ཁ་འབབ་བཞི་ཡི་བཞུར་རྒྱུན་དང་བསྡོངས་ནས་འཛམ་གླིང་ལ་
བརླན་གཤེར་རྒྱས་བཅུག་མྱོང་བའི་
ཞང་ཞུང་རིག་གནས།
ཁྱུང་པོ་དཔལ་རྒྱལ།
འཛམ་བུ་གླིང་གི་དབུ་ཡི་རྩེ་མོ། ས་ཡི་ལྟེ་བ། ཀུན་གྱི་གནས་མཆོག ཤེས་རིག་གི་འབྱུང་ཁུངས།
མཐོ་སྒང་གི་རྒྱན་དུ་གྱུར་ཅིང་ཁ་འབབ་བཞི་དང་དེའི་མ་མ་གནས་མཆོག་གངས་དཀར་ཏི་སེ་ནི་དེང་གི་
མངའ་རིས་སྤུ་ཧྲེངས་རྫོང་དུ་ཆགས་ཡོད་ཅིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་༦༧༡༤དང་བསྐོར་ཐག་
སྤྱི་ལེ་༥༢ཙམ་ཡོད་ཅིང་། གནས་མཆོག་འདི་ལ་ཀུན་གྱིས་གངས་རིན་པོ་ཆེ་ཞེས་གཡུང་དྲུང་བོན་དང་།
བཀའ་བརྒྱུད། དགེ་ལུགས་སོགས་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་གནས་ཆེན་ལ་བརྩིས་ཏེ་
སྒོམ་སྒྲུབ་ཉམས་ལེན་དང་ཕྱག་བསྐོར་བྱེད་སྲོལ་ཡོད་པ་མ་ཟད། ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་དབང་
ཕྱུག་པ་(ཙྼཔྀཌྡསྟཾ)དང་གཅེར་བུ་བ།(ཚཱིཾཁྱོོཀྩེཝུསྟཾ) ། རིག་བྱེད་པ།(ཀྟསྟཾ)སོགས་ཆོས་ལུགས་སྣ་ཚོགས་ཀྱིས་
གནས་མཆོག་ཞིག་ལ་བརྩི་སྲོལ་ཡོད། དེ་ལྟར་འཛམ་བུ་གླིང་པའི་དབུ་རྩེའི་ཅོད་པན་དུ་གྱུར་བའི་གངས་
རིན་པོ་ཆེ་ཆགས་པའི་མཐའ་འཁོར་ཏེ་ཞང་ཞུང་ཡུལ་འདི་ན་ཐོག་མར་རི་དྭགས་དང་འདབ་ཆགས་རྩི་ཤིང་
སོགས་ཕུན་སུམ་ཚོགས་པ་མ་ཟད། བགྲང་བྱ་ཁྲི་ཕྲག་མང་པོའི་སྔ་རོལ་ནས་འགྲོ་བ་མིའི་རིགས་ཀྱིས་ལག་
རྗེས་སྣ་ཚོགས་བཞག་ཅིང་ཡང་སྒོས་སུ་ཤེས་རིག་གི་མྱུ་གུ་བསྐྱངས་ཡོད། དེ་ལྟར་གོང་ཞུས་ལྟར་གདོད་མའི་
དུས་སུ་མིའི་རིགས་འདུས་སྡོད་བྱ་སའི་ཚོ་པའམ་རུ་སྡེ་ཁག་གི་མངའ་ཐང་ལ་འཕོ་འགྱུར་སྣ་ཚོགས་བྱུང་།
དཔེར་ན། མཚོ་བོད་མཐོ་སྒང་གི་ཡང་རྩེ་རུ་རིམ་བཞིན་ཞང་ཞུང་གི་རྒྱལ་ཁམས་ཆགས་པ་དང་། དེའི་
རྒྱལ་ཁོངས་སུ་སྒོ་ཕུགས་བར་གསུམ་དང་། ཁྲི་སྡེ་བརྒྱད་ཅུ། ཡུལ་ཆེན་བཅོ་བརྒྱད། རྫོང་བཞི་མཁར་ལྔ་
