ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སློབ་གྲོགས་ལ་བཅངས་པའི་བརྩེ་སེམས། | 2013/4/27 14:24:00

སློབ་གྲོགས་ལ་བཅངས་པའི་བརྩེ་སེམས།

 

ཚོགས་བསགས་དཔལ་ལས་དལ་དང་འབྱོར་བའི་རྟེན། །

ཅི་དགར་རྙེད་པའི་ལས་འཕྲོ་མཉམ་འཛོམས་ངང་། །

གྲོགས་ཀྱི་དྭངས་མ་ཁྱེད་རྣམས་བདག་ཡིད་ཀྱི། །

ལྷག་བསམ་གུར་ཁང་དབུས་སུ་ནམ་ཡང་ཡོད། །

 

གཤིས་འཇམ་བལ་གྱི་འདབ་མའི་སྦུབ་གསེང་ནས། །

ཡིད་འཕྲོག་ཚིག་གིས་དྲང་བདེན་སྟོན་མཁས་པའི། །

གཤིས་བཟང་ངུར་སྨྲིག་འཛིན་པའི་ཁྱུ་ཚོགས་ནི། །

ས་སྟེང་སྐྱེ་འགྲོ་སྟོང་གི་དཔལ་དུ་སེམས། །

 

ནང་དུ་བསླབ་ཁྲིམས་གཙང་མའི་བསུང་ཞིམ་འཐུལ། །

ཕྱི་རུ་ངུར་སྨྲིག་འཕུར་མའི་ན་བཟའ་མཛེས། །

ཁོང་དུ་ཐོས་བསམ་ཤེས་རབ་སྒྲོན་མེ་འབར། །

ལྷ་ཕྲུག་ཁྱོད་རྣམས་རྒྱལ་བ་མཉེས་པའི་རྫས། །

 

རིགས་པའི་ལམ་གྱི་གོམ་སྟབས་བསྒྱུར་བ་ལ། །

ཕྱྭ་ཡི་སྲས་ཀྱང་དོ་ཟླར་མི་འོས་པའི། །

སྐྱེས་སྦྱང་ཤེས་རབ་ཁོང་ནས་རྫོཌ་པའི་དཔལ། །

བློ་གསལ་ཁྱེད་རྣམས་སྨྲ་སེང་བཞད་པའི་ཡུལ། །

 

གཤིས་ལ་བཅོས་མའི་ཚུགས་ཀྱིས་མ་བསླད་ཅིང་། །

སེམས་ལ་གཡོ་སྒྱུའི་ཤུབས་ཀྱིས་མ་སྒྲིབ་པའི། །

རང་གཤིས་རྣལ་མའི་དེ་ཉིད་མངོན་གསལ་བའི། །

སློབ་གྲོགས་གང་དེ་བདག་སྙིང་གསལ་བའི་རྒྱན། །

 

ངུར་སྨྲིག་འདབ་མའི་ན་བཟའ་མཉམ་དུ་གོན། །

རིགས་པ་སྨྲ་བའི་མགྲིན་དབྱངས་མཉམ་དུ་འཐེན། །

ཐལ་ཕྱིར་སྒྲ་ཡིས་བློ་གྲོས་མཉམ་དུ་བསྲེ། །

དཔྱད་པ་གྲུང་པོས་མདུན་ལམ་མཉམ་དུ་འཚོལ། །

 

ལྕེ་རྩེ་ནར་དང་མགོ་བོ་ཞུམ་ཞུམ་སོགས། །

མི་བདེན་བརྫུ་བག་སྟོན་པའི་སྤྱོད་ལམ་ནས། །

གཡོ་གར་འཕྲུལ་གྱིས་ངོས་དགའ་ངོ་སྲུང་གིས། །

ཁྱོད་ཉིད་འགུ་བའི་འཁྲབ་སྟོན་མ་ཤེས་ཀྱང་། །

 

འཆད་རའི་རྩོད་སྦྱོང་བར་གྱི་དཔེ་ལྟ་དང་། །

རྒན་གྱི་ཞལ་ཁྲིད་འཚོགས་པའི་འདོན་མཆོད་སོགས། །

དགེ་བར་འབད་པའི་དུས་སྐབས་ནམ་ཚེས་སུ། །

ཁྱོད་ལ་ཕན་པའི་བདེན་སྨོན་ནམ་ཡང་འདེབས། །

 

༢༠༡༣༢༧ཉིན་དྲང་གིས་བྲིས།

 

 

 

Re:སློབ་གྲོགས་ལ་བཅངས་པའི་བརྩེ་སེམས། | 2013/5/18 20:06:37
སྐུ་མགྲོན་017Hx3(སྐུ་མགྲོན)གྲོགས་མཆེད་ལགས་ཀྱི་རྩོམ་ཉམས་ལྡན་པའི་རྩོམ་ཐུང་ཞིག་སྤེལ་བ་བཀའ་དྲིན་ཆེ་འམ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཚ་བའི་ཁྱུང་སེང་ནས།
གཤམ་དུ་བོན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
གྲོགས་ལགས་ཕེབས་པར་དགའ་བསུ་ཞུ།
རྩོམ་པ་པོ།:སྐུ་མགྲོན་017Hx3(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སློབ་གྲོགས་ལ་བཅངས་པའི་བརྩེ་སེམས། | 2013/4/28 14:47:29
སྐུ་མགྲོན་1jy4Dp(སྐུ་མགྲོན)དོན་ཉམས་ཅན་གྱི་རྩོམ་ལེགས་པོ་བྲིས་གནང་འདུག ཡི་རངས་ཞུ་བཞིན་ཡོད། ཁྱུང་གསེར་ཞུན་ནས།
རྩོམ་པ་པོ།:སྐུ་མགྲོན་1jy4Dp(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.