ཧོར་སྦྲ་ཆེན་རྫོང་ནས་ཡིན་པའི་གླུ་བ་དཀོན་མཆོག་རྒྱལ་མཚན་ནི་ཆུང་ནས་གཡུང་དྲུང་བོན་གྱི་བསྟན་པ་དར་བའི་ལུང་པ་
ནས་འཚར་ལོངས་བྱུང་བ་ཞིག་ཡིན་པར་བརྟེན། གཡུང་དྲུང་བོན་གྱི་བསྟན་པ་ལ་དད་མོས་ཏི་སེ་གངས་ལྟར་བརྟན་ལ།།
ལྷག་བསམ་མ་ཕམ་མཚོ་ལྟར་གཙང་བའི་གླུ་བ་ཞིག་ཆགས་འདུག སྐད་ངག་བདེ་ལ་བྱང་འབྲོག་གི་དམིགས་བསལ་དབྱངས་རྟ་
ལས་དྲངས་པའི་གླུ་གཞས་ཁག་ཅིག་གིས་ལོ་གཅིག་གཉིས་ཀྱི་གོང་ནས་མོས་ཕྱོགས་མཐུན་པའི་ཉན་པ་པོ་མང་པོའི་ཡིད་དབང་
བཀུགས་ཤིང་། དེ་དག་གི་འབོད་སྐུལ་འོག་ཉེ་བའི་ཆར་སྒེར་གྱི་གླུ་གཞས་ཆེད་སྒྲིག་གི་འོད་སྡེར་དཔར་དུ་སྐྲུན་འདུག་པ་དེའི་
གཞས་ཚིག་དེ་བོན་སྒོ་རྩོམ་སྒྲིག་པ་སྤུ་བླ་གཡུང་དྲུང་སྐལ་བཟང་ནས་མཛད་འདུག་ལ། ནང་དོན་ཕལ་ཆེར་གཡུང་དྲུང་བོན་
དང་འབྲེལ་འདུག་ཅིང་ལྟོས་བཅས་ཀྱིས་བཤད་ན་སྒེར་གྱི་བོན་གླུ་ཆེད་སྒྲིག་ཡག་གྲས་ཤིག་ཏུ་བརྩི་ཆོག་པར་སྙམ།
གླུ་གཞས་ཀྱི་དཀར་ཆག་གཤམ་གསལ།
༡ བསླུ་མེད་སྐྱབས་མཆོག་རྣམ་བཞི།
༢ སྤྲོ་བའི་སྨོན་ལམ་གྱིས་བརྒྱན་པའི་ཤིག་ཚིག
༣ གྲུབ་མཐའི་རྒྱལ་པོ་ཐེག་ཆེན་གཡུང་དྲུང་བོན།
༤ ཇི་འདྲའི་བསྐལ་པ་བཟང་པོ།
༥ ཧོར་སྦྲ་ཆེན་རྟོགས་ལྡན་རྣམ་གསུམ།
༦ རྒྱལ་སྲས་རིན་པོ་ཆེ།
༧ ཚད་མའི་ལུང་གིས་བསྔགས་པའི་དཔོན་གསས།
༨ ཐམས་ཅད་རྫོགས་སངས་རྒྱས་པའི་ཐབས་དམ་པ།
༩ ངས་སྤུན་ཟླ་ཚོ་ལ་དྲི་བ་ཞིག་འདྲི།
༡༠ ཕ་ཡུལ་སྦྲ་ཆེན་ཕྱུག་མོ་རྒྱང་ནས་དྲན་བྱུང་།
༡༡ གངས་ཕྲུག་གི་སྐྱོ་དབྱངས།
༡༢ དྲི་བའི་ཞོར་གྱི་དམ་བཅའ། བཅས་རེད་འདུག་པའོ།།