ཞང་བོད་རིག་གནས་ལ་ལྷག་པར་དགའ་བའི་སློབ་ཆེན་སློབ་མ་ཁག་ཅིག་གི་རེ་འདུན་བཞིན།
ཞིབ་འཇུག་སློབ་མ་གཡུང་དྲུང་བཀྲ་ཤིས་དང་གུས་པ་ཁྱུང་པོ་དཔལ་རྒྱལ་གཉིས་ཀྱིས་སྣེ་ཁྲིད་དེ།
གཟའ་ཕུར་བུའི་ཤེས་རིག་ཟབ་སྦྱོང་འཛིན་གྲྭ་ཞེས་པའི་བགྲོ་གླེང་གི་རྣམ་པའི་ཇ་སྟོན་ཡང་ནས་
ཡང་དུ་འཛོམས་ཏེ་བསྐལ་པ་ཡ་ཐོག་གི་ཞང་བོད་ལྗོངས་འདིའི་རིག་པའི་གནས་ཀྱི་རྟེན་གཞི་ཏེ།
གཡུང་དྲུང་བོན་གྱི་ཤེས་རིག་ནས་དེང་གི་ཆ་འཕྲིན་ཚན་རྩལ་གྱི་ཤེས་བྱའི་བར་གྱི་འཇུག་པའི་སྒོ་
དང་གནད་ཀྱི་འགག་གི་ཐད་ནས་བློ་རྩེ་གཅིག་གིས་སྒྲིམ་པའི་རིགས་པ་དང་། གླེང་སློང་གཉིས་
ཀྱིས་མོལ་བའི་བློ་སྐྱེད། དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་གཞི་བཅོལ་བའི་འཆད་ཁྲིད་བགྲོ་
གླེང་གི་རྒྱུན་ཞིག་ལོ་ངོ་གཉིས་ལྷག་གི་ཡར་སྔོན་ནས་ད་ལྟའི་བར་དུ་བསྐྱངས་པ་ཡིན་ལ། དེར་
འབྲས་བུ་ཡང་མི་དམན་པ་ཐོབ་པའི་ཚོར་སྣང་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། དེ་དག་གི་གྲས་
ནས་སློབ་མ་རིག་རྒོད་དགུ་ད་ལོ་སློབ་ཆེན་ཐོན་ནས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གི་ཐོག་ཏུ་དངོས་
སུ་བསྐྱོད་རྩིས་ཡོད་པའི་མཚམས་དེར། ཏག་ཏག་ལྷ་སའི་ཞོ་སྟོན་ཞེས་པའི་དུས་ཆེན་དེ་དང་ཁེལ་
བའི་ཁོང་ཚོར་བཀྲ་ཤིས་དགའ་སྐྱེལ་གྱི་བྱེད་སྒོ་དེ་ཡང་མཉམ་དུ་སྤེལ་བ་ཡིན།།
མཇུག་མཐར་ཁོང་ཚོ་ལས་གནས་གང་འདྲ་ཞིག་དང་བྱ་གཞག་ག་རེའི་ཐོག་ཏུ་སླེབས་ཀྱང་
སྔར་མུས་བཞིན་ཤེས་བྱ་རིག་པའི་གནས་ལ་སྤྲོ་བའི་བློ་མི་ལྡོག་པ་དང་། གང་བསམ་ལས་ལ་འབྲས་
བཟང་སྨིན་པའི་བཀྲ་ཤིས་སྨོན་འདུན་ལན་དགུ་གྱེར་རྒྱུ་ཡིན་ནོ།།
དེ་སྔོན་སློབ་མ་ཚོས་བགྲོ་གླེང་ངམ་འཆད་ཁྲིད་ལ་བློ་རྩེ་གཅིག་སྒྲིམ་གྱིས་ཉན་བཞིན་པའི་ཟུར་ཞིག་གི་རྣམ་པ