ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2012/8/12 2:42:00 | By: ཁྱུང་པོ་དཔལ་རྒྱལ། ]
 

          ལོ་ན་22ཡིན་པའི་བོད་རིགས་ན་ཆུང་མ་ཆོས་དབྱིངས་སྐྱིད་ད་ལོ་དབྱིན་ཇིའི་

གྲོང་ཁྱེར་ལོན་ཏོན་དུ་སྤེལ་བའི་ཨོ་རྩལ་འགྲན་ཚོགས་ནང་དུ་ཚུད་པས་ལོ་རྒྱུས་ཐོག་གི་

ཆེས་ཐོག་མའི་བོད་རིགས་ཨོ་རྩལ་འགྲན་ཞུགས་པར་གྱུར་པ་མ་ཟད་འཛམ་གླིང་ཐོག་གི་

རྒྱལ་ཁབ་མང་པོ་ནས་ཡོང་བའི་ལུས་རྩལ་པ་དྲུག་ཅུ་ལྷག་ཙམ་དང་མཉམ་དུ་སྤྱི་ལེ་༢༠ཡི་

བར་ཐག་ལ་འགྲོས་རྒྱུགས་竞走དོ་ནུབ་འགྲན་སོང་ལ།       རྒྱུགས་པའི་སྐབས་སུ་

ལུས་རྩལ་པ་གཞན་དང་མི་འདྲ་བར་ཞལ་རས་འཛུམ་གྱིས་ཁེངས་ཏེ་བོད་ཀྱི་བུ་མོའི་ཁྱད་

ཆོས་མངོན་པར་གསལ་བས།   དཔྱད་བརྗོད་པ་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་ཅི་དགར་

མཆོད་སོང་།  ཡང་སྒོས་སུ་སྤྱི་ལེ་༢༠སར་ཆུ་ཚོད་1:25:16ཡི་དུས་ཡུན་ནང་རྒྱུགས་པས་

ཨེ་ཤེ་ཡའི་གླིང་ཆེན་ཐོག་གི་ལོ་རྒྱུས་ཟིན་ཐོ་ལས་བརྒལ་འདུག་ལ།    འཛམ་གླིང་གི་བུད་

མེད་འགྲོས་རྒྱུགས་ཨང་གསུམ་པ་སྟེ་ཟངས་ཀྱི་རྟགས་མ་ཐོབ་ཅིང་ཨང་དང་པོ་ལེན་མཁན་

ཨུ་རུ་སུའི་ལུས་རྩལ་པ་རྒན་གྲས་དེ་དང་སྐར་ཆ་༡༤ཡི་ཁྱད་པར་མ་གཏོགས་མེད་པ་སོགས་

ཀྱིས་མཚོན་པའི་གྲུབ་འབྲས་བཟང་པོ་དེ་དག་ཐོབ་པར་གུས་པ་དགའ་ཆག་ཆོད་ནས་མཚན་

མོའི་ཆུ་ཚོད་གཉིས་པར་འགྲན་བསྡུར་ཚར་བ་དང་ཆབས་ཅིག་དེ་དོན་ཐད་ཀར་འདིར་བྲིས་པའོ།། 

 
 
Re:འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2013/6/28 10:28:45 | By: དཔལ་ལ་སྟོད་དིང་རི་བ་(སྐུ་མགྲོན) ]
 
དཔལ་ལ་སྟོད་དིང་རི་བ་(སྐུ་མགྲོན)ངོ་མ་དཔེ་མི་སྲིད་ཡག་པོ་རེད་ཡ་ ཁྱེད་ནི་གདོང་དམར་བའི་སྤོབས་པ་ གངས་ཅན་ལུས་རྩལ་བའི་མིག་དཔེ་ ཁྱེད་ལ་ཤེས་མེད་ཀྱི་སྦྲང་བུ་ངས་སྙིང་དབུས་ནས་གུས་དད་དང་བཅས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུའོ་
 
 
Re:འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2012/9/15 17:00:30 | By: སྐུ་མགྲོན་Imd5GS(སྐུ་མགྲོན) ]
 
སྐུ་མགྲོན་Imd5GS(སྐུ་མགྲོན)ཁ་ཡག་ངོ་གདོང་འཛུམ་མདངས་ཤིག་སེ་ཉམས་སྣང་དགའ་མོ་བོད་པའི་རང་གཤིས་འཛམ་གླིང་ཡོངས་ལ་དགའ་སྟོན་བཤམས། རྟ་མཆོག་འགྲོས་མའི་བང་རྩལ་ངོམས་དུས་མི་གྲང་དུ་མའི་རྒྱུག་འགྲན་གྲལ་ལས་ཨང་རྟགས་གསུམ་པའི་མཚོན་བྱེད་བླང། གངས་དཀར་སེམས་ཀྱིས་ལུས་གཟུགསཟིན་པའི་གདོང་དམར་སྡེ་བའི་ཚོགས་པ་དེ་ནས་འགྲན་སྡུར་ཆེན་མོར་སྔོན་ཐོན་པ། མཛངས་མའི་སྐྱེས་མ་ཆོས་དབྱིངས་སྐྱིད་ཀྱི་བྱ་བཞག་རེ་འབྲས་བར་ཆད་གེགས་མེད་མི་འགྱང་མྱུར་དུ་སྨིན་པར་ཤོགས།།
 
