བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
རང་རེ་ཁ་བ་གངས་ཅན་པའི་དེང་གི་འཚོ་བའི་ཁྲོད་དུ་མང་མང་གིས་སྡོམ་པ་ཤོར་ཟེར་བ་ནི་བུད་མེད་དང་ལུས་འབྲེལ་བྱས་པ་ཁོ་ནར་
གོ་བ་ལྟ་བུ་ལས་མི་དགེ་ལས་གཞན་ཅི་ཞིག་བྱས་ཀྱང་། སྡོམ་པ་ཤོར་བ་(བཀའ་ལོག་པ་)ཞིག་ཏུ་བརྩི་སྲོལ་མེད་པ་འདི་ནི་ངོ་མཚར་
མིན་པའི་ངོ་མཚར་ཞིག་ཅི་ལ་མིན། དེ་དང་འདྲ་བར་བརྩེ་དུང་ཞེས་པའི་ཐ་སྙད་དེ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་མ་ཐག་ལམ་སང་ཕོ་མོའི་
བར་གྱི་འདོད་བརྩེ་ཁོ་ནར་ངོས་འཛིན་པ་ནི་ཤིན་ཏུ་གུ་དོག་པའི་ལྟ་ཚུལ་ཞིག་ཡིན་པར་སྙམ་སྟེ།དོན་དམ་དུ་ཕོ་མོའི་བར་གྱི་བརྩེ་དུང་དང་།
དེ་བཞིན། དགེ་སློབ་བར་གྱི་བརྩེ་དུང་། སློབ་གྲོགས་བར་གྱི་བརྩེ་དུང་། གཉེན་ཉེའི་བར་གྱི་བརྩེ་དུང་། དཔོན་གཡོག་བར་གྱི་བརྩེ་དུང་།
ཕ་ཡུལ་གཅིག་པའི་བརྩེ་དུང་། མི་རིགས་བར་གྱི་བརྩེ་དུང་། བྱོལ་སོང་དང་མིའི་བར་གྱི་བརྩེ་དུང་། བྱོལ་སོང་དང་བྱོལ་སོང་བར་གྱི་
བརྩེ་དུང་སོགས་བརྩེ་དུང་ལའང་རིགས་མི་འདྲ་བ་དུ་མ་ཞིག་ཡོད་ལ། དེར་འགྲེལ་བརྗོད་བྱེད་སྟངས་ཀྱང་མང་པོ་ཡོད་མོད་སྤྱིའི་ཆ་ནས་
ཁ་ཕྱོགས་གཅིག་ཏུ་གནས། གུས་པས་བརྩེ་དུང་ཟེར་བ་ནི་ལྷག་བསམ་རྣམ་དག་གི་བལ་ལས་གྲུབ་པའི་དགའ་བྱམས་བཀུར་གསུམ་གྱི་སྐུད་པ་
གཅིག་ཏུ་སྒྲིམ་པའི་མཛའ་མཐུན་གྱི་གྲུ་གུ་ཞིག་སྟེ་མདོར་ན་བདག་གཞན་མཉམ་བརྗེའི་ཀུན་སློང་གི་དཀྱིལ་འཁོར་ཆེན་པའི་ནང་གི་གྲུ་ཟུར་
ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།གཤམ་དུ་དེ་འབྲེལ་གྱི་པར་རིས་གསལ་བཤད་ཅན་ཁ་ཤས་ཟིན་ཀློག་པ་རྣམ་པའི་སྤྱན་སྔར་འབུལ་
རྒྱུ་ཡིན་ཞིང་དེ་དག་ལ་ཞིབ་པར་གཟིགས་རྗེས་བརྩེ་དུང་ཞེས་པར་ངེས་ཤེས་ཆེ་རུ་འགྲོ་ནའང་ཐང་།
1 བཀྲེས་ལྟོགས་ཀྱིས་མནར་བའི་དོམ་མ་ལ་མི་སེམས་བཟང་འདིས་ཟས་སྟེར་བར་དོམ་ཕྲུག་གིས་དྲིན་གཟོའི་རྣམ་པས་འཐམ་འཁྱུད་བྱེད་པ།
ཁོང་གིས་ཁྱི་འདི་སྤྱི་ལོ་ཉིས་སྟོང་གསུམ་ལོར་གསོས་པ་དང་ལོ་གཉིས་ཀྱི་མཚམས་ནས་བོར་འདུག དེ་ནས་ལོ་བདུན་གྱི་རྗེས་སུ་གཞི་ནས་
ཁྲོམ་ལམ་ཞིག་ཏུ་འཕྲད་མ་ཐག་ཁྱིས་བདག་པོ་ངོ་ཤེས་ཏེ་མིག་ཆུ་བཏང་བས་བདག་པོ་ཡང་རང་དབང་མེད་པར་ངུ་ཤོར་བ།
ལྔ་པའི་ཚེས་བཅུ་བདུན་ཉིན། གོས་ཧྲུལ་གྱོན་ཞིང་འཁར་བ་བཟུང་བའི་སྤྲང་པོ་ཞིག་གིས་ས་ཡོམ་ཞལ་འདེབས་སུ་སྐར་ལི་དང་མོར་ཙག་
རེ་རེ་བཞིན་ཞལ་འདེབས་སློང་སྒམ་ནང་དུ་བཅུག་བཞིན་པ།
4
ཨ་མ་བོར་བའི་སྤྲེའུ་དྭ་ཕྲུག་འདིས་ཕུག་རོན་དཀར་པོར་དགའ་བརྩེ་ངང་འཐམ་ན་ཡང་།
ཕུག་རོན་འདིར་དངངས་འཚུབ་མེད་པར་ཞི་དུལ་གྱིས་སྤྲེའུ་ཕྲུག་གི་བརྩེ་དུང་དང་ལེན་བྱེད་པ།