སོགས་ལ་བྱ་རུ་ཐོགས་པའི་རྒྱལ་པོ་བཅོ་བརྒྱད་ཀྱིས་གཙོས་ཞང་རྒྱལ་བཞི་བཅུ་ཡིས་དབང་སྒྱུར་བའི་ལོ་རྒྱུས་
དང་ལྷག་པར་དུ་ཞང་ཞུང་སྐབས་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་བ་མངའ་རིས་ཀྱི་ཁུལ་དེར་སྤྱི་ལོའི་སྔོན་གྱི་
ལོ་ཆིག་སྟོང་དགུ་བརྒྱ་བཅུ་མེད་བརྒྱད་དེ་ཤིང་བྱི་ལོར་ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་ལ་རྗེའི་སྐབས་སུ་གཤེན་
རབ་མི་ཆེ་ཡུལ་དེར་འཁྲུངས་པ་དང་། མཐོ་སྒང་འདིའི་ཤེས་རིག་ལ་སྔར་མེད་ཀྱི་ཡར་རྒྱས་ཕྱིན་ནས་འཕྲུལ་
ཡིག་བཞི་བཅུ་དང་གཡུང་དྲུང་བོན་བྱུང་བ་དང་། དཔེར་ན། སྒྲ་རིག་པ་ལས་སྒྲ་དང་ཚད་མ་ཞེས་ནང་
གསེས་གཉིས་སུ་དབྱེ་བ་ལས་སྒྲ་ལ་སྐད་རིགས་སུམ་བརྒྱ་དྲུག་ཅུའི་སྐད་འགྱུར་སོ་སོར་སྟོན་པའི་མདོ་དང་།
ཚད་མ་ལ་མཚན་ཉིད་སྡེ་ལྔ་དང་ཚད་མ་སྡེ་བདུན་སོགས་དང་། ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ་དང་།
སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་བཅས་འབུམ་སྡེ་ཆེན་མོ་གསུམ་གྱིས་མཚོན་པའི་
སྒྲ་དང་ཚད་མའི་གཞུང་མང་དུ་བྱུང་ལ། དེ་དག་རྨ་ལོ་དང་གཡུ་ལོ་གཉིས་ནས་གཉེར་དུ་བརྒྱུད་དེ་གཡས་
རུ་སྟོན་པ་བཅོ་བརྒྱད་སོགས་ཞང་བོད་ཀྱི་ཐོས་པ་དོན་གཉེར་བ་གྲངས་ལས་འདས་པ་ཞིག་གི་དགའ་སྟོན་
དུ་གྱུར་འདུག གཞན་ཡང་། ཕྱི་རིག་པ། བཟོ་རིག་པ་དང་། གསོ་བ་རིག་པ་སོགས་རིག་ཚན་ཁག་ཅིག་སྐོར་
གྱི་ལོ་རྒྱུས་གོང་དུ་ས་བཅད་དམིགས་སུ་བཀར་ཏེ་གླེང་ཟིན་པ་ལྟར་ཡིན། ནང་དོན་རིག་པ་ཐད་ནས་བཤད་
ན་ཉམས་སུ་བླང་བྱ་འདུལ་ཚུལ་གྱི་དབང་དུ་བྱས་ན་སྤང་ལམ་གཙོ་བོར་བསྟན་པ་ཕྱི་རྒྱུད། སྒྱུར་ལམ་གཙོ་
བོར་བསྟན་པ་ནང་རྒྱུད། གྲོལ་ལམ་གཙོ་བོར་བསྟན་པ་གསང་རྒྱུད་བཅས་མདོ་སྔགས་སེམས་གསུམ་མ་
འདུས་མེད་པར་གསུངས་ལ། གཞུང་ལུགས་འདི་དག་ནི་རིག་ཚན་ཀུན་གྱི་ནང་ནས་གཏིང་ཟབ་ཤོས་དང་
