ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ། 
[ 2011/8/31 23:15:00 | By: ཁྱུང་པོ་དཔལ་རྒྱལ། ]
 

         ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ། 

 ཞྭ་དཀར་བསྟན་པའི་རིང་ལུགས་འཁྲུལ་མེད་དུ་སྐྱོང་བའི་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་ངམ་

ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ་༧རྒྱ་མཚོ་ནོར་བུའམ་འོད་ཟེར་སྦྱིན་པ་སྟོན་འཁོར་ཡོངས་ཀྱི་ཐུགས་བསྐྱེད་འབད་

བརྩོན་བླ་ན་མེད་པའི་འོག་རྒྱལ་བསྟན་འཁོར་ལོ་གསུམ་གྱི་བྱ་བ་ཕྱི་ནང་རིས་མེད་དུ་བསྐོར་བ་དང་། ལྷག་པར་དུ་

གདན་ས་ཆེན་མོ་འདིར་བཤད་སྒྲུབ་བསྟན་པའི་སྙིང་པོ་ཡར་ངོའི་ཟླ་བཞིན་རྒྱས་པའི་སྐབས་སུ། འབྲེལ་ཐོག་གཙོས་

པའི་མཁའ་ཁྱབ་འགྲོ་རྣམས་ཚོགས་རྫོགས་སྒྲིབ་སྦྱོང་གི་ཆེད་དུ་དམིགས་ཏེ།  གཅིག་ནས་གནས་བཞི་མཆོད་པའི་

འཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གསར་བཞེངས་གནང་བའི་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་

བར་དགའ་སྟོན་རྟེན་འབྲེལ་རབ་གནས་དང་། ཁྲོ་ཕུར་སྨན་སྒྲུབ་ཆེན་མོ་རྒྱས་འཚོགས་བྱ་རྒྱུ།གཉིས་ནས་སྲིད་པ་

རྒྱལ་མོ་གཙོས་བོན་སྐྱོང་རྣམས་ལ་འབུམ་ཚོགས་རྒྱས་འབུལ་དང་གསུམ་ནས་བཀའ་རབ་འབྱམས་པ་དགེ་བའི་

བཤེས་གཉེན་ཆེན་མོ་དང་། སྒྲུབ་ཐོན་རྣལ་འབྱོར་པའི་མཚན་རྟགས་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་རྒྱུ། བཞི་ནས་

ཡི་དམ་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཟབ་མོ་བསྐུར་རྒྱུ་དང་སྨན་སྒྲུབ་འབྱེད་རྒྱུ་བཅས་ཀྱི་བྱེད་སྒོ་སྤེལ་

རྒྱུ་ཡིན་ལ་དུས་ཚོད་ཞིབ་ཕྲ་ནི། ད་ལོ་སྟེ་བོད་རབ་བྱུང་༡༧པའི་ལྕགས་མོ་ཡོས་ལོའི་བོད་ཟླ་པའི་ཚེས་༡༡དང་།

སྤྱི་ལོ་༢༠༡༡ལོའི་ཟླ་བ་༡༠པའི་ཚེས་ཉིན་ནས་དབུ་འཛུགས་རྒྱུ་དང་།   སྤྱི་ཚེས་༢༠ཉིན་སྒྲུབ་ཐོན་རྣལ་འབྱོར་

དང་དགེ་བཤེས་གཏོང་བའི་མཛད་སྒོ་སྤེལ་རྒྱུ།     སྤྱི་ཚེས་༢༤ཉིན་གར་འཆམ་དང་། སྤྱི་ཚེས་༢༥ཉིན་མཁན་

སློབ་མངའ་གསོལ་དང་བོན་འཆད་རྒྱུ། སྤྱི་ཚེས་༢༦ཉིན་དབང་ཆེན་བསྐུར་ཞིང་བདུད་རྩི་སྨན་གྱི་འབྱེད་ཆེན་བྱ་

རྒྱུ་བཅས་མདོར་ན། ཁྱོན་ཉིན་བདུན་གསུམ་ཉེར་གཅིག་གི་རིང་ལ་སྨན་གྱི་སྒྲུབ་པ་ཆེན་མོའི་འབྲེལ་ཡོད་བྱེད་སྒོ་