 
Re:བཀའ་དྲིན་ཆེའོ།།
[ 2012/9/4 11:57:22 | By: སྐུ་མགྲོན་ptk8NB(སྐུ་མགྲོན) ]
 
སྐུ་མགྲོན་ptk8NB(སྐུ་མགྲོན)བཀྲ་ཤིས་བདེ་ལེགས།
 
 
Re:འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2012/8/15 14:44:37 | By: སྐུ་མགྲོན་0GWj0N(སྐུ་མགྲོན) ]
 
སྐུ་མགྲོན་0GWj0N(སྐུ་མགྲོན)བཀྲ་ཤིས་བདེ་ལེགས།
 
 
Re:འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2012/8/14 21:43:57 | By: danzengyixi ]
 
danzengyixi


བཀླག་ཡོད། ངས་ཀྱང་བོད་མོ་ཆོས་དབྱིངས་སྐྱིད་ལ་སེམས་ཚོར་ཅིག་བྲིས་ཡོད། ཧེ་ཧེ་་་་་་་་་་་་
ལྷ་གཡག་དར་མས།
 
 
Re:འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2012/8/14 20:14:19 | By: སྐུ་མགྲོན་2JAm1Q(སྐུ་མགྲོན) ]
 
སྐུ་མགྲོན་2JAm1Q(སྐུ་མགྲོན)འཛམ་གླིང་འཛིན་མའི་ཁྱོན་འདིར་གོམས་རྩལ་གྱི་ལྡེམ་མྱུར་ལ་བརྟེན་ནས་ཟངས་ཀྱི་རྟགས་མ་ཐོབ་མཁན་གངས་རིའི་གཅེས་ཕྲུག་མ་ཆོས་དབྱིངས་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ། གཅེས་ཕྲུག་མ་ཁྱེད་ཀྱི་བྱ་བ་ལམ་འགྲོ་ཡོང་བ་དང་བྷ་ར་ཟིའི་ཨོ་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་སྟེང་ཁྱེད་ལ་གསེར་གྱི་རྟགས་མ་ཐོབ་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད། གཅེས་ཕྲུག་མ་ཁྱེད་ལ་ནད་མེད་ཚེ་རིང་ཡོང་བ་དང་ཁྱེད་རང་གི་ནང་མི་ལྷན་རྒྱས་ལ་ཁྱེད་རང་འདི་ལྟ་བུ་གངས་ཅན་བོད་མིའི་ཕྲུག་མ་སྐྱེད་སྲིང་བྱས་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། ཁྱེད་ཚང་གི་ཨ་ཁུ་ལ་དེ་བས་ཀྱང་བཀའ་དྲིན་ཆེ་ཞེས་གུས་འདུད་དང་བཅས། རྔོག་དཔྲལ་ཡངས་ནས།
 
 
Re:འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2012/8/13 21:19:31 | By: སྐུ་མགྲོན་INEp27(སྐུ་མགྲོན) ]
 
སྐུ་མགྲོན་INEp27(སྐུ་མགྲོན)ཁོང་གི་རྣམ་འགྱུར་ལ་གཅིག་བལྟོས་དང་། ངོ་མ་བོད་པའི་ལྷད་མེད་དྭངས་གཙང་གི་རྣམ་འགྱུར་དེ་རང་རེད་འདུག
བཀྲ་ཤིས། ཁ་གྲོ། ལོ་བརྒྱ།
དངོས་གནས་སེམས་ཧ་ཅང་དགའ་བྱུང་།
ལོ་བཞིའི་རྗེས་ཀྱི་སྐབས་རྗེས་མར་གསེར་གྱི་རྟགས་མ་ཐོབ་པ་ཤོག
ལྷ་སའི་འབྲོག་པས།།

 
 
Re:འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2012/8/13 14:21:38 | By: boncute ]
 
boncuteབཀྲ་ཤིས་བདེ་ལེགས་ཞུ། མ་འོངས་པར་མོའི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
 
 
Re:འཛམ་གླིང་དུ་ཁྱབ་ངེས་པའི་གསར་འགྱུར།
[ 2012/8/12 14:25:47 | By: zhongsong ]
 
zhongsongབཀྲ་ཤིས་བདེ་ལེགས་ལོས་ཞུ། མ་འོངས་པར་མོའི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.