རྒྱ་ཆེ་ཤོས་ཤིག་ཏུ་སྣང་བས་ཉོན་མོངས་པའི་མཁྲིས་ནད་ཀྱིས་བཟུང་མེད་པའི་གང་ཟག་ཞིག་གི་ངོས་ནས་
བཤད་ན། རིག་པའི་གནས་ཀྱི་ཟས་སྣའི་ནང་ནས་འཚོ་བཅུད་ཆེ་ཤོས་ནི་ནང་དོན་རིག་པའི་མར་དཀར་
འདི་རེད་འདུག་ཀྱང་། འཇུ་ཐུབ་མཁན་དཀོན་ཤོས་སུ་མཐོང་བ་མ་ཟད།བདག་དུས་གཉིས་གང་ལ་གཞིགས་
ཀྱང་འཚམས་ཤིང་བབ་པོ་མི་འདུག་པས་ཞར་ཞོར་ལ་འདིའི་གྲུ་སྣེ་ཙམ་ལས་གླེང་རྒྱུ་མིན། དེ་ལྟར་གནའ་
བོའི་ཞང་བོད་ཀྱི་རིག་པའི་གནས་ཆེན་དེ་དག་ཞང་ཞུང་མཁས་པའི་རྒྱན་དྲུག་དང་མཁས་པ་མི་བཞི་སོགས་
ཀྱིས་ཡུལ་གྲུ་གང་སར་ཁྱབ་སྤེལ་མཛད་པར་བརྟེན་ད་ལྟའི་བར་དུ་ས་ཕྱོགས་མང་པོ་ཞིག་ནས་ཞང་ཞུང་
རིག་གནས་དང་འབྲེལ་བའི་རྒྱུན་རིང་ཞིང་རིན་ཐང་ཆེ་བའི་དཔྱད་གཞིའི་རྒྱུ་ཆ་མི་ཉུང་བ་ཞིག་མཐོང་རྒྱུ་
ཡོད་ལ། མདོར་ན་སྔར་ཞང་བོད་མཐོ་སྒང་དུ་རིག་པའི་གནས་ཆེན་ལྔ་ཤིན་ཏུ་དར་བས་སྐབས་དེ་དུས་ཡུལ་
གྲུ་འདི་ནི་ཨེ་ཤ་ཡའི་ས་རིག་གི་ལྟེ་གནས་དང་འབྱུང་ཁུངས་ལྟ་བུ་ཞིག་ཏུ་གྱུར།འཛམ་གླིང་ཤར་ནུབ་གང་
ཞིག་ཏུ་ཡིན་རུང་དེ་དག་གི་རིག་གནས་ནི་ཡུལ་གྲུ་དེའི་ཆུ་བོ་ཆེན་པོ་ཞིག་མ་འབྲེལ་བ་མེད་པ་སྟེ། འཛམ་
གླིང་ཐོག་ཆེས་གྲགས་པ་ཆེ་བའི་གནའ་བོའི་ཨེ་ཅིབ་(ངྭི“དྱཱོ)ཀྱི་ཤེས་རིག་གི་འབྱུང་གནས་ཀྱང་ནེའུ་རོའོ་
ཆུ་བོ་(ཤྱེརྱཉྩུ)ཡིན་པ་བཞིན། ཞང་བོད་ཀྱི་རིག་གནས་འདི་ཡང་ཆུ་ཕུགས་གངས་དཀར་ཏི་སེ་ནས་བཞུར་
བའི་ཁ་འབབ་བཞི་ཡི་རླབས་རྒྱུན་དང་འགྲོགས་ཏེ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཡོད་པ་སྟེ། རྒྱ་གར་
བའི་གནའ་བོའི་རིག་གནས་ནི་ཞང་ཞུང་སྒོ་པའི་ཕུགས་པ་གངས་རིན་པོ་ཆེ་ནས་བཞུར་བའི་གླང་ཆེན་ཁ་
འབབ་སྟེ་ཆུ་བོ་གང་ག་ཡིས་བསྐྱེད་པ་ཞིག་ཡིན་པ་མཁས་དབང་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད། འོན་
ཀྱང་རྒྱ་གར་བ་ལ་ལས་ཁོ་ཚོའི་གནའ་བོའི་རིག་གནས་ནི་ཆུ་བོ་གང་གཱས་བསྐྱེད་པ་མིན་པར་རྒྱ་གར་གྱི་ཆུ་