སྤེལ་རྒྱུ་ཡིན་པས་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམ་དང་།  བསླབ་གསུམ་ནོར་གྱིས་ཕྱུག་པའི་དགེ་འདུན་པ།

  ཕྱི་ནང་རིས་མེད་ཀྱི་དད་སྦྱིན་ལྷ་སྡེ་རྣམ་པ་ཐམས་ཅད་དུས་ཐོག་ཏུ་ཕེབས་པར་དགའ་བསུ་ཞུ།།  །།

                               

                                        

                                          ཁྱུང་པོ་སྟེང་ཆེན་དགོན་དམངས་བདག་ཨུ་ལྷན་ནས།

                                                   སྤྱི་ལོ་༢༠༡༡ལོའི་ཟླ་བ་༩པའི་ཚེས་༡ཉིན་ཕུལ། 

 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/26 1:11:55 | By: སྐུ་མགྲོན་KOFr37(སྐུ་མགྲོན) ]
 
སྐུ་མགྲོན་KOFr37(སྐུ་མགྲོན)བསྟན་འཛིན་སྐྱེས་བུ་མི་ཡི་སེང་གེའི་ཞབས།
ས་ཕྱོགས་གར་བཞུགས་བསྟན་པ་གར་འཛིན་ཀྱང་།
གདུལ་བྱ་སྨིན་གྲོལ་ལམ་ལ་འཁོད་པ་དང་།
བར་ཆོད་མ་ལུས་ཡོངས་སུ་འགྱུར་ཅིག་།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/24 23:49:56 | By: XRWSXRWS ]
 
XRWSXRWSOK
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/23 21:13:52 | By: སྐུ་མགྲོན་u05Ctg(སྐུ་མགྲོན) ]
 
སྐུ་མགྲོན་u05Ctg(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/17 23:14:30 | By: སྔགས་འཆང་ཀུན་བཟང་བསྟ(སྐུ་མགྲོན) ]
 
སྔགས་འཆང་ཀུན་བཟང་བསྟ(སྐུ་མགྲོན)
ལྷག་བསམ་དཀར་བའི་དྲང་བདེན་ལོ་རྒྱུས་དང་།།
རིག་པས་དཔྱད་པའི་རྩོམ་རིག་མཁས་པའི་རྒྱན།།
བློ་གསལ་གཞོན་ནུའི་ལང་ཚོ་དར་བ་ཁྱོད།།
ཕུགས་བསམ་རེ་བ་དེ་བཞིན་འགྲུབ་པར་ཤོག།
སྔགས་འཆང་ཀུན་བཟང་བསྟན་འཛིན་ནས་
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/12 14:02:18 | By: སྐུ་མགྲོན་KPFr37(སྐུ་མགྲོན) ]
 
སྐུ་མགྲོན་KPFr37(སྐུ་མགྲོན)ཁྱུང་ཡུལ་རིག་པའི་དཔའ་བོ་ཚེ་རིང་དཔལ་རྒྱལ་ཁྱེད་ནི་ངོ་མ་ལྷག་བསམ་
བོན་ལ་ཆེས་དཀར་བའི་དད་ལྡན་གྱི་མི་ཞིག་རེད་ཁྱེད་ཀྱི་ ༧དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་སྤྱི་ལོ་༢༠༠༡༡ལོའི་ཟླ་ བ་༡༠པའི་ཚེས་༧ཉིན་ནས་དབུ་འཛུཊ་པའི་ན་བ་སོས་པར་ཤི་བ་སློང་
ནུས་པའི་སྨན་སྒྲུབ་བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་གྱི་མཛད་སྒོ་དེ་ཡི་
གདན་ཞུ་ཁ་གསལ་ལ་གོ་བདེ་བ་རྣམས་ཀྲུང་གོ་གློག་ཀླད་བོད་ཀྱི་དྲ་བ་
ཐོག་བཀོད་པ་ནི་འོ་ཅག་རིག་བཟང་འོད་གསལ་ལྷ་ལས་མཆེད་པའི་བོན་
འབངས་ཡོངས་ཀྱི་ཚབ་ཏུ་བདག་གིས་མ་བཅོས་སྙིང་དབུས་ནས་བཀའ་
དྲིན་ཆེ་ཞུ།། ཁྱུང་གཞིས་ཚང་གཡུང་དྲུང་སྙན་གྲགས་ནས་
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/9 18:24:51 | By: YZZX ]
 
