིད་དམ།
སྐྱང་ཁ་མ་ཚང་ནས།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2011/12/13 20:22:45 | By: XRWSXRWS ]
 
XRWSXRWSརྨད་བྱུང་ཐུགས་བསྐྱེད་རྒྱ་མཚོའི་ལྡིང་ཁང་ལས། །
འཕོས་པའི་བཀའ་བརྟེན་ནོར་བུའི་རླབས་ཀྱི་ཕྲེང་། །
ཕྱོགས་ཀྱི་སྐལ་ལྡན་ཡོད་རྒུའི་དཔལ་ཡོན་དུ། །
སྤྲོས་པའི་མཛད་བཟང་གང་ལ་ཡིད་རངས་འབུལ། །

དམ་པའི་ཞལ་སློབ་ཤེར་འོད་ནས་དད་གུས་ངང་ཕུལ།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2011/12/13 13:44:39 | By: danzengyixi ]
 
danzengyixiརྟེན་འབྲེལ་ཞུ་ཞུ། མི་རིང་མཇལ་བའི་རེ་སྒུག་བྱེད་བཞིན་ཡོད།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2011/12/12 23:40:16 | By: yongzhou ]
 
yongzhouཧ་ཅང་གི་རེ་བའི་སྨོན་འདུན་གྱི་ཚིག་ཅིག་ཡོད་པ་ནི་ཐེངས་འདིར་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་ལ་སྔོན་ཆོད་ནང་བཞིན་ཆད་ལྷག་མེད་པར་ཤོག
ཡ་བྲང་གཡུ་འབྲུག་གིས།
 
 
Re:ཤར་རྫའི་གསུང་འབུམ་དཔར་སྐྲུན་ལེགས་གྲུབ་ཀྱི་གནས་འཕྲིན།
[ 2011/12/12 22:36:04 | By: palzom2011 ]
 
palzom2011སྐུ་མཆོག་གངས་དཀར་ལྷུན་པོའི་ལྟོ་བ་ནས། །འཁྲུངས་པའི་ཐུགས་གསང་ཟླ་བའི་གུར་ཁང་གི །གསུང་མཆོག་མན་ངག་ཆར་གྱི་ཟེགས་མ་འབུམ། །གཅིག་ཏུ་སྦམ་པ་རིན་ཆེན་གཏེར་གྱི་མཛོད། །ཕྱོགས་ཀྱི་ལོག་རྟོག་མུན་པའི་ཁུང་བུ་དག །དམིགས་མེད་ཡེ་ཤེས་དབྱིངས་སུ་རྒྱས་བཏབ་ཅིང་། །རང་གསལ་ཤེས་རབ་སྒྲོན་མེའི་འོད་སྟོང་འབུམ། །མཐའ་མེད་འགྲོ་ལ་སེམས་ཀྱི་དཔྱིད་དུ་སྟེར། །དེ་ལྟའི་རྣམ་འཕྲུལ་ལེགས་བཤད་བདུད་རྩིའི་བཅུད། །སྐལ་ལྡན་འཁོར་བ་སྒྲོལ་བའི་དམིག་བུ་རུ། །སྒོ་གསུམ་བྱི་དོར་གཟབ་པའི་གླེགས་བམ་གྲངས། །སླར་ཡང་ཞིང་འདིར་འདྲེན་པ་ངོ་མཚར་ཆེ། །དེ་ཕྱིར་ཐུགས་བསྐྱེད་རྒྱ་མཚོའི་རླབས་ཕྲེང་ལས། །ཕྲིན་ལས་གསུང་གི་གཅེས་མཛོད་ནོར་བུའི་ཕྲེང་། །ཟད་མེད་མིག་གི་དཔྱིད་དུ་སྤེལ་བ་ལ། །དགའ་སྤྲོའི་ཚིག་གི་མེ་ཏོག་ཚོམ་ཞིག་ཕུལ། །བཀྲ་ཤིས་བདེ་ལེགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.