\བོས་(lndus River)བསྐྱེད་པ་ཡིན་ཟེར་མཁན་ཡོད་ཀྱང་། རྒྱ་གར་ཆུ་བོ་ཡང་གངས་ཏི་སེ་ནས་
བབས་པའི་སེང་གེ་ཁ་འབབ་ལས་མ་འདས་ཏེ།སེང་གེ་ཁ་འབབ་ནི་གངས་ཏི་སེ་དང་མཚོ་མ་པང་གཉིས་ཀྱི་
བྱང་ནས་ཀ་སྨིར་དང་པ་ཀི་སི་ཐན་བརྒྱུད་དེ་ཧིན་རྡུ་རྒྱ་མཚོར་འབབ་ལ་སྤྱིའི་རིང་ཚད་ལ་སྤྱི་ལེ་༣༠༠༠ཙམ་
ཡོད་ཅིང་། རྒྱ་གར་གྱི་ས་ཁོངས་སུ་སླེབས་པའི་ཚེ་ཆུ་བོ་འདིར་Ÿརྒྱ་གར་ཆུ་བོ་(lndusRiverཟེར་།
དེ་ལྟར་གླིང་ཆེན་ཨེ་ཤ་ཡའི་རིག་གནས་འབྱུང་རྩ་ལྟ་བུར་ཆགས་པའི་རྒྱ་གར་བའི་རིག་གནས་
དང་ཚེ་སྲོག་གི་འབྱུང་ཁུངས་ཡིན་པའི་ཆུ་ཀླུང་གི་ཕུགས་དེ་ཞང་བོད་མཐོ་སྒང་འདིར་ཐུག་ཡོད། གཞན་ཡང་
གནའ་བོའི་ཨེ་ཤ་ཡའི་དར་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་གི་རིག་གནས་ཀྱང་རྨ་ཆུ་དང་འབྲི་ཆུ་ཡིས་བསྐྱེད་
པར་འཛམ་གླིང་ཡོངས་ཀྱི་ངོས་འཛིན་ཐ་མི་དད། ཆུ་བོ་ཆེན་པོ་དེ་གཉིས་ལས་རྨ་ཆུ་(ཏྠཱཉྩུནི་མགོ་ལོག་རྨ་སྟོད་
རྫོང་བ་ཡན་ཧ་རིའི་རི་ཞོལ་ནས་བྱུང་སྟེ་རིམ་བཞིན་ཀན་སུའུ་སོགས་བྱང་ཤར་གྱི་ལྗོངས་དང་ཞིང་ཆེན་བརྒྱད་
བརྒྱུད་དེ་མཐར་ཧྲན་ཏུང་ཞིང་ཆེན་ནས་པོའེ་ཧེ་རྒྱ་མཚོར་འབབ་པ་དང་། ཀྲུང་གོའི་ནང་ཁུལ་དུ་འབབ་པའི་
ཆུ་ཆེན་ཨང་དང་པོ་བཅས་ཡིན་པའི་འབྲི་ཆུ་ (སྟནཱོཾ) ནི་ཡུལ་ཤུལ་འབྲི་སྟོད་རྫོང་ནས་བྱུང་སྟེ་རིམ་བཞིན་ཟི་
ཁྲོན་སོགས་ལྗོངས་དང་ཞིང་ཆེན་དགུ་བརྒྱུད་དེ་མཐར་ཧྲང་ཧའེ་གྲོང་ཁྱེར་ནས་ཤར་རྒྱ་མཚོ་ཆེན་པོར་འབབ་
པས། རྨ་ཆུ་ཡིས་རྒྱ་ནག་གི་བྱང་ཤར་དང་འབྲི་ཆུ་ཡིས་ལྷོ་ནུབ་ཁུལ་གྱི་རིག་གནས་དང་ཚེ་སྲོག་བསྐྱེད་སྲིང་བྱས་
པ་ཀུན་ལ་གསལ་ཞིང་། མ་ཡུམ་ཆུ་བོ་(ལྦཱིཊྠཉྩུ)ཞེས་པའི་མཚན་གསོལ་ནས་ཀྱང་ཡུན་རིང་འགོར་བ་ལས་ཤེས་
ཐུབ་ལ། ད་ཆ་ཀྲུང་གོས་མ་ཡུམ་ཆུ་བོ་གསུམ་གྱི་འགོ་ཁུངས་སྲུང་སྐྱོབ་རབ་དང་རིམ་པ་སྤེལ་བཞིན་ཡོད་པའོ།།