YZZXཐུགས་རྗེ་ཆེ། བླ་མ་རྒྱ་མཚོ་རིན་པོ་ཆེ་ནི་གཡུང་དྲུང་བོན་གྱི་བསྟན་པའི་དགྲ་བླ་ཡིན་ལ། ཁྱུང་པོ་བསྟན་རྒྱས་གླིང་ནི་གཡུང་དྲུང་བོན་གྱི་བསྟན་པའི་བསྟི་གནས་བླ་ན་འཕགས་པ་ཞིག་ཡིན་པས་བསྟན་སྐྱོང་མཛད་རླབས་ཆེན་པོ་དེ་འདྲ་སྤེལ་རྒྱུའི་སྟ་གོན་བཟང་པོ་ལ་ཕྲན་གྱིས་སྙིང་དབུས་ནས་དགའ་འབོད་དང་རྗེས་སུ་ཡི་རངས་ཆེན་པོ་ཡོད་ཞུ་བ་ཡིན།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/8 17:39:56 | By: སྐུ་མགྲོན་8dt2WK(སྐུ་མགྲོན) ]
 
སྐུ་མགྲོན་8dt2WK(སྐུ་མགྲོན)བཀྲི་ཤིས་བདེ་ལེགས་ བྱ་བ་ཐམས་ཅད་ལརགས་འགྲུབ་ཡོང་བའི་སྨིན་འདུན་ཞུས་ཡིན་ནོ།། སྟེང་གྲྭ་རྣམ་རྒྱལ་ནས་
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/5 23:16:12 | By: དོལ་པོ་དགེ་བཤེས།(སྐུ་མགྲོན) ]
 
དོལ་པོ་དགེ་བཤེས།(སྐུ་མགྲོན)ཞྭ་དཀར་བསྟན་པའི་སྲོག་ཤིང་མཁན་པོ་རྒྱ་མཚོ་ནོར་བུ་གཙོས་
ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་བསྟན་དང་བསྟན་
འཛིན་ལྷ་སྡེ་མི་མངས་ཡོངས་ལ་འཚམས་འདྲི་ཞུ། འོང་ལ་ཉེ་
བའི་ལོ་ཡི་ནང་དུ་བྱ་རྒྱུའི་ལས་རིམ་རྣམས་གེགས་མེད་དུ་འགྲུབ་
པའི་སྨོན་ལམ་དང་མཐའ་དོན་མཁན་པོ་རྒྱ་མཚོ་ནོར་བུ་གཙོས་
ཁྱུང་ཡུལ་གྱི་བོན་འབངས་ལྷ་སྡེ་མི་སྡེ་རྣམས་ཀྱི་སྐུ་ཚེའི་རྒྱལ་
མཚན་བརྟན་པར་ཤོག དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མས།
ཁྱུང་པོ་དཔལ་རྒྱལ་མཆོག་ལ་དམིགས་བསལ་བོན་གྱི་སྐོར་བགྲོ་གླེང་
བྱ་འདོད་ཡོད་པས་བྱུང་ན་Email menrigeshe@yahoo.co.in
འདི་ཡི་རྒྱུད་ནས་འབྲེལ་བ་གནང་རོགས་ཞུ།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/3 21:04:20 | By: སྐུ་མགྲོན་1ix3CO(སྐུ་མགྲོན) ]
 
