ཉེ་ཆར་དགེ་བཤེས་ཉི་མ་ཕུན་ཚོགས་ལགས་ཀྱིས་རང་སྐྱོན་ངོས་ལེན་གནང་བའི་འོད་སྡེར་
དངོས་སུ་འགྲེམ་སྤེལ་གནང་འདུག ཞིབ་ཕྲ་མཁྱེན་འདོད་ན་འོད་སྡེར་ལ་གཟིགས་ན་བཟང་
བར་སྙམ་པས་འདིར་མང་པོ་མི་ཞུ་རྒྱུ་མིན། ངེས་པར་དུ་གླེང་དགོས་པ་ཞིག་ལ་ཁོང་གིས་ཀླད་
རྙིང་མཁྲེགས་བཟུང་དང་ཨུ་ཚུགས་སྲ་འཛིན་མེད་པར་རང་སྐྱོན་ངོས་ལེན་གནང་མ་མ་ཟད།
ཁ་དན་ཚིག་གནས་ཀྱིས་འོད་སྡེར་ནང་ནས་སྟོན་མཆོག་གཤེན་རབ་མི་བོར་དཔང་དུ་བཙུགས་
ཤིང་ལག་གཉིས་ཐལ་མོ་སྦྱར་ནས་འགྱོད་བཤགས་ནན་གྱིས་གནང་ཚུལ་ཏེ་ཁོང་གི་སྤྱོད་བཟང་
དེ་དག་ལ་གུས་པ་ཡི་རངས་ཤིན་ཏུ་ཆེན་པོ་སྐྱེས་བྱུང་། དེ་ནི་བོན་གཤེན་རྣམ་པས་བདེན་པ་
བདར་བའི་འབྲས་བུ་ཞིག་དང་། བན་བོན་མཐུན་སྒྲིལ་ཡོང་བའི་སྔ་ལྟས་ཡིན་ལ། དགེ་བཤེས་
ཁོང་ཡང་ངེས་དོན་གྱི་བཤེས་གཉེན་ཞིག་ཡིན་པའི་དན་རྟགས་རེད། མི་ཚང་མས་ཁོང་ལྟ་བུ་
རང་སྐྱོན་གྱི་ངོས་ཟིན་མཁན་ཤ་སྟག་ཡིན་ན། ཅི་འདྲའི་མི་དགའ་བམ། དེས་ན་ཕྲག་དོག་དང་།
ཕྱོགས་རིས། ང་རྒྱལ། ཞེ་སྡང་། ཁེངས་དྲེགས། ཚིག་རྩུབ། འཕྱ་སྨོད་སོགས་རང་བསྟོད་གཞན་
སྨད་དང་། མི་མཐུན་འཁྲུག་རྩོད་ཀྱི་མིང་ཙམ་ཡང་མེད་པར་འགྱུར་བར་གདོན་མི་ཟ་བས།
ཕྱིན་ཆད་ཀྱང་འདི་ལྟ་བུའི་མཐུན་སྒྲིལ་གྱི་མཚན་རྟགས་མངའ་ཞིང་། ནོར་འཁྲུལ་ལ་ནོར་འཁྲུལ་
དུ་ངོས་ཟིན་པའི་སྐྱེས་བུ་དཀྱིལ་ཡངས་བློ་རྒྱ་ཅན་ཇེ་མང་དུ་འགྲོ་བའི་སྨོན་འདུན་ཀྱང་ཞུའོ།།