╒རྒྱ་བོད་ཡིག་ཚང་╓ ཆེན་མོའི་ནང་དུ། Ÿ ས་མཐོ། རི་མང་། གངས་འཁྱག་ཆུ་བོ་
ཐམས་ཅད་འདི་ནས་ཕྱིར་མཐའ་རྣམས་སུ་འབབ་ཕྱིར། འདི་ཉིད་སའི་དབུས་ཡིན་པར་འདོད་དོ། ཞེས་གསལ་
བ་ལྟར། ཞང་བོད་ཀྱི་ཡུལ་གྲུ་ནི་གླིང་ཆེན་ཨེ་ཤ་ཡའ(ངྠིམྲཻཆུ་མཛོད་ལྟ་བུ་ཡིན་པ་མ་ཟད། འཛམ་གླིང་སྟེང་
ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཤིག་ཀྱང་ཡིན། (འདིར་བསྟན་པའི་ཆུ་ནི་བ་ཚའི་དྲི་དང་བྲལ་བའི་
འཐུང་རུང་བའི་ཆུ་ཡིན་) དཔེར་ན། གངས་ཏི་སེ་ཕྱོགས་ནས་བཞུར་བའི་ཁ་འབབ་བཞི་དང་། ཡར་ཀླུང་
གཙང་པོ། རྩྭ་སྐྱ་གཙང་པོ། རྒྱལ་མོ་རྔུལ་ཆུ། རྫ་ཆུ་སོགས་དྲ་བ་དྲྭ་ཕྱེད་ལྟར་གྱི་ཆུ་བོ་དུ་མ་དང་། གནམ་
མཚོ་ཕྱུག་མོ་དང་། མ་ཕམ་(པང་)གཡུ་མཚོ། ཡར་འབྲོག་གཡུ་མཚོ་སོགས་བསྡོམས་རྩིས་བྱས་པ་ལྟར་ན་
ཞང་བོད་ཡུལ་གྱི་མཚོ་དང་མཚེའུ་ཡི་ཁ་གྲངས་སྟོང་ཕྲག་ཕྱེད་གཉིས་ལས་བརྒལ་ཡོད་པར་གྲགས་སོ།
གཞན་ཡང་སྤྱི་ལོ་༢༠༠༤ལོའི་དབྱར་ཁར་ཟི་ཁྲོན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་ཚན་ཁག་དང་
བོད་ལྗོངས་རིག་དངོས་ཅུས་གཉིས་ཀྱིས་མཉམ་འབྲེལ་ཐོག་གླང་ཆེན་ཁ་འབབ་རྒྱུག་ཁུལ་གྱི་སྟོད་རྒྱུད་དུ་ཟླ་བ་
གཅིག་ཙམ་གྱི་རིང་ལ་རྟོག་ཞིབ་བྱས་པ་བརྒྱུད། བསྟན་འབྱུང་ལོ་རྒྱུས་ཁག་གི་ནང་ལས་གསུངས་པ་ལྟར་ཧ་
ལས་འོས་པ་ཞིག་ལ་ཞང་ཞུང་གི་རྒྱལ་ས་ཁྱུང་ལུང་དངུལ་མཁར་གྱི་མཁར་ཤུལ་རྙེད་ཡོད་པ་རེད། དེ་ཡང་
ཁྱུང་ལུང་མཁར་གདོང་ཞེས་པའི་རི་སྣ་དེའི་བྱང་ནས་འབབ་པའི་ཆུ་ནག་ཆུ་དང་། ལྷོ་ཕྱོགས་ནས་བཞུར་བའི་
ཆུ་དཀར་ཆུ། ཤར་ཕྱོགས་ནས་འབབ་པའི་གླང་ཆེན་ཁ་འབབ་བཅས་གཙང་པོ་གཅིག་དང་ཆུ་བོ་གཉིས་
འཛོམས་སའི་ཆུ་སུམ་མདོ་ཞེས་འབོད་པའི་བྱང་ངོས་ཀྱི་རི་སྣ་དེའི་རྩེ་མོར་མཁར་གདོང་གནའ་ཤུལ་མང་ཙམ་
མཆིས་ཤིང་། མཁར་གདོང་གི་ཉེ་འཁོར་ནས་རྡོ་ཆས་ཆིག་སྟོང་ལྷག་ཙམ་རྙེད་པ་དེ་ཚོ་ལོ་ངོ་དྲུག་སྟོང་ཡས་