སྐུ་མགྲོན་1ix3CO(སྐུ་མགྲོན)ཐོག་མར་ཁྱུང་པོ་དཔལ་རྒྱལ་དང་ཁྱུང་དཀར་གླིང་གི་བླ་གྲྭ་ཡོངས་ལ་འཚམས་འདྲི་དང་བདེ་ལེགས་ཀྱི་ཁ་གཡང་ཡོད་པས་མི་ཚད། དམངས་བདག་ཡིན་ན"ཨུ་ཡོན"མིན་པར་གྲུབ་སྟེ་དམངས་གཙོའི་ལུགས་ལ"ཨུ་ཡོན"མེད་པ་མ་ཟད"ཨུ་ཡོན"ཞེས་པ་ནི་སྒེར་གཅོད་པའི་འཐུས་ཚབ་ཐ་སྙད་ཅིག་དང་རྒྱ་སྐད་གསར་བྱུང་ཐ་སྙད་ཅིག་ཡིན་པར་ང་རང་ཚོའི་དགོན་གྲོང་ཀུན་གྱིས་མཉམ་འཇོག་དགོས་པ་ཞིག་ཏུ་སྣང་སྟེ། བོད་གངས་རིའི་ལྗོངས་ཀྱི་སྡེ་ལྷ་སའི་གླིང་ནས་གྲོང་མཐའ་མའི་མི་སེར་དང་སྒར་ཆེན་པོ་གསེར་རྟ་བླ་རུང་ནས་དགོན་ཆུང་ཆུང་ཇོ་བཙུན་ཁ་ཤས་ཡན་གྱིས་ཁ་ནས་རླུང་ལྟར་འཕྱན་ལ་སྐད་བཞིན་རྗོད་པས་སོ།།
 ཡ་བྲང་གཡུ་འབྲུག་ཚེ་རིང་།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/3 19:22:02 | By: སྐུ་མགྲོན་1ix3CO(སྐུ་མགྲོན) ]
 
སྐུ་མགྲོན་1ix3CO(སྐུ་མགྲོན)ཐོག་མར་ཁྱུང་པོ་དཔལ་རྒྱལ་དང་ཁྱུང་དཀར་གླིང་གི་བླ་གྲྭ་ཡོངས་ལ་འཚམས་འདྲི་དང་བདེ་ལེགས་ཀྱི་ཁ་གཡང་ཡོད་པས་མི་ཚད། དམངས་བདག་ཡིན་ན"ཨུ་ཡོན"མིན་པར་གྲུབ་སྟེ་དམངས་གཙོའི་ལུགས་ལ"ཨུ་ཡོན"མེད་པ་མ་ཟད"ཨུ་ཡོན"ཞེས་པ་ནི་སྒེར་གཅོད་པའི་འཐུས་ཚབ་ཐ་སྙད་ཅིག་དང་རྒྱ་སྐད་གསར་བྱུང་ཐ་སྙད་ཅིག་ཡིན་པར་ང་རང་ཚོའི་དགོན་གྲོང་ཀུན་གྱིས་མཉམ་འཇོག་དགོས་པ་ཞིག་ཏུ་སྣང་སྟེ། བོད་གངས་རིའི་ལྗོངས་ཀྱི་སྡེ་ལྷ་སའི་གླིང་ནས་གྲོང་མཐའ་མའི་མི་སེར་དང་སྒར་ཆེན་པོ་གསེར་རྟ་བླ་རུང་ནས་དགོན་ཆུང་ཆུང་ཇོ་བཙུན་ཁ་ཤས་ཡན་གྱིས་ཁ་ནས་རླུང་ལྟར་འཕྱན་ལ་སྐད་བཞིན་རྗོད་པས་སོ།།
 
 
Re:ཁྱུང་པོ་སྟེང་ཆེན་དགོན་གྱི་བརྡ་ཐོ།
[ 2011/9/1 0:06:31 | By: palzom2011 ]
 
palzom2011གཡུང་དྲུང་བསྟན་པ་འཛིན་པའི་སྐྱེས་བུའི་ཚོགས། །གཡུང་དྲུང་ཞབས་པད་ཡུན་དུ་བརྟན་པ་དང་། །གཡུང་དྲུང་བོན་སྙིང་བཤད་སྒྲུབ་སྒོམ་པའི་སྡེས། །གཡུང་དྲུང་ས་ཆེན་ཡོངས་སུ་འགེངས་གྱུར་ཅིག །མགྲོན་འབོད་བཏང་གནང་བ་བཀའ་དྲིན་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.