ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/10/29 0:23:00 | By: ཁྱུང་པོ་དཔལ་རྒྱལ། ]
 

  ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ་རྒྱ་མཚོ་ནོར་བུ་དབུས་པའི་སྟོན་འཁོར་ཡོངས་ནས་མཁའ་ཁྱབ་

འགྲོ་ཀུན་སྒྲིབ་སྦྱོང་ཚོགས་གཉིས་རྫོགས་པ་དང་།  མི་མཐུན་འགལ་རྐྱེན་དང་དུག་ལྔའི་ནད་ཡམས

འཇོམས་ཤིང་དགའ་བདེ་ཕུན་ཚོགས་ཀྱི་གནས་ལ་འགོད་པའི་ཕྱིར་དུ་ད་བར།     བདུད་རྩི་སྨན་གྱི་

སྒྲུབ་ཆེན་འཚོགས་ཐེངས་བཀྲ་ཤིས་རྟགས་ཀྱི་གྲངས་དང་མཉམ་ཡོད་ལ།        ཡང་སྒོས་སུ་ཉེ་ཆར་

དགོན་འདིའི་འཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་ཕྱི་ཁྱམས་ནང་རྟེན་དང་བཅས་

པ་ལེགས་གྲུབ་བྱུང་བའི་བྱིན་འབེབས་དགའ་སྟོན་དང་ཆབས་གཅིག   བླ་གྲྭ་ལྔ་བརྒྱ་ལྷག་ཙམ་གྱིས་

ལྔ་བརྒྱ་དུས་སྙིགས་ཀྱི་གཉེན་པོ་རུ་རྟེན་འབྲེལ་མ་བསྒྲིག་རང་འགྲིག་གི་སྒོ་ནས་ཉིན་ཞག་ཞེ་གཉིས་

ཀྱི་རིང་ལ་མི་གཙང་ཤ་ཁྲག་སྤངས་བའི་སྒོ་ནས་སྐབས་བརྒྱད་པའི་ཡི་དམ་ཁྲོ་ཕུར་གཉིས་ཀྱི་དཀྱིལ་

འཁོར་ཞལ་ཕྱེས་ཏེ་སྤྱི་སྤུངས་རིན་པོ་ཆེ་བསྒྲགས་པ་སྐོར་གསུམ་གྱི་ལས་ཚོགས་བདུད་རྩི་འོད་ཟེར་

ཆེན་མོའི་ཆོ་གའི་ཕྱག་ལེན་དཔལ་རྒྱལ་བ་སྨན་རི་བའི་ལུགས་འཁྲུལ་མེད་དུ་བསྐྱངས་བས་ལྷ་མི་

ཀུན་ལ་ཟད་པ་མེད་པའི་དགའ་བདེ་འཕེལ་བར་གདའ་འོ།།

བདུད་རྩི་སྨན་སྦྱོར་གནང་བཞིན་པའི་གཤེན་གྱི་རྒྱུད་འཛིན་རྣམ་པ།

ཞལ་གདམས་གསེར་གྱི་ཞུན་མ་ཅི་དགར་ཇོ་སའི་བོན་གྱི་སེར་སྐྱའི་འདུ་ར།


གསང་མཆོག་དབང་ཆེན་བསྐུར་ཞིང་བདུད་རྩི་སྨན་གྱི་འགྱེད་གྲལ།

 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/12/17 8:40:17 | By: སྐུ་མགྲོན་LPgs3V(སྐུ་མགྲོན) ]
 
སྐུ་མགྲོན་LPgs3V(སྐུ་མགྲོན)ས་ཐ་ལ་ཡོད་པས་བུ་ངའི་སྒྲུབ་ཆེན་གི་དབང་མ་རག་ཕམ་པོ་བྱུང་།།
 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/11/3 20:38:00 | By: སྐུ་མགྲོན་0HXj0N(སྐུ་མགྲོན) ]
 
སྐུ་མགྲོན་0HXj0N(སྐུ་མགྲོན)Everybody congratulation it is wonderful celebration
and when I saw this pictures I am surprise and glad.
 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/11/2 22:14:30 | By: སྐུ་མགྲོན་138Kco(སྐུ་མགྲོན) ]
 
སྐུ་མགྲོན་138Kco(སྐུ་མགྲོན)ཤིན་ཏུ་ལེགས་པོ་འདུག་ བཀྲ་ཤིས་བདེ་ལེགས།
ཤེར་འོད་ནས།
 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/10/31 20:43:40 | By: སྐུ་མགྲོན་1HXk05(སྐུ་མགྲོན) ]
 
སྐུ་མགྲོན་1HXk05(སྐུ་མགྲོན)གཡུང་དྲུང་བོན་བསྟན་རྒྱས་པའི་ལྷ་རྒྱལ་ལོ།
དྲུང་ཤེར་ནས།
 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/10/30 15:12:56 | By: སྐུ་མགྲོན་q7MXp0(སྐུ་མགྲོན) ]
 
སྐུ་མགྲོན་q7MXp0(སྐུ་མགྲོན)ཧ་ཅང་གྲ་འགྲིག་པོ་འདུག་།།ངོ་འཚར་ཆེན་པོ་འདུག་།།སོར་ནས་
 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/10/29 17:36:49 | By: yongzhou ]
 
yongzhouརྗེས་སུ་ཡིད་རངས་ཡོད།
 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/10/29 13:27:48 | By: སྐུ་མགྲོན་1iy4DP(སྐུ་མགྲོན) ]
 
སྐུ་མགྲོན་1iy4DP(སྐུ་མགྲོན)ཤིན་ཏུ་ལེགས་པོ་འདུག་ཐུགས་རྗེ་ཆེ་
 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/10/29 12:42:35 | By: monlam ]
 
monlamབསྟན་འཛིན་སྐྱེས་བུ་རྣམ་པའི་སྐུ་ཚེ་བརྟན་ཅིང་བསྟན་སྦྱིན་མང་ཚོགས་ཡོངས་ཀྱི་བསམ་དོན་འགྲུབ་པ་དང་། རྒྱལ་གཤེན་བསྟན་པ་རིན་པོ་ཆེ་ནུབ་མེད་སྲིད་མཐར་བརྟན་པའི་སྨོན་འདུན་གྲངས་མེས་ཞུ།
 
 
Re:སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་
[ 2011/10/29 8:37:01 | By: liam ]
 
liamལེགས་སོ་ལེགས་སོ་རབ་ཏུ་ལེགས། །
བདུད་རྩི་སྨན་གྱི་སྒྲུབ་མཆོད་ལེགས། །
མི་མཐུན་འགལ་རྐྱེན་བཟློག་ནས་ཀྱང་། །
འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ཤོག །
 
 
Re:ཁ་བྱང་བྲིས་མེད
[ 2011/10/29 0:57:15 | By: སྐུ་མགྲོན་OSj7MY(སྐུ་མགྲོན) ]
 
སྐུ་མགྲོན་OSj7MY(སྐུ་མགྲོན)སྨན་གྱི་སྒྲུབ་བ་ཆེན་མོའི་གནས་ཚུལ་སྙིང་བསྡུས་པར་རིས་དང་བཅས་པ་དགའ་བའི་དཔྱིད་དང་མིག་གི་རྒྱན་དུ་བཤམས་གནང་བར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ། སྤྱི་སྤུངས་པས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.