མས་ཕྱིན་པའི་ཚོད་དཔག་གནང་འདུག མཁར་གདོང་གནའ་ཤུལ་དུ་ཨང་རྟགས་བཀོད་པའི་གནའ་བོའི་བཟོ་
བཀོད་དང་ལྕགས་རི་སོགས་ལ་རྣམ་གྲངས་མི་འདྲ་བ་བརྒྱ་དང་ཉི་ཤུ་ཙམ་ཟིན་ཡོད་པ་དང་། གནའ་ཤུལ་ཁྱབ་
ཁོངས་ཀྱི་རྒྱ་ཁྱོན་ཡོངས་ལ་ཁ་གྲུ་བཞི་མ་ཁྲི་བཅུ་གསུམ་ལ་ཉེ་བ་དང་། བརྟག་དཔྱད་ཚོགས་པས་དབྱེ་ཞིབ་
བྱས་པ་བརྒྱུད། དེ་དག་གི་རྣམ་གྲངས་སུ་དམག་འཁྲུག་བཙན་འགོག་གི་བཟོ་བཀོད་དང་། སྡོད་ཁང་གི་བཟོ་
བཀོད། སྤྱི་པའི་བཀོལ་སྤྱོད་ཀྱི་བཟོ་བཀོད། མཆོད་འབུལ་གྱི་བཟོ་བཀོད། འཚོ་བའི་ཉེར་མཁོའི་བཟོ་བཀོད་
སོགས་རིགས་མི་འདྲ་བ་དུ་མར་ཕྱེས་གནང་འདུག དེ་དག་ནི་ལོ་རྒྱུས་དེབ་ཐེར་ནང་གི་ཞང་ཞུང་གི་རྫོང་
མཁར་ཆེན་པོ་ལྔའི་ཡ་གྱལ་ཁྱུང་ལུང་དངུལ་མཁར་ཞེས་པ་དེའི་མཁར་ཤུལ་ཡིན་པའི་ངོས་འཛིན་གནང་ཡོད་
པ་རེད།《བོད་རིག་པ་སྤྱི་བཤད་》ལས་ཀྱང་། སྔོན་ཚེ་ཞང་ཞུང་གི་ས་ཁོངས་ཏེ་ཤན་ཙ་(ཤེལ་ཚྭ་)རྫོང་སོགས་ནག་ཆུ་ས་ཁུལ་གྱི་ཡུལ་ལུང་ཁག་ཅིག་ནས་སྤྱི་ལོ་༡༩༧༨ལོར་སྲོག་ཆགས་ཀྱི་འགྱུར་རྡོ་མང་པོ་རྙེད་
པ་དེ་དག་ལ་བརྟག་དཔྱད་བྱས་པ་བརྒྱུད་ནས་མཐོ་སྒང་འདིར་སྲོག་ཆགས་གནས་སྡོད་བྱས་ནས་ད་བར་ལོ་ངོ་
ས་ཡ་ལས་བརྒལ་བའི་ངོས་འཛིན་བྱས་ཡོད་པ་མ་ཟད། སྤྱི་ལོ་༡༩༩༨ལོར་ཆབ་མདོ་ནས་མི་ཡི་རྐང་རྗེས་དང་
འགྱུར་རྡོ་མང་པོ་ཐོན་པ་དེ་དག་ལ་རྒྱའི་གནའ་རྫས་ཆེད་རམས་པ་རྣམས་ཀྱིས་ལོ་ངོ་དུང་ཕྱུར་གཅིག་ལྷག་གི་
ལོ་རྒྱུས་ཡོད་པ་གཏན་འཁེལ་བྱས་ཡོད། དེ་ལྟར་གངས་ལྗོངས་འདིར་འགྲོ་བ་མིའི་རིགས་བྱུང་ནས་ཧ་ལམ་
དེ་དག་དང་དུས་མཚུངས་ཙམ་ཡིན་པ་རྗེས་དཔག་བྱ་ཆོག་ལ། གནའ་བོའི་དུས་སུ་ཆོས་ལུགས་དང་རིག་གནས་
དར་ཁྱབ་ཆེ་ཤོས་ཀྱི་ཞང་ཞུང་ཕུགས་པ་མངའ་རིས་ཀྱི་ས་ཁུལ་འདི་དག་ལ་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀ་ཡག་
པོ་ཞིག་བྱེད་རྒྱུ་བྱུང་ན། བསམ་གྱིས་མི་ཁྱབ་པའི་གནའ་རྫས་མང་པོ་ཞིག་རྙེད་རྒྱུ་ཡོད་པ་གཞིར་བཅས། བོད་ཀྱི་
གནའ་བོའི་རིག་གནས་དང་ལོ་རྒྱུས་ཀྱི་ལྟ་ཚུལ་ལའང་འགྱུར་ལྡོག་ཆེན་པོ་ཞིག་ཡོང་ངེས་རེད་ཅེས་གསུངས་ཡོད། འགྲོ་བ་མིའི་རིགས་ཐོག་མར་འབྱུང་སའི་ས་ཚིགས་ཀྱི་སྐོར་ལ་འཛམ་བུ་གླིང་པའི་མཁས་དབང་མང་པོས་གནའ་
རྫས་དང་འགྱུར་རྡོ་མང་པོ་ཞིག་ལ་བརྟག་དཔྱད་ཞིབ་ཕྲ་གནང་བ་བརྒྱུད། གླིང་ཆེན་ཨེ་ཤེ་ཡ་དཀྱིལ་དབུས་སུ་
གནས་པའི་མཚོ་སྒང་མཐོ་སྒང་གི་ཉེ་འཁོར་ནི་འཛམ་བུ་གླིང་པའི་མེས་པོའམ་འགྲོ་བ་མིའི་རིགས་ཀྱི་ཐོག་མའི་
འབྱུང་ཁུངས་ཡིན་པའི་ཚོད་བགམ་ཡང་གནང་ཡོད། དེ་བཞིན་དུ་ལོ་ངོ་ཆིག་ཁྲི་ཡན་གྱི་མངའ་རིས་ཁུལ་གྱི་རུ་
ཐོག་དང་ནག་ཆུ་ནས་ཐོན་པའི་རིག་དངོས་དང་། ལོ་ངོ་ལྔ་ཁྲིའི་ཡན་གྱི་དིང་རི་རྫོང་ཁོངས་ཀྱི་རིག་དངོས་སོགས་
གནའ་བོའི་དུས་ཀྱི་ཞང་བོད་མཐོ་སྒང་འདིའི་རི་མོའི་གཙོས་པའི་རིག་དངོས་མང་པོ་ཞིག་བཙལ་རྙེད་བྱུང་བ་དེ་
དག་གི་ཐོག་ནས་བོད་ཀྱི་མེས་པོ་ཚོ་ཞང་བོད་མཐོ་སྒང་འདིར་འཚོ་སྡོད་བྱས་རིང་གི་གནས་ཚུལ་ལ་ཞིབ་འཇུག་
བྱ་རྒྱུར་གལ་ཆེན་རྒྱུ་ཆའི་རིན་ཐང་ལྡན་ལ། དེ་དག་ལས་ཞང་བོད་མཐོ་སྒང་འདིར་གཞིས་ཆགས་པའི་མེས་པོ་ཚོས་
རང་གི་བློ་རིག་དང་ཕྱག་ཟུང་ལ་བརྟེན་ནས། རིག་རྩལ་མང་པོ་ཞིག་གསར་གཏོད་བྱས་པ་མངོན་ཐུབ། རི་མོའམ་
རིག་དངོས་དེ་གྲས་ཁག་ཅིག་ད་ལྟའང་ང་ཚོའི་མིག་ལམ་དུ་ཡོད་ཅིང་དེ་དག་ལས་ཞང་བོད་མཐོ་སྒང་འདིར་
གནའ་བོའི་དུས་རབས་འགའ་ཞིག་ལ་ཨེ་ཤ་ཡའི་གླིང་ཆེན་ཙམ་མ་ཟད། སྐབས་དེའི་འཛམ་བུ་གླིང་པའི་ཐོག་ནས་
བཤད་ན། ཤེས་རིག་དང་། བསམ་བློ། དཔལ་འབྱོར། དམག་དོན། ཆབ་སྲིད། སྒྱུ་རྩལ་སོགས་ཀྱི་ཐད་ནས་ཆེས་
སྔོན་ཐོན་གྱི་གོམ་སྟབས་ཤིག་ཀྱང་བསྒྱུར་མྱོང་བའི་ཚོད་དཔག་བྱེད་ཐུབ་ལ། གནའ་བོའི་ཞང་ཞུང་ངམ་བོད་ཀྱི་ལོ་
རྒྱུས་དང་སྒྱུ་རྩལ་སོགས་ཕྱོགས་མང་པོའི་ཐད་ལ་ཞིབ་འཇུག་བྱེད་ཡུལ་གྱི་ལམ་བཟང་ཞིག་ཀྱང་ཡིན་ནོ། །།།